མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱན་བསལ་སྐལ་བཟང་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་རྣམ་རྒྱལ། སྤྱན་བསལ་ཞེས་པ་ནི་སྐྱེ་བོ་གང་ཞིག་སྡེ་དཔོན་མི་དྲག་ཚོའི་སྤྱན་ལམ་དུ་དམིགས་བསལ་འཇུག་པོ་བྱུང་བ་ལ་ཟེར། ཆེ་ཆུང་ལ་མ་ལྟོས་པར་མི་ཆེན་ཚོར་རང་རང་གི་སྤྱན་བསལ་རེ་ཡོད་ངེས། ༸གོང་ས་བཅུ་གསུམ་པ་ཆེན་པོར་ཡོངས་གྲགས་སུ་སྐུ་མདུན་གྱི་སྤྱན་བསལ་ཞེས་པ་ཁ་ཤས་ཡོད། ༸རྒྱལ་དབང་བཅུ་གསུམ་པའི་སྤྱན་བསལ་དེ་ཚོ་ནི་མི་སེར་དཀྱུས་མའི་བུ་ཕྲུག་རིག་སྟོབས་བཟང་རིགས་དམིགས་བསལ་གསོ་སྐྱོང་གིས་ཐོག་མར་དབྱེ་ཕྲུག་དང་དེ་ནས་རིམ་བཞིན་སྤྱན་བསལ་དུ་འགྱུར་བ་ལས་གཉེན་ཉེ་དུ་དང་། ཕ་ཡུལ་གཅིག་པ། སྤྲེལ་ལད་འཁྲབ་མཁན་རིགས་གསོ་སྐྱོང་བྱེད་ཀྱི་མེད། འདི་ལྟར་གསོ་སྐྱོང་གི་དམིགས་ཡུལ་ནི་༸རྒྱལ་བའི་བླ་མེད་ཀྱི་མཛད་བྱུས་ཁག་བདེ་བླག་ངང་འགྲུབ་རྒྱུར་དབུ་འོག་དཔུང་འདེགས་ཞུ་མཁན་ཞིག་ཡོང་རེ་གནང་གི་ཡོད།

འདིར་གླེང་བར་བྱ་བའི་སྤྱན་བསལ་སྐལ་རྡོར་ལགས་ནི་མི་དབང་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་སྤྱན་ལམ་དུ་འཇུག་པོ་བྱུང་བས་སྲིད་སྐྱོང་མཆོག་གི་སྤྱན་བསལ་ཞེས་འབོད་པ་ཡིན། སྔར་ལམ་བཞིན་དེང་སང་ཡང་མི་ཆེན་ཚང་མར་སྤྱན་བསལ་ཡོད་པས་སྲིད་སྐྱོང་མཆོག་ལ་སྤྱན་བསལ་ཁ་ཤས་ཡོད་པར་ཡ་མཚན་སྐྱེ་དགོས་དོན་གང་ཡང་མེད། དེ་ཙམ་དུ་མ་ཟད་དེང་སྐབས་ཀྱི་མི་ཆེན་ཚང་མའི་སྤྱན་བསལ་ནི་གཉེན་ཉེ་དུ་དང་ཕ་ཡུལ་གཅིག་པ། སྤྲེལ་ལད་པ་ཤ་སྟག་གཙོ་སྐྱོང་བྱེད་པའི་ལམ་སྲོལ་དར་ཡོད་པར་བརྟེན། མི་དབང་སྲིད་སྐྱོང་མཆོག་ནས་ཀྱང་ལམ་ལུགས་དེའི་འོག་ནས་སྤྱན་བསལ་གསོ་སྐྱོང་བྱས་པར་དེ་བས་ཡ་མཚན་ཆེར་སྐྱེ་དགོས་དོན་མེད་སྙམ།

སྲིད་སྐྱོང་མཆོག་གིས་རང་གི་སྤྱན་བསལ་གནད་ཡོད་ཀྱི་ལས་གནས་ཤིག་སྟེ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལ་བསྐོ་གཞག་བྱས་པར་སྤྱི་ཚོགས་ནང་ལབ་གླེང་མང་དག་ཅིག་བྱུང་ཡོད། དེ་ནི་སྤྱན་བསལ་སྐལ་རྡོར་ལགས་ང་ཚོའི་སྤྱི་ཚོགས་ནང་གློ་བུར་དུ་ཐོན་པས་ཡིན་རྒྱུ་རེད། ངས་དོན་གཅོད་རྙིང་པ་དང་གསར་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་མཐོང་གི་མེད། གང་ཡིན་ཞེ་ན་གཉིས་ཀ་སྤྱན་བསལ་ཡིན་པས་རེད།

དོན་གཅོད་ཟུར་པ་བཀའ་་ཟུར་བློ་བཟང་སྙན་གྲགས་ལགས་དོན་གཅོད་ལས་ཐོག་སྐབས་ནས་དོན་གཅོད་ཀྱི་ལས་འགན་གཙོ་བོ་དེ་ད་ལྟའི་སྲིད་སྐྱོང་མཆོག་གི་མཚན་སྙན་གོང་འདེགས་ཀྱི་ཁྱབ་བསྒྲགས་བྱེད་པའི་བྱ་འགུལ་སྤེལ་རྒྱུ་དེ་རྩ་དོན་སྲིད་བྱུས་སུ་བཟུང་ཡོད། སྤྱན་བསལ་སྐལ་རྡོར་ལགས་དོན་གཅོད་དུ་ཕེབས་རྗེས་གོང་གི་སྲིད་བྱུས་དེའི་མཇུག་སྣོན་བྱས་པ་ཙམ་དུ་མ་ཟད། དོན་གཅོད་ཀྱི་ལས་འགན་གཙོ་བོ་དེ་མི་དབང་སྲིད་སྐྱོང་མཆོག་གི་མཚན་སྙན་གོང་འདེགས་བྱ་རྒྱུ་དེ་ཞལ་དང་ཕྱག་གཉིས་ཀའི་ཐོག་ནས་གསལ་པོ་བཟོས་གནང་ཡོད། དེ་སྔ་དོན་གཅོད་ཁག་གི་ལས་འགན་གཙོ་བོ་དེ་༸གོང་ས་མཆོག་གི་ཆིབས་སྒྱུར་མཛད་འཕྲིན་གྱི་ཞུ་སྒོ་ཁག་བགེགས་མེད་ལེགས་འགྲུབ་ཡོང་བ་བྱེད་རྒྱུ་དེ་ཡིན་པ་རེད། འོན་ཀྱང་དེང་སྐབས་དོན་གཅོད་ཁག་གི་རྩ་བའི་སྲིད་བྱུས་ལ་འགྱུར་བ་མངོན་གསལ་དུ་འགྲོ་བཞིན་ཡོད།

དོན་གཅོད་ཁག་གི་རྩ་བའི་སྲིད་བྱུས་ལ་འགྱུར་བ་འདི་ལྟར་འགྲོ་གི་ཡོད་ན། འདི་ནི་དོན་གཅོད་མི་བྱེ་བྲག་པ་ཞིག་གི་ལས་དོན་བྱེད་ཕྱོགས་ལ་དམིགས་བསལ་འགྲིགས་མ་སོང་ཞེས་བརྗོད་པས་ཕན་ཐོགས་གང་ཡང་མེད། དོན་གཅོད་འཛུགས་དགོས་ཀྱི་རྩ་བའི་དམིགས་ཡུལ་ལ་གཙོ་ཕལ་གྱི་འགྱུར་བ་འདི་འདྲ་འགྲོ་གི་ཡོད་ན། འགྱུར་བ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཡིན་གྱི་རེད། སྲིད་སྐྱོང་གང་ཟག་སྒེར་གྱི་སྲིད་བྱུས་ཙམ་ཨེ་ཡིན། བཀའ་བློན་དང་དྲུང་ཆེ་ལྷན་འདུས་ཀྱི་འཛིན་སྐྱོང་ལས་དོན་བྱེད་ཕྱོགས་ཀྱི་གཏན་འབེབས་སྲིད་བྱུས་ཡིན་གྱི་རེད།

དེས་ན་རྩ་བའི་སྲིད་བྱུས་ལ་འགྱུར་བ་མ་ཕྱིན་བར་ཉེ་ཆར་ཨ་རིའི་ཁུལ་དུ་ཆིབས་སྒྱུར་སྐབས་དོན་གཅོད་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་ཐད་ནས་གནས་ཚུལ་ལྷག་པ་བཞིན་མ་འོངས་པར་ས་གནས་གཞན་དང་གཞན་ནས་ཀྱང་ལྷག་མི་སྲིད་པ་མ་རེད་སྙམ། དོན་གཅོད་ཁག་གི་རྩ་བའི་སྲིད་བྱུས་ཀྱི་འགྱུར་རིམ་འདི་ཐད་མིན་ཐོག་དྲི་རྟགས་འགོད་མཁན་ནི་གྲོས་ཚོགས་རེད། གྲོས་ཚོགས་ནས་དོན་གཅོད་ཁག་གི་རྩ་བའི་སྲིད་བྱུས་ལ་འགྱུར་བ་ཇི་ལྟར་འགྲོ་མིན་ཞིབ་འཇུག་ཁ་གཏིང་མེད་པ་ཞིག་གནང་རྒྱུ་གལ་ཆེན་རེད། གྲོས་ཚོགས་ནས་སྔར་ལམ་བཞིན་གོ་མེད་ཚོར་མེད་དུ་བཞུགས་ན་༸རྒྱལ་བའི་སྐུ་ཕྱྭར་སེམས་ཚབ་ཡོད་མཁན་གྱི་བོད་མི་ཚང་མས་གྲོས་ཚོགས་ལ་འགན་འཁུར་དགོས་པ་རེད། དེ་ལྟར་མིན་པའི་འགན་འཁུར་ཞེས་པ་ཁ་སྟོང་ནང་གི་ཚིག་སྟོང་རེད།།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༦ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 3

  1. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 12 སྔོན།

    སྐབས་དུས་མི་མཚུངས་པའི་བརྡ་ཆད་དེ་དག་དུས་རབས་ཕྱིར་བཤིགས་ཀྱིས་བསྐྱར་དུ་ཡར་ལངས་མ་བརྒྱབ་ན་བཟང་།
    སྒེར་ཟུག་སྤྱི་སྤྱོད་ཀྱི་དངོས་མིན་བདེན་འགལ་ཅན་གྱི་ལས་ངན་དེ་རིགས་འདི་ནས་མཇུག་བསྒྲིལ་ན་ལེགས་སྙམ།

    Reply
  2. འཇམ་གཅེས ། says:
    ལོ་ 12 སྔོན།

    ཡང་སྙིང་ལ་ཀྲན་ནད་ཀྱིས་ཟིན་ཚར་མཁན་གཅིག་གིས་རང་མདོག་དམར་ཧྲེང་མར་སྟོན་བཞག་འདུག།

    Reply
  3. བཀྲ་ཤིས་སྒྲོལ་མ། says:
    ལོ་ 12 སྔོན།

    རྩོམ་ཡིག་ལ་འདི་ལ་གཅིག་ནས་མྱི་ལ་སྐྱོན་བརྗོད་བྱེད་པའི་གཞི་རྩའི་ཁུངས་ལུང་དང་རྒྱུ་མཚན་གྱིས་འདངས་ཀྱི་མི་འདུག
    གཉིས་ནས་ཐད་ཀར་སྐྱོན་བརྗོད་འདོད་ཀྱི་ཀུན་སློང་རང་ལས་བརྗོད་བྱའི་སྐྱོན་ཐེར་འདོན་གསལ་བོ་བྱས་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese