མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་ཏི་ཤ་ལཊ་ཀྱི་སྐུ་པར་ལག་སོན་བྱུང་།

བོད་ཀྱི་དུས་བབ།
༢༠༡༤/༠༡/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ ༢༠༠༨ ལོའི་རྔ་བའི་ཞི་རྒོལ་སྐབས་དམར་གསོད་བཏང་བའི་བོད་མི་ཨ་ཏི་ཤ་ལཊ་ཀྱི་སྐུ་པར་ཉེ་ལམ་འབྲེལ་ཡོད་བརྒྱུད་ཕྱི་ཕྱོཊ་སུ་འབྱོར་ཡོད།

ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་བོད་མདོ་སྨད་རྔ་བ་རྫོང་གི་ཁྲོམ་གཞུང་དུ་དགོན་སྡེ་ཁག་གི་གྲྭ་པ་རྣམས་ཀྱིས་སྣེ་འཁྲིད་དེ་རྔ་ཁོག་སྟོད་སྨད་བར་གསུམ་གྱི་སེར་སྐྱ་མི་མང་ ༡༠༠༠༠ ལྷག་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་སྐབས། ཉེན་རྟོག་པ་དང་དམག་མིས་མི་མང་ཁྲོད་གང་བྱུང་མེ་མདའ་བརྒྱབ་ཏེ་བོད་མི་མང་པོ་ཞིག་དམར་གསོད་བཏང་ཡོད་པ་ལྟར། སྐབས་དེའི་གནས་ཚུལ་དང་སྐུ་པར་ཁག་ཅིག་ཕྱི་ཕྱོགས་སུ་འབྱོར་ཐུབ་ཡོད་ཀྱང་། ས་གནས་ཀྱི་གནས་སྟངས་དང་འབྲེལ་ལམ་གྱི་དབང་གིས་བོད་མི་ཁག་ཅིག་གིས་གནས་ཚུལ་ཕྱི་ཕྱོགས་སུ་འབྱོར་ཐུབ་མེད་སྟབས། ཉེ་ལམ་འབྲེལ་ཡོད་བརྒྱུད་སྐབས་དེར་རྒྱ་གཞུང་གིས་རྔ་བ་རྫོང་མངགས་གཏོང་ཁང་གི་ཉེ་འཁྲིས་སུ་མེ་མདའ་བརྒྱབ་ཏེ་དམར་གསོད་བཏང་བའི་བོད་མི་ཨ་ཏི་ཤ་ལགས་ཀྱི་སྐུ་པར་ཕྱི་ཕྱོགས་སུ་བཏང་འབྱོར་བྱུང་ཡོད།

གྲྭ་གསུང་རབ་རྒྱ་མཚོ་ལགས་ཀྱིས་བརྗོད་པ་ལྟར་ན། རང་ལོ་ ༢༨ ཡིན་པའི་ཨ་ཏི་ཤ་ལགས་ནི། རྔ་སྟོད་སྒོ་མང་འཚོ་བ་དྲུག་གི་ཁོང་གཏོགས་སྔོ་ཤུལ་འཚོ་འདུ་སྒང་ནས་ཡིན་པ་དང་། ཕ་མིང་ལ་ཤེས་རབ་དང་མ་མིང་ལ་ཐང་གོ་ཞུ་བཞིན་ཡོད་འདུག་ལ། ཁོང་ཆུང་དུས་སྔོ་ཤུལ་དགོན་པའི་ནང་གྲྭ་བ་བྱས་ཏེ་ཕྱིས་སུ་སྐྱ་སར་བབས་ཡོད་འདུག ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡ ཡས་མས་སུ་ཁོང་རྫོང་ཐོག་ཏུ་ཕྱིན་སྟེ། རྔ་བ་རྫོང་གི་ཞི་བའི་ངོ་རྒོལ་ཁྲོད་མཉམ་ཞུགས་བྱེད་སྐབས་རྒྱ་གཞུང་ཉེན་རྟོག་དམག་མིས་མེ་མདའ་བརྒྱབ་ཏེ་འདས་གྲོངས་སུ་གྱུར་ཡོད་འདུག

གཞན། གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། དེ་རིང་ནས་བཟུང་བོད་ནང་གི་ས་ཆ་མང་པོར་དཔྱིད་གསར་དུས་ཆེན་རོལ་གྱིན་པའི་སྐབས་འདིར། རྔ་བ་སྒོ་མང་ལྷ་སྡེའི་ཁྱབ་ཁོངས་ཀྱི་ས་གནས་ཁག་གིས་རྒྱལ་གཅེས་དཔའ་བོ་ཞི་ཆུང་ལཊ་གཙོས་པའི་བསྟན་སྲིད་ཆེད་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད། ལོ་སར་སྐབས་གློག་མཆོད་དང་། ཁང་པར་ཚོན་རྩི་བྱུགས་པ། རྟ་རྒྱུགས་གཙོས་པའི་རྩེད་མོའི་རིཊ། ཕར་ཚུར་ལོ་སར་གྱི་འགྲོ་འོང་སོགས་མེད་པར་བཟོས་ཡོད་པ་མ་ཟད། རང་སར་ཁ་འདོན་དགེ་སྦྱོར་དང་བསྔོ་བ་སྨོན་ལམ་སོགས་གསུངས་ཏེ་བསྡད་ཡོད་འདུག་ལ། བོད་མི་མང་པོ་ཞིག་བླ་བྲང་བཀྲ་ཤིས་འཁྱིལ་སོགས་དགོན་སྡེ་དང་གནས་ཆེན་ཁག་ལ་མཆོད་མཇལ་དུ་འགྲོ་བཞིན་ཡོད་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese