མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གཉིས་ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༤/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ནགས་ཤོད་འབྲི་རུ་རྫོང་གི་ན་གཞོན་རྩོམ་པ་པོ་ཞོགས་དྲིལ་ལགས་དང་ཁོང་གི་གྲོཊ་པོ་གཡུལ་རྒྱལ་གཉིས་ལ་ལོ་ ༡༠ ནས་ ༡༣ བར་གྱི་ཁྲིམས་ཐག་བཅད་འདུག

ཉེ་ཆར་བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་ཟེར་བས། སྔར་ལོའི་ཟླ་ ༡༠ ཚེས ༢༨ ཉིན་ནགས་ཤོད་འབྲི་རུ་རྫོང་གི་གཞོན་སྐྱེས་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ནམ་ཞོགས་དྲིལ་ལགས་སུ་ལོ་ ༡༣ དང་། ཁོང་གི་གྲོགས་པོ་གཡུལ་རྒྱལ་ལགས་སུ་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཤི་འདྲེ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། སྔར་ལོའི་ཕྱི་ཟླ་ ༩ པའི་ཚེས ༢༧ ཉིན་ནགས་ཤོད་འབྲི་རུ་རྫོང་འབྲི་རུ་ཤང་མོ་བ་གྲོང་དང་སྨོན་ཁྱིམ་གྲོང་གཙོས་པའི་ས་གནས་ཡུལ་མི་ཚོས་རྒྱ་མིའི་རྒྱལ་དར་ཁང་སྟེང་དུ་བསྒྲེང་འཛུཊ་མ་བྱས་པར་མོ་རྔུལ་ཆུར་གཡུགས་པའི་གནས་ཚུལ་བྱུང་བ་མ་ཟད། ཚེས ༢༨ ཉིན་བོད་མི་སྟོང་ཕྲག་ལྷག་རྫོང་མི་དམངས་སྲིད་གཞུང་མདུན་དུ་འཛོམས་ཏེ་ཟས་བཅད་ངོ་རྒོལ་དང་། མོ་བ་གྲོང་དང་སྨོན་ཁྱིམ་གྲོང་དུ་ཉེས་མིང་འཛིན་བཟུང་བྱས་པའི་ཡུལ་མི་ཚོ་རྒྱབ་ལངས་བྱས་པ་དང་། རྫོང་གི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོས་ངོ་རྒོལ་གྱིས་སློབ་གྲྭ་སྟོང་ཕ་ཆགས་ཡོད་འདུག

རྫོང་ཐོག་གི་ཛ་དྲག་གནས་སྟངས་ཐད་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཝུ་ཡེང་ཅེ་དང་རྡོ་ཐོག་སོགས་འབྲི་རུར་ཡོང་སྟེ་འཇམ་རྩུབ་ཅི་རིཊ་ཀྱིས་ངོ་རྒོལ་འཇཊ་ཐབས་བྱས་པ་མ་ཟད། རྒྱ་ནག་མགོ་ཁྲིད་ཝུན་ཡེང་ཅེ་སོགས་ཀྱིས་མཚན་མོར་ཐང་ཉལ་གྱིས་ངོ་རྒོལ་བྱེད་པའི་མི་མང་ལ་ངོ་རྒོལ་མཚམས་འཇོག་དགོས་པའི་གཏམ་བཤད་བྱེད་སྐབས། རྩོམ་པ་པོ་ཞོགས་དྲིལ་དང་ཁོང་གི་གྲོགས་པོ་གཡུལ་རྒྱལ་སོགས་ཀྱིས་མདུན་དུ་ཐོན་ཏེ། མི་དམངས་ཀྱི་བདེ་སྡུག་བཤད་སྟབས། ཟླ་ ༡༠ ཚེས ༡༡ ཉིན་གྱི་མཚན་མོའི་ཆུ་ཚོད ༡།༠༠ ཙམ་ལ་རྫོང་ཉེན་རྟོག་མི་སྣ་ཁ་ཤས་གློ་བུར་དུ་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་དུ་འབྱོར་ཏེ། ཞོགས་དྲིལ་སྡོད་ཁྱིམ་དུ་འཛུལ་ནས་འཛིན་བཟུང་བྱས་ཡོད་འདུག

ཕྱི་ཉིན་སྔ་དྲོ་ཁོང་གི་གྲོགས་པོ་གཡུལ་རྒྱལ་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་དུ་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད།  ༢༠༡༤ ལོའི་ཟླ་ ༣ པར་རྒྱ་གཞུང་གིས་ཁོང་གཉིས་ཀྱི་ནང་མི་རེ་རེར་ཐུག་ཆོག་པའི་བཀའ་འཁྲོལ་སྐབས། གཞི་ནས་ལྷ་སའི་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ཤེས་ཡོད་འདུག་ལ། སྐབས་དེར་ནང་མི་དང་ཁོང་གཉིས་བར་སྐར་མ་ ༡༠ རེའི་སྐད་ཆ་བཤད་པའི་གོ་སྐབས་བྱུང་ཡོད་པ་དང་། ཁྱིམ་ཚང་གིས་དུས་དེར་གཞི་ནས་རྩོམ་པ་པོ་ཞོགས་དྲིལ་ལ་ལོ་ ༡༣ དང་། ཁོང་གི་གྲོགས་པོ་གཡུལ་རྒྱལ་ལ་ལོ་ ༡༠ ཁྲིམས་ཐག་བཅད་ཡོད་པ་ཤེས་འདུག

རྒྱ་གཞུང་གིས་ཁོང་གཉིས་ལ་ཁྲིམས་འགལ་ཐོག་སྲིད་གཞུང་མགོ་ཁྲིད་ལ་སྐད་ཆ་འདྲ་མིན་བཤད་པ་དང་། སྤྱི་ཚོགས་ནང་ཟིང་ཆ་བསླངས་པའི་ཉེས་མིང་འོག བོད་རང་སྐྱོང་མི་དམངས་ཁྲིམས་ཁང་ཟེར་བས་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པ་ལས། ཁྲིམས་རྭ་ཚོགས་པ་དང་ཁྱིམ་མིར་ཁྲིམས་ཆད་ཀྱི་བརྡ་ལན་སོགས་གང་ཡང་སྤྲད་མི་འདུག་ལ། གནས་ཚུལ་གོ་རྗེས་བོམ་ཕན་ཤང་གྲོང་སྟེང་མཁར་གྲོང་། རི་ཞིང་གྲོང་སོགས་གྲོང་ཚོ་ཕལ་ཆེ་བས་ས་གནས་སྲིད་གཞུང་ལ་ཁོང་གཉིས་ཀློད་གྲོལ་གཏོང་དགོས་པའི་སྙན་ཞུ་ཕུལ་བ་དང་ཞུ་སྐུ་བྱས་ཀྱང་། རྒྱ་གཞུང་གིས་ཉན་འཇོག་རྩ་བ་ནས་མེད་པ་མཟད། ཡར་ཞུ་བྱེད་མཁན་ཁག་ཅིག་སྔ་ཕྱི་འཛིན་བཟུང་དང་དངུལ་གྱི་ཆད་པ་སོགས་བཅད་ཡོད་འདུག

ཞོགས་དྲིལ་ལགས་ནི། ནགས་ཤོད་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ནས་ཡིན་པ་དང་། ཆུང་དུས་གཤམ་ཆུ་ཤང་སློབ་ཆུང་འགྲིམས་ཡོད་འདུག ༢༠༠༡ ལོར་སྡེ་དགེ་དཔལ་ཡུལ་བཤད་གྲར་ཞུགས་ཏེ་ནང་ཆོས་གཙོས་པའི་བོད་ཀྱི་རིག་གནས་ལ་སློབ་གཉེར་གནང་ཡོད། ༢༠༠༩ བར་སྡེ་དགེ་དཔལ་ཡུལ་དང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་། སྡེ་དགེ་ཞེ་ཆེན། སྡེ་དགེ་རྫོགས་ཆེན། ཡ་ཆེན་སྒར། རྔ་པ་ཀིརྟི་དགོན་བཅས་སུ་སློབ་སྦྱོང་དང་གྲྭ་སྐོར་ལ་ཕེབས་འདུག ༢༠༠༩ ལོའི་མཇུག་ཏུ་སྐྱ་སར་བབས་ཏེ་ནུབ་བྱང་མི་རིགས་སློབ་གླིང་དུ་ལོ་ ༤ རིང་རྒྱའི་སྐད་ཡིག་གི་ཐོག་རྩོམ་རིག་ཆེད་སྦྱོང་གནང་ཡོད་འདུག ༢༠༡༣ ལོའི་ཟླ་ ༥ པར་རྒྱ་གཞུང་གིས་ཁོང་དང་སློབ་ཕྲུག་གཞན་ཁག་ཅིག་གིས་ནམ་རྒྱུན་སློབ་གྲྭའི་ནང་ཁྲིམས་འགལ་ཐོག་བགྲོ་གླེང་གནང་གི་ཡོད་པའི་ཉེས་འཛུཊ་འོག་ནུབ་བྱང་མ་རིགས་སློབ་ཆེན་ནས་ཕྱིར་འཕུད་བཏང་ཡོད་འདུག་ལ། སྔར་ལོའི་ཕྱི་ཟླ ༦ པར་ཕ་ཡུལ་དུ་ལོག་ཏེ་༼མི་རབས་གསར་པའི་མགྲོན་ཁང་༽ཞེས་པ་ཞིག་བཙུགས་ཡོད་པ་དང་། ཞོར་དུ་ཟུར་སྦྱོང་འཛིན་གྲྭ་གཉེར་ནས་ན་གཞོན་ཚོར་རིན་མེད་ཐོག་བོད་ཡིག་དང་རྒྱ་ཡིག་སློབ་ཁྲིད་བྱས་ཡོད་འདུག

ཁོང་གིས་ ༢༠༠༧ ལོར་བརྩམས་ཆོས་༼ཁ་བ་ལ་འཁྲེང་བའི་དུང་སེམས་ཀྱི་ཅོང་སྒྲ༽ ཞེས་པ་དང་། ༼གངས་རིའི་ལས་དབང་༽ ཞེས་པའི་དེབ་གཉིས་པར་བསྐྲུན་བྱས་ཏེ་ཀློག་པ་པོས་གདེང་འཇོག་ཆེན་པོ་གནང་ཡོད། ༢༠༡༢ ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་གཉེར་ཞོར་དུ་སློབ་གྲོཊ་ཁག་ཅིག་དང་མཉ་དུ་༼མི་རབས་གསར་པ༽ཅེས་པའི་ལོ་དེབ་ཅིག་རྩོམ་སྒྲིག་བྱས་ཡོད་ལ། རྒྱ་ཡིག་ཐོག་ཞོགས་དྲིལ་པོད་ཁུག་ཅེས་པ་གཉེར་ནས་༼མདོག་ངན་གྱི་ལྷ་ས༽ དང་། ༼དཀོན་མཆོག་འཆི་བར་འོས༽ཞེས་པའི་རྩོམ་ཡིག་མང་པོ་སྤེལ་ཡོད།

གཡུལ་རྒྱལ་ལགས་ནི། ནགས་ཤོད་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༢༦ ཡིན་འདུག ཆུང་དུས་གཤམ་ཆུ་ཤང་སློབ་ཆུང་འགྲིམས། ༢༠༠༥ ལོར་རྫོང་ཉེན་རྟོག་ལས་ཁུངས་སུ་ལས་གནས་བསྐོ་བཞག་གིས་ལོ་ ༧ རིང་ལས་ཀ་བྱས་ཡོད། ༢༠༠༧ ལོར་ཉེན་རྟོག་པའི་ལས་ཀ་ནས་དགོངས་པ་ཞུས་ཏེ་རྫོང་ཐོག་ཏུ་ཚོང་ལས་གཉེར་ཡོད། ཁོང་གིས་ཉེན་རྟོག་པའི་ལས་ཀ་བྱས་སྐབས་མི་དམངས་ལ་དྲང་བདེན་གྱི་ལས་ཀ་བྱས་ཏེ་ཕན་ཐོགས་ཆེན་པོ་བྱུང་ཡོད་འདུག ཁོང་གི་བཟའ་ཟླའི་མིང་ལ་ལྷ་སྐྱིད་སྒྲོལ་མ་ཞུ་བ་དང་། ཁོང་བཟའ་ཟླ་གཉིས་ལ་ཕྲུ་གུ་གཉིས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese