མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྨད་སྤྱི་འཐུས་གཅིག་གི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས།

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་སྤྱི་འཐུས་གཅིག་གི་སྔོན་འགྲོའི་འོས་བསྡུའི་ཁྲོད་ཨང་དང་པོ་བཀྲ་ཤིས་དོན་གྲུབ་ལགས་སུ་འོས་གྲངས་ ༣༤༧ དང་། ཨང་གཉིས་པ་ཀླུ་མཁར་བྱམས་ལགས་སུ་འོས་གྲངས་ ༡༩༤ ། ཨང་གསུམ་པ་ཚངས་དབྱངས་རྒྱ་མཚོ་ལགས་སུ་འོས་གྲངས་ ༡༤༤  བཅས་ཐོབ་འདུག

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ སྟེང་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། ངྷ་རམ་ས་ལའི་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་རྣམ་པ་ལྷན་བཞུགས་ཐོག མདོ་སྨད་སྤྱི་འཐུས་གཅིག་གི་ས་མིག་ཐོག་བར་མའི་འོས་བསྡུའི་ལས་རིམ་འགྲོ་བཞིན་ཡོད་པ་ལས། ཉེ་ལམ་ཚེས་ ༡༧ ཉིན་སྔོན་འགྲོ་འོས་བསྡུ་གནང་བའི་གྲུབ་འབྲས་གསལ་བསྒྲགས་གནང་སོང་། ཐེངས་འདིར་རྒྱ་གར་དང་བལ་ཡུལ་གཉིས་སུ་འོས་བསྡུའི་ས་གནས་ཁག་ ༤༥ ཙམ་ནང་། ཐོག་མ་དེབ་སྐྱེལ་བྱེད་མཁན་ ༣༩༦༥ བྱུང་ཡོད་པ་ལས། དངོས་སུ་འོས་འཕེན་མཁན་ ༡༢༣༥ ལས་བྱུང་མེད་པ་དང་། དེས་བརྒྱ་ཆ་ ༣༡ ། ༡༥ ཙམ་ཟིན་ཡོད་འདུག འོས་བསྡུ་ལྷན་ཁང་གི་གསལ་བསྒྲགས་རེའུ་མིག་ལྟར་ན་འོས་ཤོག་རྩིས་མེད་ཆགས་རིགས་བྱུང་མི་འདུག

ཐེངས་འདིའི་སྔོན་འགྲོའི་འོས་བསྡུའི་ཁྲོད་ཨང་དང་པོ་བལ་ཡུལ་གནས་སྡོད་བཀྲ་ཤིས་དོན་གྲུབ་ལགས་སུ་འོས་གྲངས་ ༣༤༧ དང་། ཨང་གཉིས་པ་ངྷ་སར་གནས་སྡོད་ཀླུ་མཁར་བྱམས་ལགས་སུ་འོས་གྲངས་ ༡༩༤ ། ཨང་གསུམ་པ་ངྷ་སར་གནས་སྡོད་ཚངས་དབྱངས་རྒྱ་མཚོ་ལགས་སུ་འོས་གྲངས་ ༡༤༤ ། ཨང་བཞི་པ་བྷན་དཱ་རར་གནས་སྡོད་ཀརྨ་དགེ་ལེགས་ལགས་སུ་འོས་གྲངས་ ༡༠༧ ། ཨང་ལྔ་པ་ངྷ་སར་གནས་སྡོད་སྤྲོ་ཚིགས་ཆོས་གྲགས་ལགས་སུ་འོས་གྲངས་ ༧༡ བཅས་ཐོབ་ཡོད་འདུག

འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་གིས་ངོ་སྤྲོད་གནང་བ་ལྟར་ན། འོས་ཤོག་ཕྱོགས་སྡོམ་སྐབས་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་ཁག་ཅིག་ཟུར་དཔང་དུ་གདན་འདྲེན་ཞུས་ཏེ་མཐའ་སྡོམ་བརྒྱབ་ཡོད་པ་དང་། འོས་བསྡུའི་སྒྲིག་གཞིའི་ནང་སུམ་ལྡབ་ལས་མ་ཉུང་བ་ཞིག་འདོན་དགོས་ཤིང་། དཔེར་ན་གཅིག་འདེམས་པ་ལ་གསུམ་ལས་མ་ཉུང་བ་འདོན་དགོས་སྟབས། འོས་གྲངས་ཞིབ་བཤེར་བྱས་པ་བརྒྱུད་ལྔ་འདོན་རྒྱུའི་ཐག་གཅོད་བྱས་ཡོད་འདུག འོས་བསྡུ་ལྷན་ཁང་གིས་ཐེངས་འདིར་འོས་གཞི་མི་ལྔ་བཏོན་པའི་ཁོངས་ནས་དགོངས་པ་ཞུ་མིན་སོགས་ལ་ཞིབ་འཇུག་བྱས་མཐར། འོས་གཞིའི་ཁྲོད་ནས་ཉིས་ལྡབ་ལས་མ་ཉུང་བ་འདེམས་དགོས་སྟབས་དངོས་གཞིའི་འོས་མི་གཉིས་གསུམ་ག་ཚོད་དགོས་མིན་འོས་བསྡུ་ལྷན་ཁང་གི་ཐག་གཅོད་བྱ་འཆར་ཡོད་འདུག

འོས་བསྡུ་ལྷན་ཁང་གིས་གསུངས་པ་ལྟར་ན། ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱིས་ལས་ཁུངས་དང་ལས་བྱེད་པ་མེད་པའི་ས་གནས་ཅཱན་ནཱེན་ (Chennai ) མན་གྷི་ལོར་ (Mangalore) ། མཱ་སོར་(Mysore)བེ་ཇེ་ཝ་ར། ཅན་ངྷ་སྒར། བྷ་རོབ་ཌ་བཅས་སུ་ཡོད་པའི་མདོ་སྨད་ཀྱི་སློབ་ཕྲུག་ཚོར་འོས་བསྡུའི་ཐོབ་ཐང་མ་ཤོར་ཆེད། འཕྲལ་སེལ་འོས་བསྡུའི་ས་གནས་བཙུགས་ཡོད་པ་དང་། ས་གནས་དེ་ཚོར་མདོ་སྨད་ཀྱི་སློབ་ཕྲུག་མང་པོ་ཡོད་ཀྱང་ས་གནས་ཁ་ཤས་ནང་འོས་ལྡུག་ཐུབ་མི་འདུག ཅེས་བརྗོད་སོང་།

སྤྱི་ཚོགས་ནང་བལ་ཡུལ་དང་ཝ་ར་ཎ་སི་གཉིས་ཚེས་ ༡༧ ཉིན་འོས་བསྡུ་བྱེད་ཐུབ་མེད་པའི་གནས་ཚུལ་ཞིག་ཡོང་གི་ཡོད་པའི་ཐད། འོས་བསྡུ་ལྷན་ཁང་གིས། བལ་ཡུལ་ནང་སྲིད་དོན་དཀའ་རྙོག་ཡོད་སྟབས་དུས་ཐོག་འོས་བསྡུ་བྱེད་མ་ཐུབ་པའི་གནས་ཚུལ་བྱུང་ཡོད་སྲིད་ཀྱང་། ཝ་ར་ཎ་སིར་དུས་ཐོག་འོས་བསྡུ་གནང་ཐུབ་ཡོད་པ་རེད། གང་ཡིན་ཟེར་ན་ཝ་ར་ཎ་སིའི་ས་གནས་འོས་བསྡུའི་ཚོགས་ཆུང་གིས་བསྐུར་བའི་འོས་ཤོག་ཇི་ཐོབ་ཀྱི་ཡིག་ཆའི་ཐོག་ཚེས་ ༡༧ ཉིན་འཁོད་འདུག ཅེས་བརྗོད་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 20

  1. འཇམ་གཅེས ། says:
    ལོ་ 11 སྔོན།

    མདོ་སྨད་སྤྱི་འཐུས་སུ་དྲ་ཞིག་ཡོང་མིན་དེ་མདོ་སྨད་བ་ཚོས་འོས་བླུགས་ཀྱི་རེད། དེར་ཆོ་ཁ་གཞན་གཉིས་ཀྱིས་ཇུས་གཏོགས་དགོས་པ་མ་རེད། བློ་ཕམ་དགོས་པ་ཞིག་ནི་ད་ལན་སྔོན་འགྲོའི་འོས་བསྡུར་སྐབས་སུ་ཆ་ཤས་ལེན་མཁན་ཧ་ཅང་ཉུང་ཉུང་ཡིན་འདུག་པས་ངོ་མ་སེམས་ཚབ་དགོས་པ་དང་བློ་ཕམ་དགོས་པ་རེད། དེ་མིན་དྲྭ་འབུ་དག་སྐད་ཅོ་འདི་ནི་རྒྱུན་ལྡན་ལྟར ཡིན་པས་དེ་ལ་དག་སྣང་དང་རིན་གོང་བརྩི་དགོས་དོན་གང་ཡང་མི་འདུག།

    Reply
  2. ཐུབ་བསྟན། says:
    ལོ་ 11 སྔོན།

    བལ་ཡུལ་ཆོས་འབྱོར་ས་གནས་གྲོས་ཚོགས་ཀྱི་དྲུང་ཆེ་སྐུ་ངོ་བཀྲ་ཤིས་དོན་གྲུབ་མཆོག་ལ་ཐེངས་འདིའི་འོས་གྲངས་དང་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ། མདོ་སྨད་མང་ཚོགས་ཀྱིས་ནོར་མི་འདུག ཁོང་ལྟ་བུའི་མི་བུ་ཚད་ལྡན་རེ་རེ་གྲོས་ཚོགས་ནང་ཡོད་ཀྱང་ང་ཚོར་ང་ཚོའི་སྤྱི་ཚོགས་ལ་དངོས་གནས་ཕན་ཐོགས་རྒྱ་གང་ཆེ་འབྱུང་ངེས་རེད།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    དམངས་ག༷ཙོའི་ཉེན་ཁ་ཆེ་ཤོས་ནི། མི་མང་རེ་རེའི་ངོས་ནས་རང་གི་འོས་འདེམས་ཐོབ་ཐང་གལ་ཆེན་དུ་མི་བརྩི་བ་འདི་རེད། སྤྱི་འཐུས་གཅིག་ལ་མཚོན་ན་གྱོང་དེ་ཙམ་མི་ཆེ་ན་ཡང་སྲིད་སྐྱོང་ལྟ་བུ་འདེམས་དུས་འདི་ཆེས་ཉེན་ཁ་ཆེ་ཤོས་དེ་རེད།
    གལ་ཏེ་ཚང་མས་འོས་ཤོག་བླུགས་ཡོད་ན་འོས་གཞིའི་མི་སྣ་དག་གི་བར་ཁྱད་འདིར་འགྱུར་ལྡོག་གཞན་པ་ཞིག་བྱུང་ཡོད་སྲིད།

    Reply
  4. གནས་ཚང་། says:
    ལོ་ 11 སྔོན།

    ད་རེས་ཀྱི་འོས་བསྡུའི་ཆ་ནས་བལྟས་ན། ཨ་མདོ་མང་ཆེ་བ་དབུ་མའི་ལམ་ལ་རྒྱབ་བསྐྱོར་མི་འདུག དེ་མ་གཏོགས་དབུ་མའི་ལམ་གྱི་དགོངས་དོན་ལག་ལེན་ནང་བསྟར་མཁན་ཤར་ཕྱོགས་ཁུག་རྟའམ། ཡང་ན་ཆབ་འགག་དཔལ་འབྱོར་གང་རུང་ཞིག་སྤྱི་འཐུས་གདམ་འོས་པ་ཞིག་རེད།

    Reply
  5. བཙན་པོའི་བུ། says:
    ལོ་ 11 སྔོན།

    མདོ་སྨད་པ་འདི་ཚོས་ག་རེ་བྱེད་རྒྱུ་ཡོད་པ་མི་ཤེས་པ་ཞིག་རེད། མངོན་དུ་རྒྱལ་བ་རིན་པ་ཆེ་སྐུ་ཚེ་བརྟན་དགོས་རབས་དང་བཀའ་བསྒྲུབས་གལ་ཆེ་བ་སོགས་བཤད་ཀྱིན་འདུག ལྐོག་ཏུ་རྒྱལ་བ་རིན་པོ་ཆེ་ངོ་རྒོལ་བྱེད་མཁན་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་དང་གོ་སྐབས་གང་ལེགས་སྤྲད་རྒྱུ་འདུག་པས། ཡིད་ཕམ་པ་ཞིག་མ་རེད་དམ། གང་ལྟར་མདོ་སྨད་་པ་ཚོས་བརྟན་བཞུགས་ཕུལ་རྒྱུ་གལ་ཆེ་ནའང་དེ་ལས་ཀྱང་གལ་ཆེ་བ་ནི་དྲིན་ལན་ལོགས་འཇམ་མི་བྱེད་རྒྱུ་མིན་འགྲོ་སྙམ།

    Reply
  6. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 11 སྔོན།

    ཐེངས་འདིའི་འོས་བསྡུའི་བརྒྱུད་རིམ་གྱི་ཁྲོད་ནས། ཕྲན་གྱི་དོ་སྣང་ཆེ་ཤོས་བྱེད་ས་གཅིག་ནི་རྒྱ་ཆེ་མདོ་སྨད་མང་ཚོགས་ཀྱིས་ད་ཐེངས་འོས་བསྡུའི་ཐོབ་ཐང་ལ་ཇི་ཙམ་ཆ་ཤས་ལེན་གྱི་ཡོད་མེད་དེ་རེད། དང་ཐོག་སྔོན་འགྲོ་འོས་གཞིའི་སྔ་རོལ་དུ་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཆེ་ཕྲ་སྣ་ཚོགས་ཐོག་བགྲོ་གླེང་དང་། འཁྲུག་ཆ་དོད་པའི་འགྲན་རྩད་སོགས་མཐོང་ཐོས་བྱུང་ཚེ། སེམས་ལ་ཧ་ཅང་དགའ་སྤྲོ་ཆེ་བའི་ཚོར་སྣང་ཞིག་ངང་གིས་སྟེར།
    འོན་ཀྱང་ཉེ་ཆར་དབུས་འོས་བསྡུ་ལས་ཁུངས་ནས་གསལ་བསྒྲགས་སྤེལ་བར་གཞིགས་ན། དང་ཐོག་ཐོ་འགོད་བྱེད་མཁན་མི་གྲངས་ ༣༩༦༥ བྱུང་འདུག་མོད། དངོས་སུ་འོས་འཕེན་མཁན་མི་གྲངས་ ༡༢༣༥ ལས་བྱུང་མི་འདུག་པ་མཐོང་ཚེ། ཧ་ཅང་བློ་ཕམ་གྱི་ཚོར་འདུ་དྲག་པོ་ཞིག་སྐྱེས། འོན་ཀྱང་སྙིང་ཉེ་བའི་རྒྱ་ཆེ་མདོ་སྨད་མི་དམངས་རྣམས་ལ་ཞུ་རྒྱུ། རིང་མིན་ཕྱི་ཟླ་ ༦ པའི་ནང་གི་དངོས་གཞི་འོས་བསྡུའི་སྐབས་སུ་ཉུང་མཐར་མི་གྲངས་སྟོང་གསུམ་ཙམ་གྱིས་རང་དབང་དང་དམངས་གཙོའི་ཐོབ་ཐང་ལ་ལོངས་སུ་སྤྱོད་དེ། སྤྱི་སྒེར་གཉིས་སྨན་ཅན་གྱི་ལས་འདི་རིགས་ལ་མི་རིགས་འདིའི་ཁྱད་ཆོས་དང་ལ་ཞེན་གཉིས་དེ་ཅིས་ཀྱང་མ་བརྗེད་པ་སྙིང་བསྐྱངས་ཀྱི་སྒོ་ནས་འོས་འཕེན་གྱི་ཆ་ཤས་ལེན་རྒྱུར་ཧ་ཅང་རེ་བ་ཆེན་པོ་བྱེད་ཡོད་ལ། དེ་ལྟར་གནང་སྐྱོང་ཡོང་བར་ཡིད་ཆེས་ཀྱང་ཡོད།

    Reply
  7. བྱེ་ཐང་གི་གླག་རྒོད། says:
    ལོ་ 11 སྔོན།

    འོས་མི་འདི་དག་བྱུང་ཡག་པོ་ཁྱོན་ནས་མི་འདུག གང་ལྟར་མདོ་སྨད་ལ་མྱི་རྫོགས་པ་འདྲ།

    Reply
  8. ཆོས་བཟང་། says:
    ལོ་ 11 སྔོན།

    ཡ་ཡ་ཡ། ཡག་བྱུང། ད་ཡིན་ན་ཨ་མདོ་མགོ་ལོག་དབལ་ཤུལ་གསེར་རྟ་ནས་ཡིན་ཞིང་། བཙན་བྱོན་ནང་ནས་མཚར་ལོངས་བྱུང་བའི་མི་བུ་ལྷག་བསམ་ཤེས་འཇོན་ལྡན་པའི་ཕོ་སར་ཞིག་མདོ་སྨད་རྒྱ་ཆེས་མང་ཚོགས་ཀྱིས་སྤྱི་འཐུས་སུ་འདེམས་ངེས་ཡིན་འདུག
    བལ་ཡུལ་གྱི་མགོ་ལོག་གསེར་རྟ་བཀྲ་ཤིས་དོན་གྲུབ་ཁོང་གིས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་འདྲ་མིན་ནང་ཕྱི་ལོ་༡༩༨༩་ལོ་ནས་ད་བར་ལོ་༢༥་རིང་སྤྱི་ཚོགས་ལ་ཞབས་ཕྱི་ཞུས་འདུག་པ་དང་། ཕྱི་ལོ་༢༠༠༠་ལོ་ནས་བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ནང་ཞབས་ཕྱི་ཞུས་ཏེ། ད་ལྟ་ལོ་ངོ་༡༥་ཙམ་འགྲོ་བཞིན་པ་དང་། ལྷག་ཏུ་བོད་གཞུང་ཁྱབ་ཁོངས་ཀྱི་འཛིན་སྐྱོང་ཐོག་ལས་དོན་གང་མང་བསྒྲུབས་པ་བཅས་འཛིན་སྐྱོང་གི་ཉམས་མྱོང་དང་། བལ་ཡུལ་ས་གནས་གྲོས་ཚོགས་ནང་ཐེངས་མ་མང་པོར་ས་འཐུས་ཀྱི་ཕྱག་ལས་གནང་འདུག་པ་བཅས། ཁོང་ལ་གྲོས་ཚོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ་དང་།
    ཤེས་ཡོན་ཐད་ནས་ཁོང་བོད་དབྱིན་ཧུན་བལ་བཅས་སྐད་རིགས་བཞི་འཛོམས་ཡིན་པ་དང་།
    ༸གོང་ས་མཆོག་གི་ཅི་གསུངས་བཀའ་བཞིན་སྒྲུབ་མཁན་ཞིག་ཡིན་པར་མ་ཟད། ལམ་དབུ་མ་ལའང་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་ཡིན་པ་སོགས། གང་ལྟར་ཐེངས་འདིར་མདོ་སྨད་རྒྱ་ཆེས་མང་ཚོགས་ཀྱིས། བོད་སྤྱི་པ་ལ་ཕན་ཐོགས་པའི་མི་བུ་ཚད་ལྡན་ཞིག་འོས་འདེམས་གནང་འདུག་པ་དེ་མངོན་པར་བསྟོད་དོ།

    Reply
  9. ཁོག་ཚེར་མ། says:
    ལོ་ 11 སྔོན།

    ད་ཐེངས་བཙན་བྱོལ་བོད་མིའི་རྒྱ་བོད་ཆབ་སྲིད་དང་ནང་ཁུལ་ཆབ་སྲིད་དང་འབྲེལ་ནས་སྤྱི་འཐུས་ལ་ལྟ་སྟངས་འདི་རེད།
    མི་གསུམ་ལྟ་དགོས་པ་འདྲ། དེ་གསུམ་ནི་གསེར་རྟ་བཀྲ་ཤིས་དོན་གྲུབ་དང་ཨ་ཚོགས་ཀླུ་མཁར་བྱམས། ཤར་ཕྱོགས་ཁུག་རྟ་བཅས་རེད། རྒྱ་བོད་ཆབ་སྲིད་དང་འབྲེལ་ནས་ཤར་ཁུག་དང་ཀླུ་ཁར་གཉིས་ལ་ལྟོས་ན།
    ད་ཐེངས་ཤར་ཁུག་གན། དབུ་མའི་ལམ་པ་བ། རྒྱལ་བའི་དགོངས་གཞི་རྨ་མེད་པ་སྒྲུབ་མཁན། དོལ་རྒྱལ་ལ་ཁ་གཏད་གཅོག་མཁན། བཙན་བྱོལ་སྒྲིག་འཛུགས་ལ་མཁྱེན་རྟོགས་ཆེ་བ། རྒྱ་ནག་ལ་ལན་འདེབས་བྱེད་མཁན་རེད་ཅེས་པ་འདི་ཡོངས་གྲགས་སྤྱི་ཚོགས་ཀྱིས་ངོས་འཛིན་བྱས་པ་རེད། ཡིན་ནའང། དར་དམར་འཕྱར་བ་དེ་སེམས་ལ་མ་ཤོང་བར་ཁོང་ལ་གྱོང་རེག་ཡོད།
    ད་ཐེངས་ཀླུ་མཁར་གན། རྒྱ་བོད་ཆབ་སྲིད་ལ་མཁྱེན་པ་རྒྱས་པ། ཨུ་ཚུགས་དང་རང་ཚུགས་ཟུང་གིས་ཆེ་ཚུལ། སྐུ་ངོ་སྐུ་དྲག་ཚོར་དགའ་བོ་མེད་ཚུལ་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངོས་འཛིན་བྱས་པ་རེད། ཡིན་ནའང། དོལ་རྒྱལ་ལ་རྒྱབ་སྐྱོར་དང་༸གོང་ས་མཆོག་ལ་མཚན་སྨོད་ཞུས་པའི་རྩོམ་དེས་ཁོང་སྤྱི་འཐུས་ལ་ཡོང་ཐབས་མེད་མོད། དབུས་འོས་བསྡུ་ལས་ཁང་དང་ཚོགས་གཙོ་སྤེན་ཚེ་གཉིས་ནས་དྲང་པོ་བྱས་མ་སོང་མདོག་མདོག་གི་དཀྲོགས་གཏམ་དེས་གསར་འབྱོར་མགོ་མི་འཚོས་པ་འགས་འོས་བླུགས་པ་རེད། ཡིན་ནའང། མཐར་ཆོལ་ཁའི་ཕྱོགས་རིས་ཀྱི་ཁ་གཏད་ནས་ཁོང་ཕམ་རྒྱུ་རེད།
    གསེར་རྟ་བཀྲ་དོན་འདི་ནང་ཁུལ་སྲིད་དོན་གྱི་ཐོན་རྫས་ཤིག་ཆགས་གྲབས་ཡོད་པ་དེ་རེད། དེ་ནི་གསེར་རྟའི་རྩོད་རྙོག་དང་འབྲེལ་བ་ཆགས་ཚར་བ་རེད།
    ད་ཐེངས་ཀྱི་བར་མའི་འོས་བསྡུ་འདིར་བསྡོམས་རྒྱབ་ན་དེ་འདྲ་རེད།།

    Reply
  10. སེམས་བཟང་། says:
    ལོ་ 11 སྔོན།

    ༼ དེབ་སྐྱེལ་བྱེད་མཁན་ ༣༩༦༥ བྱུང་ཡོད་པ་ལས། དངོས་སུ་འོས་འཕེན་མཁན་ ༡༢༣༥ ལས་བྱུང་མེད་པ། ༽མདོ་སྨད་མི་མང་གི་མང་གཙོའི་ལོངས་སྤྱོད་ཅི་འདྲའི་ཞན་པ་ལ།

    Reply
  11. བོད་ཀྱི་བུ། says:
    ལོ་ 11 སྔོན།

    བར་མའི་འོས་བསྡུས་སྐབས་མི་མང་པོ་ཞིག་གིས་ཀླུ་མཁར་བྱམས་དངོས་གཞིའི་འོས་མིར་ལངས་ཀི་ཡོད་མེད་གསལ་ཁ་མ་བྱུང་བ་དང་། དེ་བཞིན་ས་གནས་མང་པོ་ཞིག་ན་ཀླུ་མཁར་བྱམས་ཀྱི་ཁྱབ་བསྒྲགས་མཐོང་ཡ་མེད་པ་སོགས་ཀྱི་དབང་གིས་སྔོན་འགྲོའི་སྐབས་ཁོང་ཨང་གཉིས་པ་ཙམ་ལས་མ་སླེབས་པ་རེད་བསམ། ད་དངོས་གཞིག་སྐབས་མང་ཚོགས་ནང་གསལ་བོ་ཆགས་འགྲོ་བ་མ་ཟད། དངོས་གཞིའི་འོས་མིའི་ལོ་རྒྱུས་དང་བཅས་པ་གཞུང་འབྲེལ་ཐོག་ཁྱབས་བསྒྲགས་གནང་གི་ཡོད་སྟབས་ད་ཐེངས་ཁོང་ལ་དངོས་གཞིའི་སྐབས་འོས་གྲངས་མཐོ་ཤས་སུ་སླེབས་པའི་རེ་བ་ཆེན་པོ་འདུག

    Reply
  12. ལྷག་པ་ཚེ་རིང་། says:
    ལོ་ 11 སྔོན།

    ང་རང་གི་འདོ་སྨད་སྤྱི་འཐུས་ཀྱི་འོས་མི་དེ་མི་འདི་དག་མ་རེད། སྤྱིར་བཏང་ད་རེས་ཀྱི་མདོ་སྨད་འོས་མིའི་ཁོངས་སུ་བཞེངས་མི་འདུག དངོས་གནས་དྲང་གནས་ཤེས་འཇོན་གཉིས་ལྡན་ཁ་ཅིག་ཡོད་ཀྱང་མང་ཚོགས་ཀྱིས་མཐོང་མི་འདུག

    Reply
  13. བསྟན་འཛིན། says:
    ལོ་ 11 སྔོན།

    གསེར་རྟ་བཀྲ་ཤིས་དོན་གྲུབ་ཟེར་བའི་མི་འདི་ལ་རྒྱུས་མངའ་ཆེན་པོ་མེད་ཀྱང་། སྐད་ཆ་གོ་བ་ལྟར་ན་གང་ལ་གང་འཚམས་ཡག་པོ་ཡོད་པ་ཞིག་གོ་སོང་། ལྷག་པར་དུ་ཕྱི་ལོགས་ནས་འཚར་ལོངས་བྱུང་བ་ཞིག་ཡིན་དུས་རྒྱ་གར་སྐད་དང་དབྱིན་ཇུའི་སྐད། དེ་བཞིན་རྒྱ་གར་ལུང་པའི་འགྲོ་སྟངས་འདུག་སྟངས་སོགས་ཤེས་ཀྱི་ཡོད་པ་རེད་ལ། གྲོས་ཚོགས་དང་བོད་གཞུང་གི་འགྲོ་སྟངས་ཀྱང་གང་ལ་གང་འཚམས་མགོ་འཚོས་ཀྱི་ཡོད་པ་རེད། མདོ་སྨད་ནང་ལོག་ན་ཕལ་ཆེར་འདི་ལས་ལྷག་ཅིག་ཡོད་པ་མ་རེད། ངས་མདོ་སྨད་ཟེར་བ་དེ་ད་རེས་སྤྱི་འཐུས་ཀྱི་འོས་མིའི་ཁོངས་སུ་ལངས་ཡོད་པ་དག་ལས་ཟེར་གྱི་ཡོད་པ་མ་གཏོགས་མདོ་སྨད་སྤྱི་ཡོངས་ནས་ཟེར་གྱི་མེད། ད་ལྟ་མདོ་སྨད་སྤྱི་འཐུས་འོས་མིའི་ནང་སླེབས་ཡོད་པ་དེ་དག་དངོས་གནས་དྲང་གནས་ག་གེ་མགོ་མི་འཚོས་མཁན་རྐྱང་རེད།

    Reply
  14. གནས་ཚང་། says:
    ལོ་ 11 སྔོན།

    གསེར་རྟ་བཀྲ་ཤིས་དོན་གྲུབ་གདམ་གྱིན་པ་ནི་ཆོལ་ཁ་དཀྲུགས་ཤིང་གི་མཚོན་རྟགས་ཡིན་པས། གདན་ས་ཁག་ཏུ་སློབ་གཉེར་གནང་བཞིན་པའི་ཨ་མདོའི་མ་འོངས་དགེ་བཤེས་ཚོས་བསམ་བློ་ཡག་པོ་བཏང་ནས་གོང་ས་མཆོག་གི་ལམ་སྟོན་ཁག་དང་ལེན་བྱེད་རན་མེད་དམ། ཟ་ཁ་འཐུང་ཁའི་རྗེས་སུ་འབྲངས་མི་རུང་ཡ།

    Reply
  15. བསྟན་འཛིན། says:
    ལོ་ 11 སྔོན།

    ངས་ནི་དར་དམར་ཅན་ཨང་དང་པོ་ཡིན་རྒྱུ་རེད་བསམ་ཐལ།   རྒྱུ་མཚན་ནི་སྲིད་བློ་རྒྱ་ནག་ལ་དགའ།   ཚོགས་གཙོ་རྒྱ་དར་ལ་དགའ།  ད་དུང་ཁོང་གཉིས་ཀས་རང་བཙན་དགྲ་རུ་བཟུང་ནས་དབུ་མར་སྐྱབས་བཅོལ་གྱིན་ཡོད་པ་དེ་རེད།  
    གང་ལྟར་ད་དུང་དངོས་གཞིའི་འོས་ཤོག་གཅིག་པོ་སྐུ་ཞབས་ཀླུ་ལགས་ལ་བླུག་གི་ཡིན།  

    Reply
  16. བོད་ཀྱི་བུ། says:
    ལོ་ 11 སྔོན།

    བལ་ཡུལ་གནས་སྡོད་བཀྲ་ཤིས་དོན་གྲུབ་ལ་མདོ་སྨད་པ་ཚོས་རྒྱུས་ལོན་ཡག་པོ་བྱེད་དགོས་ངེས། ཁོ་ངོ་མ་སྤྱི་འཐུས་ཤིག་ལ་འོས་མིན་ཞིབ་འཇུག་གནང་ན་ཡག གསེར་རྟ་ཁ་ལ་འཁྱེར་མཁན་གྱི་འཁྲབ་སྟོན་པ་ཚང་མ་ལ་དགའ་བོ་མེད། དོན་གྱི་བདག་པོ་ནི་གཞིས་ལུས་མི་དམངས་རེད། ས་སྤར་གང་མེད་ས་ནས་གང་ཟག་ཁྲམ་པ་གཉིས་ཀྱི་རྩོད་གཞི་དེའི་བོད་རྩ་དོན་ལ་གནོད་རྒྱུ་བྱང་ན་ངོ་ཚ་རེད། ལྷོ་ཕྱོགས་ཀྱི་གཟན་ཤམ
    དམར་བོ་ཅན་ཚོས་དངོས་ཡོད་གནས་ཚུལ་ལ་ལྟོས་ན་བཟང་། ཁ་ནས་སེམས་ཅད་ཐམས་ཅད་འདོན་ན་ཡང་། ལག་ལེན་ལ་ས་ཡ་དྲུག་གི་ལོ་རྒྱུས་ནང་བྱས་ཉེས་འདི་འདྲ་བསགས་ན་ཅི་ཡིན་ཤེས་ངེས་རེད

    Reply
  17. བསྟན་འཛིན་འཕགས་པ། says:
    ལོ་ 11 སྔོན།

    གུས་པས་ལྟས་ན་དེ་རིང་ངེས་པར་དུ་ཀླུ་ཁ་འོས་སླེབས་དགོས་་་་་ཨ་མདོ་བ་ཤོགས་ཁག་དང་འཐེན་འཁྱེར་མང་གི་ཡ།

    Reply
  18. ཁོག་ཚེར་མ། says:
    ལོ་ 11 སྔོན།

    ཀླུ་མཁར་བྱམས་ལ་རླུང་རྟ་ཨེན་ཙམ་རྒྱུགས་འདུག མ་གཞི་ནས་ད་ཐེངས་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ཡིན་པ་དེ་ཤེས་ཤེས་པ་རེད་ཝ། དེ་སྔ་མོ་ནས་མདོ་སྨད་མི་མང་གིས་གླེང་ཕྱོགས་ལ་བལྟས་ནས་ཚང་མས་ཐག་གིས་བཅད་པ་དེ་ག་རང་རེད་འདུག ཡིན་ནའང། ཀླུ་མཁར་གྱིས་བར་མཚམས་དེ་གར་གསར་འགོད་གསལ་བསྒྲགས་འདྲ་སྤེལ། ཚོགས་གཙོ་དང་འགན་འཛིན་སྡེབས་ནས་དྲང་པོ་བྱེད་ཀྱི་མེད་མདོག་མདོག་བཤད་པས། མགོ་མི་འཚོས་པ་འགས་དངོས་གནས་དེ་ལྟར་ཡིན་ན་བསམས་ནས་འོས་བླུགས་ཏེ་རླུང་རྟ་ཅུང་ཙམ་རྒྱུགས་ཡོད་པ་རེད་དེ། མཐར་ཕམ་རྒྱུ་ཡིན་པ་ནི་ཤེས་གསལ་རེད། ཤར་ཁུག་དང་སྤྲོ་ཚིགས་སོགས་ནི་ཁྱབ་བསྒྲགས་ཀྱི་གོ་སྐབས་བླངས་པ་མ་གཏོགས་སྤྱི་འཐུས་ཐོབ་མིན་མི་ཤེས་པ་ག་ལ་སྲིད། ཧཧཧཧཧ ད་ཡག་འདུག

    Reply
  19. བསམ་འགྲུབ། says:
    ལོ་ 11 སྔོན།

    ད་ལོ་མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་བསྡུ་གསལ་བསྒྲགས་མ་བྱས་གོང་ནས་ས་བསྒྲགས་གནམ་བསྒྲགས་བྱེད་མཁན་དེ་ཐེངས་འདིའི་འོས་མི་དག་གི་ནང་དུ་སླེབས་མི་འདུག ད་རེས་གསལ་བསྒྲགས་བསྐྱངས་པའི་འོས་མི་དག་ལ་ཨང་དང་པོ་གཉིས་པ་ཡག་པོ་འདུག གཞན་པ་ཚོ་དེ་ཙམ་རེད། ད་རེས་འོས་འཐོབ་རྒྱུར་རེ་བ་མི་འདུག མ་འོངས་པར་ཡང་མདོ་སྨད་སྤྱི་འཐུས་ནང་སླེབས་དང་མ་སླེབས་མི་འདུག་པ་རྐྱང་རྐྱང་རེད།

    Reply
  20. བསྟན་འཛིན། says:
    ལོ་ 11 སྔོན།

    ཨུ་ཚང་གི་དར་དམར་ཅན་གང་ལ་བུད་སོང་བ་རེད།  སྔོན་འགྲོའི་འོས་གཞིའི་ནང་དུ་མ་སླེབས་པ་ཅི་ཡིན་ནམ།   ངས་ཤར་ཁུག་ཟེར་གི་ཡོད།  

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese