མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་རྒྱལ་ཚོཊ་ཀྱི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ།

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཕུར་བའི་ཉིན་ཨ་རིའི་རྒྱལ་ཚོགས་ཀྱིས་ ༢༠༡༣ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་པའི་ནང་། རྒྱ་གཞུང་གིས་ད་ཆར་ཡང་བོད་དང་ཤིན་ཅང་གཙོས་པའི་མི་རིཊ་ཁག་གི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་སྐོར་བཀོད་འདུག

ཟླ་འདིའི་ཚེས་ ༢༧ ཉིན་ཨ་རིའི་རྒྱལ་ཚོགས་ཀྱིས་ ༢༠༡༣ ལོར་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་ཁག་ ༢༠༠ ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཉམས་ཞིབ་བྱས་པའི་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེའི་ནང་རྒྱ་ནག་གཞུང་གིས་ད་ཆར་ཡང་རྒྱ་ནག་ནང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་མི་སྒེར་བཅས་ཀྱི་འདུ་འཛོམས་དང་། ཆོས་དད་རང་མོས། མི་མང་གི་འགྲོ་སྡོད་རང་དབང་བཅས་ལ་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད། བོད་དང་ཤིན་ཅང་ནང་ཆོས་དད་དང་སྨ་བརྗོད། འགྲོ་སྡོད་སོགས་འགྲོ་བ་མིའི་གཞི་རྩའི་རང་དབང་ཐད་བཀག་སྡོམ་ནན་མོ་བྱེད་ཀྱི་ཡོད་སྐོར་སོགས་བཀོད་ཡོད་འདུག

སྙན་ཐོའི་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད། ཉེ་བའི་དུས་སུ་རྒྱ་ནག་གིས་ངལ་རྩོལ་བསྒྱུར་བཀོད་ར་བ་མེད་པའི་བཟོས་ཡོད་པ་དང་། བྱིས་པ་གཉིས་བཙས་ཆོག་པའི་གུ་ཡངས་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་ཚུལ་སོགས་བསྒྲགས་ཡོད་ཀྱང་། རྒྱ་ནག་ནང་ད་ཆར་ཚོགས་པ་དང་མི་སྒེར། གཞུང་དང་ལྟ་བ་མི་མཐུན་པའི་མི་སྣ། ཁྲིམས་རྩོད་པ། གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པར་བཅས་ལ་སྟངས་འཛིན་ལྟ་རྟོག་དང་བྱེད་ཀྱི་ཡོད་པ་མ་ཟད། བོད་དང་ཤིན་ཅང་ནང་མི་མང་གི་སྨྲ་བརྗོད་དང་ཆོས་ལུགས་འདུ་འཛོམས་སོགས་ཀྱི་ཐད་བཀག་སྡོམ་ཀྱི་ཡོད་པ་དང་། ད་ལྟའི་བར་དཔལ་འབྱོར་དང་མི་རིགས་དབྱེ་འབྱེད། ཆོས་ལུགས་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་དམ་དྲག་བཀག་སྡོམ་བྱས་པའི་དབང་གིས། ༢༠༡༣ ལོར་བོད་མི་ ༢༦ རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་ཡོད་པ་དང་། ཡུ་གུར་བ་ ༡༠༠ ཡས་མས་ཤིག་རྒྱ་གཞུང་བདེ་སྲུང་མི་སྣས་དམར་གསོད་བྱས་ཡོད་ཚུལ་སོགས་བཀོད་འདུག

དེ་བཞིན། སྔར་ལོའི་ཕྱི་ཟླ་ ༩ ནས་བཟུང་རྒྱ་ནག་གཞུང་གིས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་དང་ཝེ་པོ་སོགས་ལ་སྟངས་འཛིན་ལྟ་རྟོག་དང་། དྲ་རྒྱ་དང་བརྒྱུད་ལམ་ཁག་ལ་སྔོག་བཤེར་བཅས་བྱས་ཡོད་པར་མ་ཟད། སྤྱི་དམངས་གསར་བའི་ལས་འགུལ་ཞུགས་ཡོད་པར་ཁ་གཡར་ཏེ་ཉུང་མཐར་ཡོང་མི་ ༢༩ ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་ཚུལ་སོགས་བཀོད་འདུག ཨ་རིའི་རྒྱལ་ཚོགས་ཀྱིས་ལོ་རེར་འདོན་བཞིན་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོར་དགག་ལན་སྤྲོད་ཆེད། ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་རྒྱ་ནག་གཞུང་གིས་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་སྙན་ཐོ་ཞིག་འདོན་གྱི་ཡོད་འདུག་ལ། དེ་རིང་ཚེས་ ༢༨ ཉིན་རྒྱ་ནག་དབུས་གསར་འགྱུར་སྡེ་ཁག་གིས་ ༢༠༡༣ ལོའི་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ཞེས་པ་ཞིག་ཕྱིར་བསྒྲཊ་བྱས་པའི་ནང་། ཨ་རིའི་གཞུང་གིས་རང་ཉིད་འཛམ་གླིང་གི་ འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་དཔོན་གྱི་ཚུལ་དུ་བསྡད་དེ། འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་ཁག་ ༢༠༠ འགྲོ་བ་མིའི་ཐོབ་ཐང་སྐོར་ལ་སྐྱོན་བརྗོད་དང་དཔྱད་བསྡུར་བྱེད་ཀྱི་ཡོད་པ་དེས། ཨ་རིས་ཐབས་བརྒྱ་ཇུས་སྟོང་གིས་རང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འགེབ་ཐབས་དང་བྱེད་ཀྱི་ཡོད་ཚུལ་དང་། ཨ་རིའི་གཞུང་གིས་ད་ལྟའི་བར་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་ཐོག་རྒྱལ་སྤྱིའི་ནང་གི་གསང་བར་ལྐོག་ཉན་ལྐོག་ལྟ་བྱས་ཡོད་ཚུལ་སོགས་སྐྱོད་བརྗོད་བྱས་ཡོད་འདུག

ཐེངས་འདིའི་ཨ་རིའི་རྒྱལ་ཚོགས་ཀྱི་བཏོན་པའི་སྙན་ཐོའི་ཐད། ད་ལྟ་ཨ་རིའི་ནེའུ་ཡོག་ཏུ་གནས་སྡོད་རྒྱ་རིཊ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཁྲིན་ཀོང་ཁྲིན་གྱིས། འདས་པའི་དུས་ཡུན་ནང་བཏོན་པའི་ཨ་རིའི་གཞུང་གིས་སྙན་ཐོ་ཁག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ནུས་པ་ཐོན་ཡོད་པ་དང་། ཐེངས་འདིའི་སྙན་ཐོའི་ནང་གི་མངོན་གསལ་དོད་ཤོས་ཀྲུང་གོ་གུང་ཁྲན་ཏང་གི་གནས་བབ་སྔར་དང་མི་འདྲ་བར། རྒྱལ་ཁྲིམས་ཀྱི་གོང་དུ་གནས་ཡོད་པ་གསལ་འདོན་བྱས་ཡོད་སྐོར་བཀོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་ལག་བསྟར་བྱེད་ཀྱིན་པའི་གདུག་རྩུབ་ཅན་གྱི་སྲིད་སྐོར་གཏིང་ཟབ་དུ་བཀོད་ཐུབ་མེད་སྐོར་བརྗོད་འདུག

ཡང་ད་ལྟ་རྒྱ་ནག་ནང་གནས་སྡོད་རྒྱ་རིཊ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཧུའུ་ཅྰ་ཡིས་གསར་ལམ་དུ། ཨ་རིའི་གཞུང་གིས་ལོ་ལྟར་རྒྱ་ནག་ནང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སྙན་ཐོ་བཏོན་པར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། སྙན་ཐོ་དེ་ནི་ཨ་རིའི་ངོས་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཐད་བྲིས་པའི་ལོ་རྒྱུས་ཤིག་དང་། ཀྲུང་གོ་སྲིད་གཞུང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཟིན་ཐོ་ཞིག་ཆགས་ཡོད་སྟབས། མ་འོངས་པར་རྒྱ་ཡིག་ཐོག་རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱི་དྲ་ངོས་སུ་བཀོད་པ་ཡིན་ན། རྒྱ་ནག་མི་མང་གིས་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་དང་འབྲེལ་བའི་གནས་ཚུལ་མང་དག་ཅིག་ཤེས་རྟོག་འབྱུང་བར་ཕན་ཐོགས་ཡོད་བརྗོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

ཆུ་ཚོད་ ༤ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

ཆུ་ཚོད་ ༤ སྔོན་ལ།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། 

ཆུ་ཚོད་ ༤ སྔོན་ལ།
TTT
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར།

ཆུ་ཚོད་ ༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག

༢༠༢༦/༠༨/༢༩
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese