མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྷེ་ཇཱའེ་པི་ལ་རྒྱལ་ཁ་ཐོབ་རྒྱུ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་སྐབས་བཅུ་དྲུག་པའི་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོའི་སྐོར་ལ་བསམ་ཤོག་བསྡུ་ལེན་བྱས་པ་བརྒྱུད་བྷེ་ཇཱའེ་པི་ཚོགས་པར་འོས་ཚད་མཐོ་ཤོས་ཐོབ་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་ཨན་ཌི་ཌི་བྷི་ (NDTV) ཡིས་རྒྱ་གར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཆེ་ཁག་ཏུ། རྒྱ་གར་རྒྱལ་ཡོངས་སྐབས་བཅུ་དྲུག་པའི་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོའི་ཁྲོད། ཆབ་སྲིད་ཚོགས་པ་གང་ལ་རྒྱལ་ཁ་ཐོབ་མིན་ཐད་བསམ་ཤོག་བསྡུས་པ་བརྒྱུད། སྐུ་ཞབས་ཎ་རིན་ཌ་མུ་དྷི་ལགས་ཀྱིས་མགོ་ཁྲིད་པའི་བྷེ་ཇཱའེ་པི་ཚོགས་པར་བསམ་ཤོག་མང་ཤོས་ཨང་དང་པོ་དང་། ར་ཧུལ་གྷན་དྷི་ལགས་ཀྱིས་མགོ་ཁྲིད་པའི་ཀོང་རེ་སེ་ཚོགས་པ་ཨང་གཉིས་པ། མེམ་ཋ་བྷེ་ཎར་ཇེ་ (Ms Banerjee) ལགས་ཀྱིས་སྣེ་ཁྲིད་པའི་ཊེར་ཎ་མོལ་ཀོང་རེ་སི་ (Trinamool) ཚོགས་པར་ཨང་གསུམ་པ་བཅས་ཐོབ་རྒྱུ་ཡིན་སྐོར་ཚོད་དཔག་བྱས་ཡོད་འདུག

མང་མོས་བསམ་ཤོག་དེའི་ནང་། རྒྱལ་ཡོངས་འོས་བསྡུའི་ཁྲོད་གྲོས་ཚོགས་འཐུས་མི་ ༥༤༣ འདེམ་དགོས་པ་ལས། བྷེ་ཇཱའེ་པི་ཚོགས་པར་འཐུས་མི་ ༢༧༥ དང་། ཀོང་རེ་ཚོགས་པར་འཐུས་མི་ ༡༡༡། ཊེར་ཎ་མོལ་ཀོང་རེ་སི་ཚོགས་པར་འཐུས་མི་ ༣༠། ཇཱ་ཡ་ལ་ལི་དྷ་ལགས་ཀྱིས་སྣེ་ཁྲིད་པའི་ (J Jayalalithaa) ཨལ་ཨའེ་ཌི་ཨེམ་ཁེ་ ( AIADMK) ཚོགས་པར་འཐུས་མི་ ༢༢། མུ་ལཱ་ཡམ་སིང་ཡཱ་ཋེབ་ལགས་ཀྱིས་སྣེ་ཁྲིད་པའི་སམ་མཱ་ཇེ་ཚོགས་པར་ (SP) འཐུས་མི་ ༡༤། ནེ་ཝན་པཱ་ཌེ་ནེག་ (Naveen Patnaik) ལགས་ཀྱིས་སྣེ་ཁྲིད་པའི་བྷེ་ཇུ་ཇཱ་ན་ཌ་ཌལ་ (Biju Janata Dal) ཚོགས་པར་འཐུས་མི་ ༡༣། ཀཱ་རན་ཎ་ཌི་ལགས་ཀྱིས་སྣེ་ཁྲིད་པའི་ཌི་ཨེམ་ཁེ་ (DMK) ཚོགས་པར་འཐུས་མི་ ༡༤། དམར་ཤོག་ཚོགས་པར་འཐུས་མི་ ༢༢། ཨར་ཝུན་ཁེ་ཅེ་རེ་ཝལ་ལགས་ཀྱིས་སྣེ་ཁྲིད་པའི་མི་སེར་དཀྱུས་མའི་ཆབ་སྲིད་ཚོགས་པར་གྲོས་ཚོགས་འཐུས་མི་ ༡ ལས་ཐོབ་རྒྱུ་ཡིན་སྐོར་བརྗོད་འདུག

ཐེངས་འདིའི་འོས་བསྡུའི་ཁྲོད་བྷེ་ཇའི་པིས་སྣེ་ཁྲིད་པའི་༼རྒྱལ་ཡོངས་དམངས་གཙོའི་མཐུན་སྒྲིལ་ཚོགས་པ་༽( National Democratic Alliance ) ཞེས་པར་ ༢༠༠༩ ལོའི་རྒྱལ་ཡོངས་འོས་བསྡུ་དང་བསྡུར་ན་ཅུང་ལེགས་པ་ཡོང་རྒྱུ་ཡིན་པ་ཚོད་དཔག་བྱེད་བཞིན་ཡོད་འདུག་ལ། རྒྱལ་ཡོངས་དམངས་གཙོའི་མཐུན་སྒྲིལ་ཚོགས་པར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་ཡུ་པི་མངའ་སྡེ་ནས་གྲོས་ཚོགས་འཐུས་མི་ ༤༡ དང་། མཱཧ་ར་ཤི་ཌ་ནས་འཐུས་མི་ ༡༧། ར་ཇེ་སི་ཐན་ནས་འཐུས་མི་ ༡༧། བྷེ་ཧར་ནས་འཐུས་མི་ ༡༢། ཨན་དྷ་ར་པར་དྷི་ཤི་ནས་འཐུས་མི་ ༡༢། མཱ་དྷེཡ་པར་དྷི་ཤི་ནས་འཐུས་མི་ ༡༠ བཅས་ཐོབ་རྒྱུ་ཡིན་པར་ཚོད་དཔག་བྱས་ཡོད་ཀྱང་། བྷེ་ཇཱའེ་པི་ཡིས་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཀཱ་ཎཱ་ཀྲ་ཁཱ་ནང་འཐུས་མི་ ༧ དང་། ཆཱ་དྷིསེ་གྷར་ནང་འཐུས་མི་ ༢། ནུབ་བྷང་གྷར་ནང་འཐུས་མི་ ༡ ལས་ཐོབ་རྒྱུ་མིན་སྐོར་བསྒྲགས་འདུག

ཐེངས་འདིའི་འོས་བསྡུའི་ཁྲོད་གཞུང་འཛིན་ཀོང་རེ་སེ་ཚོགས་པར་ ༢༠༠༩ ལོའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དང་བསྡུར་ན་ཀཱ་ཎཱ་ཀྲ་ཁཱ་དང་། ཨ་སམ། ཆཱ་དྷིསེ་གྷར་བཅས་ཀྱི་གྲོས་ཚོགས་འཐུས་མིའི་རྒྱལ་ཁ་ཐོབ་རྒྱུ་ཙམ་ལས། མངའ་སྡེ་གཞན་ནང་བྷེ་ཇཱའེ་པི་གཙོས་ཆབ་སྲིད་ཚོགས་པ་ཁག་ལ་མང་མོས་ཐོབ་རྒྱུ་དང་། ཀོང་རེ་སེ་ཚོགས་པས་ཤུགས་རྐྱེན་ཆེན་པོ་བཟོ་བཞིན་ཡོད་པའི་ཨན་དྷ་ར་པར་དྷི་ཤི་ནང་གྲོས་ཚོགས་འཐུས་མི་ ༣ ལས་ཐོབ་རྒྱུ་མིན་སྐོར་བརྗོད་འདུག

བྷེ་ཇཱའེ་པི་ཚོགས་པར་རྒྱལ་ཁ་ཐོབ་པ་ཡིན་ན། ཚོགས་པའི་འོས་མི་སྐུ་ཞབས་ཎ་རིན་ཌ་མུ་དྷི་ལགས་རྒྱ་གར་གྱི་སྲིད་བློན་ཆགས་རྒྱུ་ཡིན་སྟབས། རྒྱལ་སྤྱི་རྒྱལ་ནང་གི་རྒྱ་གར་བ་སྒྱུ་རྩལ་མཁས་ཅན་དང་། སྙན་གྲགས་ཅན་གྱི་རྩོམ་པ་པོ་སྐུ་ཞབས་སཱ་མན་ར་ཤི་ཌི་ (Salman Rushdie) ལགས་ཀྱི་གཙོས་གནད་ཡོད་མི་སྣ་མང་པོས་ཎ་རིན་ཌ་མུ་དྷི་ལགས་ནི་ཧིན་རྡུའི་ཆོས་ལུགས་ཀྱི་ལྟ་བ་ཤུགས་ཆེན་འཛིན་མཁན་ཞིག་ཡིན་པ་མ་ཟད། ༢༠༠༢ ལོར་གྷུ་ཆུ་ར་ཌི་ནང་ཉེས་མེད་ཁ་ཆེ་མི་རིགས་ ༢༠༠༠ ལྷག་དམར་བསད་ཀྱིས་ཧིན་རྡུ་དང་ཁ་ཆེ་མི་རིགས་བར་འགལ་ཟླ་བཟོ་མཁན་ཞིག་ཡིན་པར་བརྟེན། རྒྱ་གར་གྱི་རྩ་ཁྲིམས་ནང་གསལ་ཆོས་ལུགས་རིས་མེད་ཀྱི་སྲིད་གཞུང་ ( Secular State) རྒྱུན་འཁྱོངས་ཐུབ་རྒྱུ་ཁག་པོ་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ད་རེབ་རྒྱལ་ཡོངས་འོས་བསྡུའི་ཁྲོད་བྷེ་ཇཱའེ་པི་ཚོགས་པར་རྒྱལ་ཁ་ཐོབ་སྲིད་ཀྱང་། ཚོགས་པའི་མགོ་ཁྲིད་བར་ལྟ་བ་ལངས་ཕྱོགས་མི་མཐུན་པའི་དབང་གིས་གཞུང་ཡུན་རིང་སྲ་བརྟན་ཐུབ་རྒྱུ་དཀའ་ལས་ཁག་པོ་ཡིན་སྐོར་བརྗོད་འདུག

རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་ཟླ་འདིའི་ཚེས་ ༧ ཉིན་མགོ་བཙུགས་ཀྱིས་ཨ་སམ་དང་ཏེར་པུ་ར་མངའ་སྡེ་དང་། ཚེས་ ༩ ཉིན་ཨ་རུ་ན་ཅལ་དང་མ་ནི་པུར། མེ་གྷ་ལཱ་ཡཱར། མེ་ཛོ་རམ། ཎ་གྷ་ལན་ཌི་ནང་བྱས་ཡོད་ཅིང་། ཚེས་ ༡༠ ཉིན་བྷེ་ཧར་དང་ཆཱ་དྷིསེ་གྷར། ཧར་ཡཱ་ན། ཇམ་མུ་དང་ཀཱ་ཤི་མེར། ཇར་ཁནཌི། ཀེ་ར་ལཱ། མཱ་དྷེཡ་པར་དྷི་ཤི མཱཧ་ར་ཤི་ཌ། ཡུ་པི། ཨོ་རི་ས། ཨན་དྷ་མན་དང་ཎ་ཁཱོ་བྷར་གླིང་ཕྲན། ལག་ཤི་དྷེཝུབ། རྒྱལ་ས་ལྡི་ལི། ཅན་དྷི་གྷར་བྱས་དང་། ཚེས་ ༡༢ ཉིན་འབྲས་ལྗོངས་དང་། ཏེར་པུ་ར། ཨ་སམ་བཅས་ནང་འོས་བསྡུ་བྱས་ཡོད་འདུག

ཚེས་ ༡༧ ཉིན་བྷེ་ཧར་དང་ཆཱ་དྷིསེ་གྷར། གྷོ་ཝ། ཇམ་མུ་དང་ཀཱ་ཤི་མེར། ཇར་ཁན་ཌི། མཱ་དྷེཡ་པར་དྷི་ཤི ཀཱ་ཎཱ་ཀྲ་ཁཱ། མཱཧ་ར་ཤི་ཌ། ཨོ་རི་ས། མ་ཎི་པུར། ར་ཇེ་སི་ཐན། ཏ་མིལ་ན་ཌོ། ཡུ་པི། ནུབ་བྷང་གྷལ་བཅས་ནང་འོས་བསྡུ་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༧ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese