མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིཊ་རྫོང་དཔོན་ཞིག་ལ་ཞིབ་བཤེར།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་དུ་ནོར་སྲིད་སྒྲིག་ཁྲིམས་དང་འགལ་བའི་ཉེས་མིང་འོག་རྫོང་དཔོན་གཞོན་པ་སྒྲོལ་མ་མཚོ་ཟེར་བ་ཞིག་ལ་ཞིབ་བཤེར་བྱེད་ཀྱིན་ཡོད་འདུག

མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་སློབ་གསོ་ཁང་དང་འཕྲོད་བསྟེན་ལས་ཁུངས་དུ། ནོར་སྲིད་སྒྲིག་ཁྲིམས་དང་འགལ་བའི་ནག་ཉེས་ཚབས་ཆེན་བྱུང་བའི་ཉེས་མིང་འོག འབྲེལ་ཡོད་དཔོན་རིགས་སོགས་འབྲེལ་ཡོད་མི་སྣ་ ༣༥ ལ་ཉེས་ཆད་དང་ཁག་ཅིག་ལ་ཉེན་བརྡ་བཏང་ཡོད་པ་མ་ཟད། ཧི་ནན་རྫོང་གི་རྫོང་དཔོན་གཞོན་པ་སྒྲོལ་མ་མཚོ་ཟེར་བར་ཉེས་དོན་ཐོ་འགོད་བྱས་ཏེ་ཞིབ་བཤེར་བྱེད་བཞིན་ཡོད་ལུགས་བསྒྲགས་འདུག

དེ་རིང་རྒྱ་ནག་ཤིན་ཧྭ་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༠ ལོའི་ལོ་སྟོད་ནས་ ༢༠༡༣ ལོའི་ཕྱི་ཟླ་ ༣ བར་དུ། ཧི་ནན་རྫོང་ཁོངས་ཀྱི་སློབ་གྲྭ་ ༡༢ ལས་སློབ་གྲྭ་ཁག་ ༡༡ གིས་སློབ་མའི་རོགས་རམ་མ་དངུལ་དང་སྤྱི་དངུལ་རྒྱ་སྒོར་ས་ཡ་ལྔ་དང་འབུམ་གཅིག་ཁྲི་དགུ་ ༥༡༩༠༠༠༠ ལྷག་བེད་སྤྱོད་ལོག་པར་བཏང་ཡོད་པ་དང་། དེའི་ནང་ནས་སྒོར་ས་ཡ་གསུམ་འབུམ་གསུམ་ཁྲི་ལྔ་ལྷག་སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་གཞུང་གི་གྲོན་དངུལ་ཁ་གསབ་ཐད་བཀོལ་སྤྱོད་དང་། སྒོར་ས་ཡ་གཅིག་འབུམ་ལྔ་ཁྲི་དགུ་ཡིས་དགེ་རྒན་དང་ལས་བཟོ་བ་རྣམས་ལ་ཁེ་ཕན་བསྐྲུན་ཏེ། ཤུལ་དུ་སྒོར་འབུམ་ ༢ དང་ཁྲི་ལྔ་ལས་ལྷག་མེད་པ་དང་། དེ་བཞིན། ༢༠༡༡ ནས་ ༢༠༡༣ བར་ཧི་ནན་རྫོང་འཕྲོད་བསྟེན་ལས་ཁུངས་ཀྱིས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆེད་སྤྱོད་མ་དངུལ་དང་སྨན་རིན་ཁ་གསབ་མ་དངུལ་འབུམ་གཉིས་ཁྲི་ལྔ་ལྷག་འཕྲོད་བསྟེན་ཞབས་ཞུར་བེད་སྤྱོད་མ་བཏང་བར་དངུལ་མཛོད་བཙུགས་པ་དང་། ཧི་ནན་རྫོང་ཁོངས་ཀྱི་མཐོ་ཡས་མ་དང་སུམ་མདོ། ཡེ་རྒན་ཉིན། ཉིན་མཐའ། གསེར་ལུང་། ཁོའུ་སུན་བཅས་གྲོང་ཚོ་དང་གྲོང་རྡལ་ཁག་ ༦ གི་འཕྲོད་བསྟེན་ཁང་དག་གིས། འཕྲོད་བསྟེན་ཆེད་སྤྱོད་མ་དངུལ་འབུམ་གསུམ་ཁྲི་གཉིས་ཙམ་བེད་སྤྱོད་ལོག་པར་བཏང་བ་དང་སྒེར་ལ་བགོ་བཤའ་བརྒྱབ་པ། དངུལ་འཛིན་རྫུན་མ་བཟོས་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་ཡོད་པ་མ་ཟད། ཧི་ནན་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཁང་གི་མགོ་ཁྲིད་ལུའུ་ཁྲིན་ཡཱན་གྱིས་དབང་ཆ་སྒེར་སྤྱོད་ཀྱིས་སྤྱི་དངུལ་འབུམ་ལྔ་ཁྲི་གཉིས་ལྷག་དུས་ཡུན་རིང་པོར་གཞན་ལ་གཡར་བ་བཅས་ཤེས་རྟོགས་བྱུང་ཡོད་འདུག

གོང་གི་གནད་དོན་དེའི་ཐད་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། ཧི་ནན་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་སྡེ་ཚན་གཉིས་ཀྱིས་ལས་བྱེད་པའི་དོ་དམ་དབང་ཚད་ལྟར། ཧི་ནན་རྫོང་གི་རྫོང་དཔོན་གཞོན་པ་ལུ་གུ་དང་ཧེ་ཞན་ཡོན། རྫོང་དཔོན་གཞོན་པ་ན་ཁོ་བཅས་ལ་ཐ་ཚིག་བསྒྲགས་ཡོད་པ་མ་ཟད། རྫོང་དཔོན་གཞོན་པ་སྒྲོལ་མ་མཚོ་ལ་ཉེས་དོན་ཐོ་འགོད་ཀྱིས་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཧི་ནན་རྫོང་སློབ་གསོ་ཁང་གི་མགོ་ཁྲིད་ཟུར་པ་རྒྱ་ཁོ་ལ་ཏང་ནང་ཁུལ་ནས་ལོ་གཅིག་ལ་ལྟ་རྟོག་དང་། རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་ཁྲིད་གཞོན་པའི་གོ་གནས་ནས་གནས་དབྱུང་གཏོང་རྒྱུ། ཧི་ནན་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཁང་གི་མགོ་ཁྲིད་ཏུའུ་ཀོ་ཇེ་ཏང་ནང་ནས་གནས་དབྱུང་གཏོང་བར་ཉེན་བརྡ་ནན་པོ་བཏང་བ་དང་ཆབས་ཅིག སྲིད་འཛིན་ལས་གནས་ནས་ཕྱིར་འཕུད་བཏང་བ་བཅས་ཀྱི་ཉེས་ཆད་བཅད་ཡོད་ལུགས་ཕྱིར་བསྒྲགས་བྱས་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༡༨ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

ཆུ་ཚོད་ ༢༡ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༢༡ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༢༣ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

༢༠༢༦/༠༤/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese