མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་པའི་གནས་སྟངས།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཆབ་སྲིད་བཙོན་པ་གྲྭ་བློ་བཟང་གྲགས་བཟང་ལཊ་ཀྱི་གཟུཊ་པོའི་གནས་སྟངས་ཛ་དྲག་ཆཊ་ཡོད་ཀྱང་། དཔལ་འབྱོར་གྱི་དཀའ་ངལ་དབང་གིས་སྨན་ཁང་ལ་སྟོན་མ་ཐུབ་པར་ལྷག་འདུག

རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༡ ཚེས་ ༢༦ ཉིན་མཚོ་སྔོན་མཚོ་ལྷོ་ཁུལ་ཐོག་ཏུ་བོད་རིགས་སློབ་མ་ཚོས་སྐད་ཡིག་རང་དབང་ཐད་ཞི་རྒོལ་བྱེད་སྐབས་ཀྱི་པར་རིས་དང་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་གནང་བའི་ཉེས་མིང་འོག འཁྱམས་རི་དགོན་པའི་གྲྭ་བློ་བཟང་གྲགས་བཟང་འཛིན་བཟུང་གིས་ཟླ་ ༤ ལྷག་རིང་འདྲི་རྩད་གཅར་རྡུང་བྱས་ཏེ་ནད་གཅོང་དུ་བཏང་རྗེས་ཀློད་གྲོལ་བཏང་ཡོད་ཀྱང་། ཉེ་བའི་ཆར་ནད་གཞི་ཇེ་སྡུག་དུ་ཕྱིན་སྟེ་སྐུ་གཟུགས་ཀྱི་གནས་སྟངས་སྐྱོ་བོ་ཆགས་ཡོད་པ་དང་། དཔལ་འབྱོར་རྐྱེན་པས་སྨན་ཁང་དུ་བསྟེན་གཏུག་བྱེད་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་འདུག

ཀུན་བཟང་བསྟན་འཛིན་ལགས་ཀྱིས་བརྗོད་པ་ལྟར་ན། ༢༠༡༢ ལོའི་མཚོ་ལྷོ་ཁུལ་གྱི་སློབ་མའི་ཞི་རྒོལ་རྗེས་སུ་རྒྱ་གཞུང་གིས་གྲྭ་གྲགས་བཟང་ལགས་སུ་རྒྱལ་ཁབ་ཀྱི་གསང་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ཟླ་ ༤ རིང་བཀག་ཉར་འདྲི་རྩད་དང་གཅར་རྡུང་མནར་གཅོད་བཏང་སྟེ། སྙིང་མི་བདེ་བ་དང་དབང་བོ་མི་གསལ་བ་ཞིག་དུ་གྱུར་ཡོད་པ་མ་ཟད། བཙོན་ཁང་ནང་མནར་གཅོད་བཏང་སྟེ་ཕོ་བ་དང་མཁལ་མར་སྐྱོན་བཟོས་རྗེས་བཙོན་གྲོལ་གཏོང་དགོས་བྱུང་ཡོད་ཀྱང་། ད་ལྟའི་བར་དཔལ་འབྱོར་གནས་སྟངས་དབང་གིས་སྨན་ཁང་ཆེན་པོ་ཞིག་ཏུ་སྟོན་མ་ཐུབ་པར། སྨན་ཁང་ཆུང་བའི་ནང་བསྟེན་གཏུག་གིས་ན་ཟུག་འཇོག་བྱེད་ཀྱི་སྨན་རེ་འཐུང་ནས་བསྡད་འདུག  ད་ལྟ་ནད་གཞི་ཇེ་སྡུག་དུ་ཕྱིན་ཡོད་པ་དངོས་ཡོད་ཡིན་ཡང་། སྨན་ཁང་ལ་སྟོན་བྱེད་ཀྱི་སྒོར་མོའི་ཡོངས་ཁུངས་མེད་པར་ལྷག་ཡོད་འདུག

གྲྭ་བློ་བཟང་གྲགས་བཟང་ལགས་ནི། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེལ་ནག་ཡུལ་ཚོ་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༢༧ ཡིན་འདུག ཆུང་དུས་ཕ་མ་གཉིས་ཚེ་ལས་འདས་རྗེས་འཁྱམས་རི་དགོན་པའི་ཨ་ཁུ་བཟང་བོ་ཞུ་བ་ཞིག་གི་རྩར་གྲྭ་བ་བྱས་ཡོད་པ་དང་། ད་ལྟའི་བར་ཁོང་ཨ་ཞང་ཞིག་གིས་གཉོར་སྐྱོང་འོག་འཚར་ལོངས་བྱུང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

༢༠༢༦/༠༧/༢༤
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

༢༠༢༦/༠༧/༢༤
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

༢༠༢༦/༠༧/༢༤
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

མཆན། 1

  1. བདེན་སྐྱོང་། says:
    ལོ་ 12 སྔོན།

    རྒྱལ་གཅེས་དཔའ་བོ་ཁོང་གི་ཕ་ཡུལ་ས་གནས་བོད་མི་ཚོས་ཁོང་གི་སྨན་ཡོན་ཐོག་རོགས་རམ་ཞིག་ཀྱང་བྱེད་མི་ཐུབ་པ་བློ་ཕམ་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese