མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་དང་རྒྱ་གར་གྱི་མཉམ་ལས།

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་གི་སྲིད་བློན་ཤིང་ཛ་ཨ་བྷེ་ལགས་རྒྱ་གར་དམངས་གཙོའི་དུས་དྲན་གྱི་སྐུ་མགྲོན་ཕེབས་ཏེ། རྒྱ་གར་སྲིད་བློན་དང་ཉིན་གསུམ་རིང་གྲོས་མོལ་བརྒྱུད་གྲོས་མཐུན་དོན་ཚན་ ༨ ཐོག་མིང་རྟགས་བཀོད་འདུག

ཉེ་ལམ་ཉི་ཧོང་གི་སྲིད་བློན་ཤིང་ཛ་ཨ་བྷེ་ལགས་རྒྱ་གར་གྱི་དམངས་གཙོའི་དུས་དྲན་ཐེངས་ ༦༥ ཡི་སྐུ་མགྲོན་གཙོ་བོར་ཕེབས་དེ་རིག་གཞུང་བརྗེ་ལེན་དང་ཡུལ་སྐོར། དམག་དོན། གུ་ཡངས་བུན་ལོན་སྤྲོད་ཕྱོགས། འཕྲོད་བསྟེན། དཔལ་འབྱོར། ཐབས་ཇུས། འཛུགས་སྐྲུན་སོགས་ཉི་ཧོང་གི་དངུལ་སྒོར་ཡཱན་ ( Yen ) ཐེར་འབུམ་ ༢༠༠ ལྷག་གི་གྲོས་མཐུན་དོན་ཚན་ ༨ ལ་མིང་རྟགས་བཀོད་ཡོད་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཆིན་ཀང་ (Qin Gang )གིས་རྒྱ་གར་དང་ཉི་ཧོང་ངོས་ནས་དམག་དོན་མཉམ་ལས་འཛུགས་སྐྲུན་ཐད་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཨེ་ཤ་ཡ་མངའ་ཁུལ་ནང་ཞི་བདེ་དང་བརྟན་བརླིང་གི་མིང་ཐོག་ནས་གྲོས་ཆོད་བཞག་ཡོད་ཀྱང་། ཨེ་ཤ་ཡའི་ནང་ཞི་བདེ་བརྟན་བརླིང་དང་། བདེ་འཇགས་སྐོར་ལ་ཨེ་ཤ་ཡ་མངའ་ཁུལ་གྱི་འབྲེལ་ཡོད་རྒྱལ་ཁབ་ཁག་དང་གོ་བསྡུར་སྦྱང་བཤད་མ་བྱས་པར་ཡོང་ཐབས་མེད་སྐོར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཨ་རིའི་གཞུང་གིས་ཀྱང་། ད་རེབ་རྒྱ་གར་གཞུང་གིས་ཉི་ཧོང་དང་འབྲེལ་ལམ་བཙུགས་པ་དེ་ནི། ཉེ་ལམ་ཨ་རིར་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་གི་ལས་བྱེད་བུད་མེད་ཅིག་གིས་ཁྲིམས་འགལ་ལས་ཀ་བྱས་པ་དང་བསྟུན་ཏེ་ཨ་རིའི་གཞུང་གིས་འཛིན་བཟུང་འདྲི་རྩད་བྱས་པ་དེར་རྒྱ་གར་གཞུང་ཁོང་ཁྲོ་ལངས་ཏེ་ལྡི་ལིའི་ཨ་རིའི་གཞུང་ཚབ་ཐོག་རྣམ་འགྱུར་མི་ལེགས་པ་བསྟན་པ་དང་། ལྡི་ལིར་ཡོད་པའི་དབྱིན་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་སའི་སློབ་གྲྭ་ཁག་ཅིག་ཡོད་པ་དེ་ཚོ་ཨ་རིའི་གཞུང་ཚབ་ལས་ཁང་དང་འབྲེལ་བ་ཡོད་ལུགས་ཀྱིས་ཉེས་འཛུགས་བྱས་པ་སོགས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། རྒྱ་གར་གྱིས་“ ཤར་ཕྱོགས་སུ་ལྟ་བ་ ” ཟེར་བའི་སྲིད་ཇུས་བཟུང་སྟེ་ཨ་རིར་འཁོན་ལན་སློག་གི་ཡོད་ལུགས་བརྗོད་འདུག

རྒྱ་གར་དང་ཉི་ཧོང་བར་གྱི་གྲོས་དོན་ཁག་ནི། དང་པོ། རྒྱ་ནག་གཞུང་གིས་འདས་ལོའི་ཟླ་ ༡༡ ཚེས་ ༢༣ ཉིན་ཞི་བདེ་རྒྱ་མཚོའི་མངའ་ཁུལ་མཚོ་གླིང་ཐོག་མཁའ་དབྱིངས་དབྱེ་མཚམས་ཐིག་ཚད་བཟོས་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཁའ་སྤྱོད་རང་དབང་ལ་རྡོག་རོལ་བཏང་བ་ཞིག་ཡིན་སྟབས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འོག་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དང་ཨེ་ཤ་ཡའི་བདེ་འཇགས་ལ་འགན་ཁུར་ནུས་པ་འདོན་སྤེལ་བྱ་རྒྱུ། གཉིས་པ། ཉི་ཧོང་གི་རྒྱལ་དོན་བདེ་འཇགས་ཆབ་སྲིད་ལྷན་ཁང་དང་རྒྱ་གར་གྱི་རྒྱལ་སྲུང་བདེ་འཇགས་སློབ་སྟོན་བར་འཆར་ཅན་གོ་བསྡུར་གྱིས་རྒྱལ་ཁབ་གཉིས་བར་གྱི་སྲིད་དོན་དང་བདེ་སྲུང་གི་བྱེད་སྒོ་ཁག་ཏུ་མཛའ་མཐུན་མཉམ་ལས་བྱས་ཏེ་ཨེ་ཤ་ཡའི་མངའ་ཁུལ་བདེ་འཇགས་ཐད་ནུས་པ་འདོན་རྒྱུ།

གསུམ་པ། ས་སྟེང་དང་གནམ་ཐོག་གཉིས་སྤྱོད་ཀྱི་གནམ་གྲུ་ (US-2 amphibian aircraft) ཞེས་པ་མཉམ་ལས་ཐོན་སྐྱེད་དང་། ད་ལོ་མཱ་ལཱ་བྷར་དང་ཞི་བདེ་རྒྱ་མཚོའི་ཐོག་རྒྱ་གར་གྱི་མཚོ་དམག་དང་ (Indian Navy ) དང་ཉི་ཧོང་གི་མཚོ་ཐོག་སྲུང་དམག་ཕན་ཚུན་དམག་སྦྱོང་དང་དམག་འཐབ་ཐད་རྒྱུས་ལོན་བྱས་ཏེ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་བདེ་འཇགས་སྐྲུན་རྒྱུ། བཞི་པ། ཉི་ཧོང་དང་རྒྱ་གར་གཉིས་ཀྱིས་ཕྱོགས་ཡོངས་ནས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱ་རྒྱུའི་སྔོན་འགོག་གྲོས་མཐུན་(Comprehensive Nuclear-Test-Ban Treaty) ཞེས་པར་རྒྱབ་སྐྱོར་བྱས་ཏེ་རྡུལ་ཕྲན་མཚོན་ཆ་ཉུང་འཕྲི་ཡོང་ཐབས་བྱ་རྒྱུ། ལྔ་པ། ཡུལ་སྐོར་སྤྲོ་འཆམ་ཐད་སྐོང་གིས་ཕན་ཚུན་ངོ་ཤེས་བྱས་ཏེ་མཛའ་མཐུན་མཉམ་ལས་ཀྱི་རྒྱལ་ཁབ་འཕེལ་རྒྱས་གཏོང་རྒྱུ། དྲུག་པ། ལྕགས་བཟོ་ལས་གྲྭ་རྒྱ་སྐྱེད་ཀྱིས་རྒྱལ་ཁབ་གཉིས་ཀྱི་འཕྲུལ་ལས་རྒྱུ་ཆ་མཁོ་སྒྲུབ་བྱས་ཏེ། ཡར་ཐོན་ཅན་གྱི་འཕྲུལ་ཆས་དང་ལག་རྩལ་མི་སྣ་གསོ་སྐྱོང་གིས་ལོ་རེར་ཨ་སྒོར་ཐེར་འབུམ་ ༢༥ ལྷག་གིས་ཚོང་འབྲེལ། རྒྱ་གར་ནང་ཉི་ཧོང་གི་ཁེ་ལས་ ༣༩༨༦ ཡོད་པའི་སྒང་ལ་ད་དུང་ཁེ་ལས་ ༡༠༠༠ ལྷག་འཕར་སྣོན་བྱ་རྒྱུ།

