མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ ༡༨ གྱི་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༤/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ནགས་ཤོད་འབྲི་རུ་འབྲོང་སྣ་དགོན་པའི་དབུ་མཛད་ལ་ལོ་བཅོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ངག་དབང་ཐར་པ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། རྒྱ་གཞུང་གིས་འདི་ལོའི་ཕྱི་ཟླ་ ༡ ནང་ནགས་ཤོད་འབྲི་རུ་རྫོང་འབྲོང་སྣ་དགོན་པའི་དབུ་མཛད་དང་དགོན་པའི་འགན་ཁུར་བ་ཐར་འདོད་རྒྱལ་མཚན་ལཊ་སུ། ༧གོང་ས་མཆོག་གི་སྐུ་པར་དང་བཀའ་སློབ་ཉར་བ་སོཊ་ཀྱི་ཉེས་མིང་འོག་ལོ་ ༡༨ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གྲྭ་ཐར་འདོད་རྒྱལ་མཚན་ལགས་ནི། ༡༩༦༠ ལོར་ཕ་འབྱུང་གནས་དང་མ་ཨ་སྒྲོལ་གཉིས་ཀྱི་ཁྱིམ་དུ་སྐྱེས་པ་དང་། ཆུང་དུས་དགའ་ལྡན་དུ་ཆོས་ཞུགས་གནང་སྟེ་ནང་པའི་ཆོས་གཞུང་ལ་ཐོས་བསམ་སློབ་གཉེར་གནང་ཡོད་འདུག ༡༩༩༢ ནས་བཟུང་འབྲོང་སྣ་དགོན་པའི་དབུ་མཛད་དང་། ༡༩༩༨ ལོ་ནས་དགོན་པའི་འགན་འཁུར་བའི་ཕྱག་ལས་གནང་སྟེ་འབྲོང་སྣ་དགོན་པའི་ཤེས་ཡོན་སློབ་གསོ་དང་འདོན་རྟ་དབྱངས། ཐུན་མོང་མ་ཡིན་པའི་བྱེད་སྒོ་ཁག་བཅས་ཕྱོཊ་ཡོངས་ལ་ཐུགས་འཁུར་ཆེ་བཞེས་གནང་མཁན་ཞིག་ཡིན་སྟབས། དགོན་གྲོང་གཉིས་ཀྱིས་དད་མོས་བྱེད་སའི་མི་སྣ་ཞིག་ཆགས་ཡོད་འདུག

༡༩༦༩ ལོར་ཁོང་གི་ཡབ་འབྱུང་གནས་འབྲི་རུའི་མི་མང་གིས་ཆོས་དང་རིག་གཞུང་། རྒྱལ་ཁབ་དང་ལུང་པ་སྲུང་སྐྱོབ་ཆེད་སྐྱེས་པ་ཡོངས་རྫོགས་དམག་ལ་ཞུགས་ནས་འབྲི་རུ་རྫོང་ཐོག་ཏུ་རྒྱ་དམག་དང་འཐབ་འཁྲུག་སྐབས་ཚེ་སྲོག་ཤོར་ཡོད་འདུག་ལ། ཁོང་གི་ཨ་ཁུ་བཀྲ་ཤིས་སྲིད་ཐར་ཡང་སྐབས་དེའི་དོན་རྐྱེན་འོག་སྲོག་ཁྲིམས་ཕོག་ཏེ་ལོ་ ༡༣ རིང་བྲོལ་བྱོལ་དུ་ཕྱིན་ཡོད་པ་དང་། རྗེས་སུ་གུ་ཡངས་བཏང་སྟེ་སྲོག་ཁྲིམས་ཕྱིར་འཐེན་བྱས་ཡོད་འདུག

འབྲོང་སྣ་དགོན་བདེ་ཆེན་དཔལ་འབར་གླིང་ནི། དུས་རབས་ ༡༡ ནང་ཕྱག་བཏབ་ཡོད་པ་དང་། དུས་རབས་ཉི་ཤུའི་དཀྱིལ་དུ་རྒྱ་དམར་གྱི་བོད་ཀྱི་ཆོས་དང་རིགས་གཞུང་གཏོར་བཤིག་བྱེད་སྐབས་རྩ་གཏོར་དུ་ཕྱིན་ཡོད་འདུག རྗེས་སུ་མཁན་པོ་མཁྱེན་རབ་ཆོས་གྲགས་དང་དབུ་མཛད་བསྟན་འཛིན་དབང་ཕྱུག་སོགས་གནས་བརྟན་བགྲེས་སོང་རྣམས་ཀྱིས་དགོན་པའི་རྟེན་དང་བརྟེན་པ་སླར་གསོ་གནང་སྟེ། ད་ཆར་དགོན་པར་དགེ་འདུན་གྱི་ཞལ་གྲངས་ ༩༠ ཙམ་ཡོད་འདུག

དགོན་པ་ཞིག་གསོ་གནང་མཁན་མཁན་པོ་མཁྱེན་རབ་ཆོས་གྲགས་ལགས་ནི་ཐར་འདོད་ཀྱི་ཨ་ཁུ་ཡིན་འདུག་ལ། ཁོང་བོད་བཙན་བཟུང་མ་བྱས་གོང་འབྲོང་སྣ་དགོན་པའི་མཁན་པོ་ཡིན་པ་དང་། དུས་ཟིང་སྐབས་ལོ་ ༡༥ རིང་བཙོན་འཇུག་མནར་གཅོད་ཚད་ལས་འདས་པ་མྱངས་དགོས་བྱུང་ཡོད་འདུག

༢༠༡༣ ལོའི་ལོ་མཇུག་དང་འདི་ལོའི་ལོ་མགོར་འབྲི་རུ་རྫོང་དུ་ངོ་རྒོལ་དང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་ལས་འགུལ་སྤེལ་བ་ལ་བརྟེན་ནས། འབྲོང་སྣ་དགོན་པའི་རིག་གནས་དགེ་རྒན་སྐལ་བཟང་དོན་གྲུབ་གཙོས་གྲྭ་བ་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་མ་ཟད།  སྔར་ལོའི་ལོ་མཇུག་ཏུ་འབྲོང་སྣ་དགོན་པའི་གྲྭ་ཤག་ཁག་སྔོག་བཤེར་དང་གྲྭ་ཤག་དང་དགོན་པར་སྒོ་ཐེལ་བརྒྱབས་པའི་གནས་ཚུལ་བྱུང་ཡོད་པ་དང་། ད་ཆར་ཡང་དགོན་པའི་རྒྱུན་ལྡན་གྱི་བྱེད་སྒོ་ཁག་ལ་དམ་དྲག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༤ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༢༡ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese