དེ་རིང་ངྷ་ས་མེག་གྷན་དུ་ ༢༠༡༤ ལོའི་ཁ་བ་ཐོག་མ་བབས་ཏེ་གནམ་གཤིས་གྲང་མོར་ཆགས་འདུག
ཉིན་འགའི་སྔོན་ནས་རྒྱ་གར་བྱང་ཕྱོགས་ཁུལ་གྱི་གནམ་གཤིས་དྲོད་གྲང་མར་ཆགས་ཏེ་ཁ་སང་ཕྱི་དྲོར་ནས་བཟུང་ངྷ་རམ་ས་ལའི་ངྷོ་ལ་རི་རྒྱུད་དུ་ཁ་བ་བབས་ཤིང་། མདང་དགོང་མེག་གྷན་དུ་ཆར་བ་བབས་པ་དང་། དེ་རིང་ཞོགས་པ་ནས་ཉིན་གུང་བར་མེག་གྷན་དང་ཇོ་གྷེ་བྰ་ར་བཅས་སུ་ཁ་བ་མཐུག་པོ་བབས་འདུག ཧི་མ་ཅལ་མངའ་སྡེའི་གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱིས་བརྗོད་པ་ལྟར་ན། དེ་རིང་ངྷ་སའི་གནམ་གཤིས་དྲོད་གྲང་ཀོར་ཐིག་ཡན་གྱི་གཉིས་ཡིན་པ་དང་། དགོང་མོར་དྲོད་གྲང་ཀོར་ཐིག་མན་གྱི་གྲངས་ ༧ ལ་ཆགས་རྒྱུ་ཡིན་འདུག་ལ། སང་ཉིན་ནས་ངྷ་ས་ཉེ་ཁུལ་གྱི་གནམ་གཤིས་ཇེ་འཁྱག་ཏུ་འགྲོ་རྒྱུ་ཡིན་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།