མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་ཡུ་རོབ་ནང་བསླེབས་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཡུ་རོབ་རྒྱལ་ཁབ་ཁག་བཞིའི་ནང་གཞུང་འབྲེལ་གཟིགས་སྐོར་བྱེད་བཞིན་ཡོད་འདུག

དེ་རིང་ཉིན་གུང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཁོའི་བཟའ་ཟླ་ཕིན་ལེ་ཡོན་ (Peng Liyuan) གཉིས་ཀྱི་གཙོས་ཚོང་ལས་སྐུ་ཚབ་མི་སྣ་ ༢༠༠ ལྷག་ཧོ་ལན་ཌིའི་རྒྱལ་སའི་གནམ་ཐང་དུ་འབྱོར་ཏེ། ཡུལ་དེའི་རྒྱལ་བོ་ལེ་ཛན་ཌིར་ (Willem-Alexander) མཆོག་དང་རྒྱལ་མོ་མྰེད་སི་མྰ་ (Maxima) མཆོག་གཉིས་ཀྱིས་གཞུང་འབྲེལ་སྣེ་ལེན་བྱས་ཡོད་འདུག

ཐེངས་འདིར་སྲིད་འཛིན་ཞི་ཅིན་ཕིན་ཉིན་བཅུ་རིང་ཧོ་ལན་ཌི་གཙོས་འཇར་མན་དང་ཧྥ་རན་སི། སྦེལ་ཇམ་བཅས་སུ་གཞུང་འབྲེལ་གཟིགས་སྐོར་བྱས་ཏེ་རྒྱལ་ཁབ་ཕན་ཚུན་བར་གྱི་རང་དབང་ཚོང་ལས་ཀྱི་འབྲེལ་ལམ་འཕེལ་རྒྱས་གཏོང་ཐབས་ལ་གྲོས་ཆོད་ཁག་ཅིག་འཇོག་རྒྱུ་ཡིན་པ་མ་ཟད། ཡུ་རོབ་མཐུན་ཚོགས་ཀྱི་བསྟི་གནས་སུ་གཟིགས་སྐོར་དང་། ཧྥ་རན་སི་དང་རྒྱ་ནག་བར་ཕྱི་སྲིད་འབྲེལ་ལམ་བཙུགས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙི་སྐབས་གཏམ་བཤད་ཀྱི་སྤེལ་རྒྱུ་ཡིན་འདུག

གཟའ་འཁོར་རྗེས་མར་ཧོ་ལན་ཌིའི་གྲོང་ཁྱེར་ཧད་གྷེ་རུ་འཛམ་གླིང་གི་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཨ་རི་དང་དབྱིན་ཡུལ། ཁེ་ཎ་ཌ། ཧྥ་རན་སི། འཇར་མན། ཉི་ཧོང་། ཨི་ཊ་ལི་བཅས་ཀྱི་སྲིད་འཛིན་དང་སྲིད་བློན་ཚོས། ཨུ་རུ་སུས་ཡུའུ་ཁུ་རེན་གྱི་རང་སྐྱོང་མངའ་ཁུལ་ཁུ་རེ་མྰེ་ (Crimea) བཙན་བཟུང་བྱས་སྟབས། རྒྱལ་སྤྱིའི་ཐོག་ནས་ཨུ་རུ་སུར་སྲིད་དོན་གྱི་གནོན་ཤུགས་དང་དཔལ་འབྱོར་ཉེས་ཆད་ཇི་ལྟར་གཏོང་དགོས་མིན་སྐོར་ལ་ཚོགས་འདུ་འཚོགས་པའི་སྐབས་དང་སྟབས་བསྟུན། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཐུག་འཕྲད་གནང་སྟེ་ཁུ་རེ་མྰེན་གནད་དོན་སྐོར་ལ་གྲོས་མོལ་བྱ་རྒྱུ་ཡིན་འདུག

ཉེ་ལམ་འཇར་མན་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་འཇར་མན་སྲིད་བློན་ལྕམ་ཨན་རྗི་ལྰ་ (Angela Merkel) གཙོས་གཞུང་འབྲེལ་མི་སྣ་ཁག་ཅིག་རྒྱ་ནག་གི་ནན་ཅིན་དམར་གསོད་དུས་དྲན་གྱི་མཛད་སྒོར་མགྲོན་འབོད་བྱས་ཀྱང་། འཇར་མན་གཞུང་གིས་མགྲོན་འབོད་དེ་ནི་རྒྱ་ནག་གཞུང་གིས་ཉི་ཧོང་ལ་ཁ་རྡུང་དང་དཀྲོགས་གཏམ་སྤེལ་བའི་ལག་ཆར་ཆགས་སྲིད་སྟབས་ཁས་ལེན་བྱས་ཡོད་མི་འདུག

སྲིད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གི་ཚོང་ལས་དཔལ་འབྱོར་བྱེད་ཡུལ་ཆེ་ཤོས་དེ་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཚོ་ཆགས་ཡོད་སྟབས། ཡུ་རོབ་མཐུན་ཚོགས་གཙོས་འཇར་མན་དང་ཧྥ་རན་སི། ཧོ་ལན་ཌི་བཅས་ཀྱི་མགོ་ཁྲིད་ཚོས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་རྒྱ་ནག་གཞུང་གིས་ཀྱང་ཨུ་སུ་རུར་དཔལ་འབྱོར་ཉེས་ཆེད་གཏོང་དགོས་པར་ཁས་ལེན་བྱེད་འཇུག་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

མཆན། 1

  1. གནས་ཚང་། says:
    ལོ་ 8 སྔོན།

    ད་ངོ་རྒོལ་ཤུགས་ཆེན་གནང་རོགས། བོད་ནང་ངོ་རྒོལ་གྱི་མེ་ལྕེ་མཚམས་ཆད་ཀྱི་མེད་པ་མཐོང་གསལ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist