དེ་རིང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་རང་ལུས་མེར་བསྲེགས་གནང་མཁན་ཚོའི་སྐོར་ལ་པར་གྱི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་སོང་།
དེ་རིང་ཞོགས་པའི་ཆུ་ཚོད་ ༩།༠༠ སྟེང་ངྷ་ས་བོད་ཀྱི་འགྲེམས་སྟོན་ཁང་དུ། བོད་མིའི་སྒྲིག་འཛུཊ་ཕྱི་དྲིལ་ལས་ཁུངས་འགྲེམས་སྟོན་ཚན་པས་ ༢༠༠༩ ལོའི་ཟླ་ ༣ ནས་ ༢༠༡༤ ལོའི་ཟླ་ ༣ བར་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༢༩ ཡི་སྐུ་པར་དང་ཁ་ཆེམས། རང་ལུས་མེར་བསྲེཊ་གནང་དགོས་པའི་རྒྱབ་ལྗོངས་གནས་ཚུལ་བཅས་ཀྱི་སྐོར་ལ་པར་གྱི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་སོང་།
འགྲེམས་སྟོན་ཐོག་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་མཆོག་དང་། ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས། བོད་ཀྱི་འགྲེམས་སྟོན་ཁང་གི་ལས་བྱེད་བཅས་འཛོམས་འདུག་ལ། སྐབས་དེར་ཕྱི་དྲིལ་བཀའ་བློན་མཆོག་གིས་འགྲེམས་སྟོན་དབུ་འབྱེད་དང་གཟིགས་ཞིབ་གནང་རྗེས་གསར་འགོད་པར། བོད་ནང་རང་ལུས་མེར་བསྲེགས་གནང་མགོ་བརྩམས་པ་ནས་བཟུང་བོད་མིའི་སྒྲིག་འཛུཊ་ཀྱིས་ཚབས་ཆེན་ལས་འགུལ་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུས་དང་ཞུ་བཞིན་ཡོད་ཀྱང་། ད་བར་རང་ལུས་མེར་བསྲེགས་གནང་མཁན་ ༡༢༩ བྱུང་ཡོད་སྐོར་དང་། ང་ཚོས་རྒྱལ་སྤྱིའི་ནང་རང་ལུས་མེར་བསྲེགས་གནང་དགོས་པའི་རྒྱུ་མཚན་དང་རྒྱབ་ལྗོངས་ར་སྤྲོད་བྱ་རྒྱུ་གལ་ཆེན་དུ་བརྩིས་ཏེ། བོད་པ་ཙམ་མིན་པར་མི་རིགས་གཞན་པ་གང་མང་ལ་བོད་མིས་རང་ལུས་མེར་བསྲེགས་གནང་བའི་རྒྱུ་མཚན་དང་ཁོང་ཚོའི་རེ་འདོད་གང་ཡིན་ངོ་སྤྲོད་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་གཅིག་པུ་མིན་པར། རྒྱ་ནག་གི་སྲིད་བྱུས་དང་འབྲེལ་བ་ཐོག་ནས་ག་རེ་གནང་གི་ཡོད་མེད་གསལ་བཤད་ཞུ་རྒྱུའི་འབད་བརྩོན་ཞུ་བཞིན་ཡོད་ཅེས་སོགས་གསུངས་སོང་།
ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལཊ་ཀྱིས། ཐེངས་འདིའི་འགྲེམས་སྟོན་འདི་ནི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་སྐོར་སྐྱོད་འགྲེམས་སྟོན་གྱི་ཆ་ཤས་ཆགས་ཡོད་པ་དང་། ད་རེས་བོད་ཀྱི་འགྲེམས་སྟོན་ཁང་དུ་གོ་སྒྲིག་བྱེད་དོན་དབྱར་དུས་ངྷ་རམ་སར་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་ཡོང་གི་ཡོད་སྟབས་གོ་སྒྲིག་གནང་བ་ཡིན་ཚུལ་བརྗོད་བྱུང་བ་མ་ཟད། ཐེངས་འདི་ནི་ཕྱི་དྲིལ་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ཐོག་རང་ལུས་མེར་བསྲེགས་ཁྱབ་སྤེལ་དང་ངོ་སྤྲོད་ཆེད་འགྲེམས་སྟོན་གནང་ཐེངས་ཐོག་མ་ཡིན་ཞེས་བརྗོད་སོང་།
གསར་འགོད་པ། ལྷ་སྐྱབས་རྒྱལ།