བདུན་པ། ཉི་ཧོང་ངོས་ནས་རྒྱ་གར་གྱི་འཛུགས་སྐྲུན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཡོང་ཐབས་ལ་རོགས་དངུལ་དང་སྐྱེད་ཆུང་དངུལ་བུན་ཨ་སྒོར་ཐེར་འབུམ་ ༣༦།༧ དང་། འདས་ལོའི་ཕྱི་ཟླ་ ༦ པར་རྒྱ་གར་ཨུ་དྷ་ར་ཁཱན་ཌི་ས་ཁུལ་དུ་ཆུ་ལོག་གོད་ཆགས་ཆེན་པོ་བྱུང་བའི་ནགས་ཚལ་གཅེས་སྐྱོང་ཐོག་ཉི་སྒོར་ཐེར་འབུམ་ ༡༡།༣༩༠། ལྡི་ལིའི་མྱུར་མགྱོགས་མེ་འཁོར་སྤུས་ཚད་མཐོ་རུ་གཏོང་རྒྱུའི་འཆར་ཟིན་གསུམ་པའི་ནང་གསེས་ ༢ པའི་ཐོག་ཉི་སྒོར་ཐེར་འབུམ་ ༡༤༨།༨༨༧། རྒྱ་གར་གྱི་ཆུ་དང་རླུང་། ཉི་འོད་སོགས་བསྐྱར་སྤྱོད་ཀྱིས་རང་བྱུང་ཐོན་ཁུངས་འཕེལ་རྒྱས་ཀྱི་ལས་གཞི་གཉིས་པར་ཉི་སྒོར་ཐེར་འབུམ་ ༢༠། གློག་ཤུགས་བཀོལ་སྤྱོད་གསོག་འཇོག་ཆེད་ཉི་སྒོར་ཐེར་འབུམ་ ༣༠ ལྷག་གི་དངུལ་བུན་དང་རོགས་དངུལ་སྤྲོད་རྒྱུ། བརྒྱད་པ། ཉི་ཧོང་ངོས་ནས་མ་རྡ་ར་སིར་ཡོད་པའི་བྱིས་པའི་ལྟ་སྐྱོང་ལྟེ་གནས་སྨན་ཁང་འཕེལ་རྒྱས་གཏོང་རྒྱུར་རོགས་དངུལ་ཉི་སྒོར་ཐེར་འབུམ་ ༡།༤༩༥ ། རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཁག་ལ་ཆུ་གློག་དང་སོ་ནམ་ཞིང་ལས། ནགས་ཚལ། གཞུང་ལམ་སོགས་འཛུགས་སྐྲུན་ཆེད་རོགས་དངུལ་ཨ་སྒོར་ཐེར་འབུམ་ ༣།༦༥ སྤྲོད་རྒྱུ་སོགས་ཡིན་འདུག

རྒྱ་གར་ཕྱི་སྲིད་དྲུང་ཆེ་ཟུར་པ་ཁཱེ་ཤཱན་ཁཱར་ལགས་ (K. Shankar Bajpai )ཀྱིས། “ང་ཚོས་ཉི་ཧོང་ཡག་པོ་ཡོང་ཐབས་ཀྱི་རེ་འདུན་འཆང་གི་ཡོད་པ་ལྟར། ཉི་ཧོང་ཕྱོགས་ནས་ཀྱང་རྒྱ་གར་དང་མཉམ་འབྲེལ་བརྒྱུད་ཡག་པོ་ཡོང་རྒྱུར་འབད་བརྩོན་ཞུ་བཞིན་ཡོད་སྟབས། རྒྱ་གཞུང་གིས་ཉི་ཧོང་དང་རྒྱ་གར་གྱི་མཛའ་འབྲེལ་དེ་ཉེན་ཁ་ཞིག་ལ་བརྩི་དགོས་དོན་མེད། གང་ཡིན་ཞེ་ན། ང་ཚོས་རྒྱ་ནག་གཞུང་དགྲ་བོར་བརྩིས་ཏེ་ཉི་ཧོང་དང་འབྲེལ་ལམ་བཙུགས་པ་ཞིག་མིན་ཡང་། ང་ཚོར་རྒྱ་ནག་གཞུང་གིས་དགྲ་བོར་བཟུང་སྟེ་ཁ་གཏད་ཅི་འདྲ་ལྕོག་མིན་སྐོར་ལ་རྟོག་ཞིབ་བྱ་རྒྱུའི་ཐོབ་ཐང་ཡོད་’’ཅེས་བརྗོད་འདུག རྒྱ་ནག་མི་དམངས་སློབ་གྲྭ་ཆེན་མོའི་ཤར་ཨེ་ཤ་ཡ་རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་ཧུང་ (Huang Dahui) ལགས་ཀྱིས། ཉི་ཧོང་གིས་ཨ་རི་དང་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཐབས་ལམ་འདྲ་མིན་བརྒྱུད་དེ་རྒྱ་ནག་དང་ཁ་གཏད་དུ་ལངས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་བྱེད་ཀྱི་ཡོད་ཀྱང་ཉི་ཧོང་གི་གཡོ་ཇུས་དེ་འབྱུང་འགྱུར་ཕམ་ཉེས་འགྲོ་ངེས་རེད་ཅེས་སོགས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། རྒྱ་གར་དང་ཉི་ཧོང་གི་འབྲེལ་ལམ་ནི་ཨེ་ཤ་ཡའི་བདེ་འཇགས་དང་བརྟན་བརླིང་སྲུང་སྐྱོབ་ཆེད་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་མཁན་ཞིག་ཆགས་ཡོད་སྟབས། ད་རེབ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེས་ཨེ་ཤ་ཡ་མངའ་ཁུལ་ནང་དབང་ཤུགས་དོ་མཉམ་ཡོང་རྒྱུར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་སྐོར་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese