མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྲོས་ཆོད་ལ་མིང་རྟཊ་འགོད་རྒྱུ་མིན།

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རི་དང་ཨབ་གྷན་བར་བདེ་འཇགས་མཉམ་ལས་སྐོར་ལ་གྲོས་ཆོད་ཅིག་བཞག་ཡོད་པ་དེར་ཨབ་གྷན་གཞུང་གིས་མ་འོངས་པར་བསྐྱར་སྣོལ་མིང་རྟགས་འགོད་རྒྱུ་མིན་ཚུལ་བརྗོད་པ་དེས་ཨ་རིའི་གཞུང་སེམས་འཚབ་ལ་གཏད།

ཁ་སང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་སྲིད་འཛིན་གཞོན་པ། རྒྱལ་དོན་དྲུང་ཆེ་ཇོན་ཁད་རེ། བདེ་སྲུང་དྲུང་ཆེ་ཧད་གྷིལ། གཞན་གནད་ཡོད་དམག་དཔོན་ཁག་ཅིག་བཅས་ཕོ་བྲང་དཀར་པོར་འཛོམས་ཏེ། ཨབ་གྷན་གྱི་སྲིད་འཛིན་གསར་རྙིང་ཇི་ལྟར་འཕོ་འགྱུར་ཕྱིན་ཡང་དེ་སྔ་ཨ་རི་དང་ཨབ་གྷན་ནི་སི་ཐན་བར་བཞག་པའི་བདེ་འཇགས་མཉམ་འབྲེལ་གྲོས་ཆོད་དེར་བསྐྱར་ནན་གྱི་མིང་རྟགས་འགོད་དགོས་ཚུལ་བརྗོད་ཡོད་པ་དང་། ཨ་རིའི་དམག་དཔུང་ཨབ་གྷན་ནང་མུ་མཐུད་གནས་སྡོད་བྱས་ཏེ་འཇིགས་སྐུལ་རིང་ལུགས་པར་རྒོལ་རྡུང་དང་། ཨབ་གྷན་གྱི་དམག་མི་དང་ཉེན་རྟོག་པ་ཚོར་དམག་སྦྱོང་སྤྲོད་པ་དང་མཚོན་ཆའི་རོགས་སྐྱོར་མུ་མཐུད་བྱེད་རྒྱུ་ཡིན་སྐོར་ལ་གྲོས་མོལ་བྱས་ཡོད་འདུག

ན་ནིང་ཕྱི་ཟླ་ ༡༡ པའི་ནང་ཨབ་གྷན་གྱི་སྲིད་འཛིན་ཁྰར་ཛེ་ (Hamid Karzai) ཡིས། འབྱུང་འགྱུར་ ༢༠༡༤ ལོའི་ཕྱི་ཟླ་ ༤ པའི་ནང་ཨབ་གྷན་མི་མང་ལ་འོས་བསྡུ་བྱས་པ་བརྒྱུད་བསྐོ་བཞག་བྱེད་འཆར་གྱི་སྲིད་འཛིན་གསར་བས། དེ་སྔ་ཨ་རི་དང་ལྷན་དུ་བདེ་འཇགས་མཉམ་འབྲེལ་སྐོར་ལ་གྲོས་ཆོད་བཞག་ཡོད་པ་དེར་མིང་རྟགས་འགོད་རྒྱུ་མིན་ཚུལ་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། དེ་སྔོན་ཨ་རིའི་དམག་དཔུང་གིས་འཛིན་བཟུང་བྱས་པའི་འཇིགས་སྐུལ་རིང་ལུགས་པ་ ༨༠ ལྷག་ལ་འདྲི་གཅོད་གང་ཡང་མ་བྱས་པར་ཀློད་གྲོལ་བཏང་བར་བརྟེན་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད།

 ཟླ་སྔོན་མའི་ནང་ནེའུ་ཡོག་དུས་བབ་ཐོག་གནས་ཚུལ་ཐོན་པར། སྲིད་འཛིན་ཁྰར་ཛེ་ཡིས་ཨ་རིའི་གཞུང་ལ་བཀའ་འདྲི་མ་ཞུས་པར་ཁ་ཆེ་གྲོང་ཁྱེར་ཌོ་བྷེ་ (Dubai) ཕེབས་ཏེ། ཊ་ལི་བྷན་འཇིགས་སྐུལ་ཚོགས་པ་དང་མཉམ་དུ་གསང་བའི་གྲོས་མོལ་བྱས་པའི་གནས་ཚུལ་ཐོན་སྟབས། ཨོ་བྷ་མ་གཞུང་གིས་ཨབ་གྷན་གཞུང་ལ་གནོན་ཤུགས་སྣ་ཚོགས་སྤྲད་དེ་སྲིད་འཛཱིན་ཁྰར་ཛེ་ཡིས་དེ་སྔའི་མཉམ་ལས་གྲོས་ཆོད་ལ་མིང་རྟགས་འགོད་དགོས་པ་ནན་བརྗོད་བྱས་ཡོད།

ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས། སྲིད་འཛིན་ཨོ་བྷ་མས་ ༢༠༡༤ ལོའི་རྗེས་ནས་ཨ་རིའི་དམག་མི་ཨབ་གྷན་ནས་ཕྱིར་འཐེན་བྱེད་དགོས་མིན་ཐག་གཅོད་བྱས་མེད་སྟབས། ཨབ་གྷན་གྱིས་གྲོས་ཆོད་ལ་མིང་རྟགས་མ་བཀོད་པར་ཐག་གཅོད་བྱེད་ཐབས་མེད། ཨབ་གྷན་གྱི་མགོ་ཁྲིད་ཚོས་གཟའ་འཁོར་འགའི་ནང་གང་མགྱོགས་མིང་རྟགས་འགོད་དགོས་པ་ལས་འགོར་འགྱངས་བྱེད་མི་ཆོག་ཚུལ་བརྗོད་འདུག

འོན་ཀྱང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་མད་ཀན་ (John McCain) གྱིས་ཨོ་བྷ་མ་སྲིད་གཞུང་གིས་ཨ་རིའི་དམག་མི་ཆ་ཚང་ཨབ་གྷན་ནས་གང་མགྱོགས་ཕྱིར་འཐེན་བྱ་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་ཡོད་སྟབས། སྲིད་འཛིན་ཁྰར་ཛེ་ཡིས་ཊ་ལི་བྷན་ཚོགས་པར་མཉམ་དུ་ཞི་མོལ་བྱེད་དགོས་བྱུང་བ་རེད། དེར་བརྟེན། སྲིད་འཛིན་ཨོ་བྷ་མའི་ལས་འཁུར་མ་རྫོགས་སྔོན་ལ་ཨ་རིའི་དམག་མི་ཕྱིར་འཐེན་བྱེད་རྒྱུར་བསམ་བློ་གཏོང་གི་ཡོད་ཚུལ་བརྗོད་ཡོད་འདུག

དམག་དོན་དབྱེ་ཞིབ་པ་ཚོས། སྲིད་འཛིན་ཁྰར་ཛེ་ཡིས་དེ་སྔའི་གྲོས་ཆོད་ལ་བསྐྱར་དུ་མིང་རྟགས་བཀོད་པ་ཡིན་ན། ཨབ་གྷན་ནང་བདེ་འཇགས་བརྟན་བརླིང་དང་དཔལ་འབྱོར་འཕེལ་རྒྱས་སོགས་ལ་ཁེ་ཕན་ཆེན་པོ་ཡོད་ཅེས་དང་། ཡང་ཁག་ཅིག་གིས་ཨ་རིའི་དམག་དཔུང་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཚོའི་དམག་མི་ཨབ་གྷན་ནང་མུ་མཐུད་བསྡད་ཚེ། ཨབ་གྷན་ནང་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་སྟེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་མི་མང་གི་འཚོ་བར་གྱོང་གུད་ཆེན་པོ་འཕོག་རྒྱུ་ཡིན་སྐོར་རྗོད་བཞིན་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

ཆུ་ཚོད་ ༡ སྔོན་ལ།
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥

མཆན། 1

  1. དཀར་ཆེན། says:
    ལོ་ 9 སྔོན།

    ངོ་མ་བདེན་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist