མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་ཟླ་གཅིག་ལྷག་རིང་སྐབས་བཅུ་དྲུག་པའི་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོ་གནང་རྒྱུ་ཡིན་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༧།༠༠ ནས་ཉིན་རྒྱབ་ཆུ་ཚོད་ ༥།༠༠ བར། ཨ་སམ་དང་ཏེར་པུ་རའི་ནང་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མིའི་འོས་བསྡུ་ཆེན་མོ་མགོ་འཛུགས་བྱས་ཡོད་ཅིང་། ཐེངས་འདིའི་འོས་བསྡུའི་ཁྲོད་ཨ་སམ་ལཱག་ཁེམ་པུར་ (Lakhimpur) དང་། ཏི་ཛུ་སྤུར། ཀ་ལི་ཡ་བྷར་ (Kaliabor)། ཇོ་ར་ཌི་ (Jorhat )། དྷི་པུར་གྷ་ (Dibrugarh ) བཅས་ཀྱི་གྲོས་ཚོགས་འཐུས་མི་དང་། ཏེར་པུ་རའི་གྲོས་ཚོགས་འཐུས་མི་གཅིག་བཅས་འོས་འདེམས་བྱེད་བཞིན་ཡོད་སྟབས། མི་མང་འབུམ་ ༧༦ གིས་འོས་འདེམས་ས་ཚིགས་ ༡༢༢༡ སུ་འོས་ཤོག་འཕངས་ཡོད་འདུག

ཐེངས་འདིར་ཨ་སམ་ཏི་ཛུ་སྤུར་ས་ཁུལ་གྱི་འོས་མི་སྐུ་ཞབས་མཱ་ཎི་ཀུ་མར་ (Mani Kumar Subba) ལགས་དང་། ཀ་ལི་ཡ་བྷར་གྱི་འོས་མི་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་བུ་གྷོ་ར་ཝེ་ (Gourav Gogoi ) ལགས། ཇོ་ར་ཌིའི་འོས་མི་ཀོང་རེ་སེ་ཚོགས་པའི་གྲོས་ཚོགས་འཐུས་མི་བྷེ་ཇེའོ་ (Bijoy Krishna Handique ) ལགས་དང་དམར་ཤོག་ཚོགས་པའི་མགོ་ཁྲིད་བྷུར་གྷོ་ཧན་ (Drupad Borgohain ) ལགས། ལཱག་ཁེམ་པུར་གྱི་འོས་མི་རྒྱ་གར་དབུས་གཞུང་གི་བློན་ཆེན་ར་ཎེ་ནཱ་ར་ཧཱ་ (Ranee Narah) ལགས་དང་། མངའ་སྡེའི་བྷེ་ཇའེ་པི་ཚོགས་པའི་ཚོགས་གཙོ་སར་བྷ་ན་ཌ་ (Sarbananda Sonowal) ལགས། དྷི་པུར་གྷ་ས་གནས་ཀྱི་འོས་མི་རྒྱ་གར་དབུས་གཞུང་གི་བློན་ཆེན་པཱ་བྷན་སིན་ (Paban Singh Ghatowar) ལགས་དང་། བྷེ་ཇའེ་པིའི་ར་མེ་ཤི་སེ་ཝར་ (Rameswar Teli) ལགས། ཨལ་ཇེ་པི་ (AGP) ཚོགས་པའི་འཐུས་མི་ཨཱ་ཎོབ་ (Anoop Phukan) ལགས་བཅས་ཡིན་འདུག

འདིའི་ཐད་ཏེར་པུ་རེ་ས་གནས་འོས་བསྡུའི་འགན་འཛིན་ཨ་ཤོ་ཌོ་ཤི་ཇན་ཌལ་ (Ashutosh Jindal) ལགས་ཀྱིས། “ ཨ་སམ་དང་ཏེར་པུ་རར་འོས་འདེམས་ས་ཚིགས་ ༡༢༢༡ ཡོད་པ་ལས། བརྒྱ་ཆ་ ༩ ཙམ་ནང་འོས་བསྡུ་དང་འབྲེལ་བའི་འཇབ་རྒོལ་ཤུགས་ཆེར་བྱུང་བཞིན་ཡོད་སྟབས། སྲུང་དམག་རིམ་པ་གསུམ་འགྲེམས་འཇོག་གིས་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད། ” ཅེས་བརྗོད་འདུག

ཨ་སམ་གྱི་འོས་བསྡུའི་འགན་འཛིན་ཝུ་ཇེ་ཡན་ཌ་ར་ (Vijyandra) ལགས་ཀྱིས། “ འོས་འདེམས་ས་ཚིགས་ཁག་གི་འོས་སྒམ་འཕྲོག་བཅོམ་དང་། འབར་གས་ཀྱི་དོན་རྐྱེན་མི་འབྱུང་ཆེད་རྟོག་ཞིབ་ཚོགས་ཆུང་དང་། ཉེན་རྟོག་པ། སྲུང་དམག་བཅས་ཀྱིས་དོ་དམ་བྱེད་བཞིན་ཡོད།” ཅེས་བརྗོད་འདུག

སྐབས་ ༡༦ པའི་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ཁྲོད་མི་ ༥༤༣ འདེམས་དགོས་ཀྱི་ཡོད་པ་དང་། ཐེངས་འདིའི་འོས་བསྡུར་མང་ཚོགས་ས་ཡ་ ༨༡༤ ཡིས་དེབ་སྐྱེལ་དང་། འོས་བསྡུའི་ས་ཚིགས་ ༩༣༠༠༠༠ ཙམ་གོ་སྒྲིག་གནང་ཡོད་འདུག་ལ། སྲིད་བློན་འོས་མིའི་རེ་བ་ཆེ་ཤོས་ལོ་ ༦༣ ཙམ་ཡིན་པའི་བྷེ་ཇཱའི་པི་ཚོགས་པའི་འོས་མི་སྐུ་ཞབས་ཎ་རིན་ཌ་མུ་དྷི་ལགས་དང་། ལོ་ ༤༣ ཡིན་པའི་ཀོང་རེ་སེ་ཚོགས་པའི་འོས་མི་ར་ཧུལ་གྷན་དྷི། མི་སེར་དཀྱུས་མའི་ཆབ་སྲིད་ཚོགས་པའི་མགོ་ཁྲིད་ཨར་ཝུན་ཁེ་ཅེ་རེ་ཝལ་ ( Arvind Kejiriwal) ལགས་དང་། ཨེ་ཨ་ཡེ་ཌེ་ཨེམ་ཀེ་ (AIADMK) ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཇེ་ཇཱ་ཡ་ལ་ལི་དྷ་ (J Jayalalithaa) ལགས། ཊིར་མ་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་མེམ་ཋ་བྷེ་ཎར་ཇེ་ (Ms Banerjee) བཅས་ཆགས་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་བསྡུ་ཆེན་མོ་ཁྲོད་རྒྱལ་ཁ་ལེན་དགོས་ན། མཱ་ཧ་ར་ཤི་ཌ་དང་ནུབ་བྷང་གྷལ། ཏ་མིལ་ཎ་ཌོར་བཅས་སུ་རྒྱལ་ཁ་ཐོབ་རྒྱུ་གལ་ཆེན་ཆགས་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་ ༡༢༠ ཡོད་པའི་ཡུ་པི་དང་། འཐུས་མི་ ༤༠ ཙམ་ཡོད་པའི་བྷེ་ཧར་མངའ་སྡེ་གཉིས་ནང་རྒྱལ་ཁ་ཐོབ་རྒྱུ་དེ་བས་ཀྱང་གལ་ཆེན་ཆགས་ཡོད་སྐོར་བརྗོད་འདུག

ཨ་སམ་རྒྱལ་ཡོངས་ཀྱི་གྲོས་ཚོགས་འཐུས་མིའི་འོས་འདེམས་གཉིས་པ། ཟླ་འདིའི་ཚེས་ ༡༢ ཉིན་མགོ་འཛུཊ་གནང་སྟེ་འཐུས་མི་ ༣ འདེམས་རྒྱུ་དང་། ཚེས་ ༢༤ ཉིན་གྲོས་ཚོགས་འཐུས་མི་ ༦ གདམ་རྒྱུ་ཡིན་པ་མ་ཟད། ཚེས་ ༡༢ ཉིན་ཏེར་པུ་རའི་འཐུས་མི་གཞན་དེ་ཡང་འདེམས་རྒྱུ་ཡིན་འདུག ཚེས་ ༩ ཉིན་ཧི་མ་ཅལ་གྱི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་འོས་བསྡུ་གནང་འཆར་ཡོད་འདུག

རྒྱ་གར་ནི་མི་འབོར་དུང་ཕྱུར་ ༡༢།༥ ལྷག་དང་། མངའ་སྡེ་ ༢༨། དམིགས་བསལ་ས་ཁུལ་ ༧ ཙམ་ཡོད་པའི་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། གྲོས་ཚོགས་གོང་འོག་གཉིས་ཡོད་པ་ལས་གྲོས་ཚོགས་འོག་མར་འཐུས་མི་ ༥༤༣ དང་། གྲོས་ཚོགས་གོང་མར་འཐུས་མི་ ༢༤༥ བཅས་ཡོད་འདུག

གྲོས་ཚོགས་གོང་མའི་འཐུས་མི་རྣམས་མངའ་སྡེའི་གྲོས་ཚོགས་དང་དབུས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་འོས་འདེམས་བརྒྱུད་གཏན་འཇགས་ཆགས་ཀྱི་ཡོད་པ་དང་། དུས་ཡུན་ལོ་ ༦ ཡིན་པ་དང་། ལོ་གཉིས་རེའི་མཚམས་སུ་གྲོས་ཚོགས་འཐུས་མི་གསུམ་ཆ་གཉིས་རེ་བྱས་ཏེ་འཕོ་འགྱུར་འགྲོ་གི་ཡོད་འདུག  གྲོས་ཚོགས་འོག་མའི་འཐུས་མི་རྣམས་ལོ་ ༥ རེའི་མཚམས་སུ་རྒྱལ་ཡོངས་འོས་བསྡུ་བརྒྱུད་འདེམས་སྒྲུག་བྱེད་ཀྱི་ཡོད་འདུག

ཐེངས་འདིའི་གྲོས་ཚོགས་འོག་མའི་འོས་བསྡུར་ཀོང་རེ་སེ་དང་བྷི་ཇའེ་པི་གཙོས་ཆབ་སྲིད་ཚོགས་པ་ཁག་ ༢༥ ལྷག་གིས་ཆ་ཤས་ལེན་བཞིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist