མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་མིའི་རྒྱལ་ཁབ་དང་ཡུལ་མིའི་སྲིད་སྐྱོང་ལ་དཔྱད་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

གཞུང་པ་ཚེ་དབང་བསོད་ནམས།

༄༅།། ཕྱི་ལོ་ ༡༩༩༡ ལོར་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གསུམ་པ་ཆབ་སྲིད་ཀྱི་རང་བཞིན་ཞེས་པའི་ནང་། ཡུལ་མིའི་རྒྱལ་ཁབ་ Republic ཟེར་བའི་མང་གཙོའི་ལྟ་སྒྲུབ་དང་མཐུན་པའི་ཐ་སྙད་དེ་འཁོད་ཡོད་པ་དང་། ཡུལ་མིའི་རྒྱལ་ཁབ་ Republic ཟེར་བའི་གོ་དོན་ཡང་རྒྱལ་ཁབ་ཀྱི་བདག་དབང་དེ་ཡུལ་གྱི་བདག་པོ་ཡུལ་མི་མང་ཚོགས་ལ་ཡོད་པ་ལྟར། དེའི་ངོ་བོ་མཚོན་ཐབས་སུ་རྒྱལ་ཁབ་ཀྱི་དབུ་ཁྲིད་ Head of Nation དང་། སྲིད་གཞུང་གི་མགོ་ཁྲིད་ Head of State དེ་གཉིས་མི་མང་གིས་བདམས་པའི་མི་ཞིག་ཡིན་དགོས། དེར་མི་མང་གིས་ཐད་ཀར་འདེམ་བཞིན་པའི་ལམ་ལུགས་ Direct Elected by people དང་། མི་མང་གི་སྐུ་ཚབ་འཐུས་མི་བརྒྱུད་ནས་འདེམ་བཞིན་པའི་ལམ་ལུགས་ Indirect elected by people བཅས་རིགས་གཉིས་ཡོད།

ང་ཚོའི་གནས་ཡུལ་རྒྱལ་ཁབ་རྒྱ་གར་ལྟ་བུར་མཚོན་ན། སྲིད་འཛིན་དེ་མི་མང་གི་སྐུ་ཚབ་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་བཅས་ནས་འདེམ་བཞིན་ཡོད་པ་དང་། སྲིད་བློན་དེ་འོས་བསྡུའི་ལམ་ནས་རྒྱལ་ཁ་ཐོབ་པའི་ཚོགས་པ་སོ་སོས་འདེམ་བཞིན་ཡོད། ཨ་རི་ལྟ་བུར་མཚོན་ན། སྲིད་འཛིན་དེ་མི་མང་ནས་ཐད་ཀར་འདེམ་བཞིན་ཡོད་པ་ལྟར་ Direct elected by people བཅས་མི་མང་ནས་ཐད་ཀར་བདམས་པའི་སྲིད་འཛིན་དེར་དབང་ཆ་ཡང་ཆེ་བ་ཡོད་ཅིང་། ཨ་རིའི་སྲིད་འཛིན་ལ་དམིགས་བསལ་གྱི་དབང་ཆ་ VETO POWER ཡོད། མི་མང་གི་སྐུ་ཚབ་འཐུས་མི་བརྒྱུད་ནས་བདམས་པའི་སྲིད་འཛིན་དེར་དབང་ཆ་ཡང་ཆུང་བ་ཡོད་པ་མི་ཚོའི་ཁ་རྒྱུན་ལའང་ Rubber Stamp ཟེར་སྲོལ་ཡོད།

དོན་སྙིང་ཡུལ་མིའི་རྒྱལ་ཁབ་ཀྱི་གོ་དོན་ངོ་མ་གོང་དུ་བརྗོད་པ་ལྟར། རྒྱལ་ཁབ་ཀྱི་དབུ་ཁྲིད་དང་སྲིད་གཞུང་གི་མགོ་ཁྲིད་དེ་དག་མི་མང་གིས་བདམས་པའི་མི་ཞིག་ཡིན་དགོས་པ་ལྟར། ང་ཚོའི་བཅའ་ཁྲིམས་ཀྱི་ནང་དུའང་ཡུལ་མིའི་རྒྱལ་ཁབ་ Republic ཟེར་བའི་ཐ་སྙད་འདི་འཁོད་པ་ནས་སྔ་ལོར་༧གོང་ས་མཆོག་ནས་སྲིད་དབང་རྩིས་སྤྲོད་གནང་རྒྱུའི་གསུང་འཕྲིན་སྤྱི་འཐུས་གྲོས་ཚོགས་སུ་ཕེབས་པའི་ནང་དུའང་ཡུལ་མིའི་རྒྱལ་ཁབ་ཀྱི་ངོ་བོ་མཚོན་ཐབས་ཞེས་ཐ་སྙད་དེ་གསལ་སྟོན་གནང་འདུག་ན་ཡང་། ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་ལ་ཁྲིམས་མཐུན་གྱི་འགན་འཁུར་མ་བླངས་པར། ༧གོང་ས་མཆོག་ནས་སྲིད་དབང་རྩིས་སྤྲད་ཟིན་པའི་རྗེས་ལ་བཅའ་ཁྲིམས་བསྐྱར་བཅོས་ལ་ཁ་ཕྱོགས་ཏེ་ཡུལ་མིའི་རྒྱལ་ཁབ་དེ་ཡུལ་མིའི་སྲིད་སྐྱོང་ལ་བསྐྱར་བཅོས་གནང་འདུག་ན། ཐ་སྙད་གསར་པ་འདིའི་གོ་དོན་ངོ་མ་གསལ་པོར་མ་ཤེས་པ་མ་ཟད། མང་གཙོའི་ལྟ་གྲུབ་གང་འདྲ་ཞིག་གི་རྗེས་སུ་འབྲང་ནས་ཐ་སྙད་འདི་རྩལ་དུ་བཏོན་པ་ཡིན་དེ་ཡང་གསལ་བོ་ཤེས་མ་སོང་། དེ་བཞིན། མང་གཙོའི་སྤྱིའི་ལྟ་གྲུབ་དང་དང་མཐུན་པའི་ཁྲིམས་མཐུན་གྱི་འགྲེལ་བཤད་དང་ངོ་སྤྲོད་ག་འདྲ་ཞིག་གནང་འཆར་ཡོད་པ་གསལ་པོ་ཤེས་ཐུབ་མ་སོང་ལ། ཡུལ་མིའི་རྒྱལ་ཁབ་ནས་ཡུལ་མིའི་སྲིད་སྐྱོང་ལ་ཁ་ཕྱོགས་དགོས་པའི་རྒྱུ་ཚན་དང་གནད་འགག་ཆབ་སྲིད་ཀྱི་དམིགས་ཡུལ་དང་རྒྱབ་ལྗོངས་སོགས་མང་གཙོའི་ལྟ་གྲུབ་གང་འདྲ་ཞིག་གི་འོག་ཏུ་འགན་དབང་བཞེས་ནས་ཡུལ་མིའི་སྲིད་སྐྱོང་ཟེར་བའི་ཐ་སྙད་འདི་ལ་སྐྱབས་བཅོལ་བ་ཡིན་པ་དེ་ཡང་གསལ་པོ་ཤེས་ཐུབ་མ་སོང་། མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་དང་། །རང་བཙན་རང་དབང་གང་བསམ་བརྗོད་མཁན་གཉིས། །ཆབ་སྲིད་རིག་པའི་གཞུང་ལུགས་མ་རྟོགས་ནས། །ཐ་སྙད་ཚད་གྲུབ་ཡིན་པ་བློ་མ་བདེ།།

རང་བཙན་ཡོད་པའི་མང་གཙོའི་རྒྱལ་ཁབ་ཞིག་ལ་མཚོན་ན། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་འཁོད་པའི་ཆབ་སྲིད་རང་བཞིན་ལ་འགྱུར་བ་གཏོང་དགོས་པའི་དུས་ཚོད་ཤར་ན། ཡུལ་གྱི་བདག་པོ་ཡུལ་མི་རང་ལོ་ ༡༨ ཡན་གྱི་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་ཇི་བྱུང་ལ་གྲོས་ཚོགས་འཐུས་མིའི་རྩ་ཁྲིམས་བསྐྱར་བཅོས་ལ་ཁྲིམས་མཐུན་བརྒྱུད་ནས་འགན་དབང་བཞེས་དགོས་པའི་ལམ་ལུགས་ཞིག་དང་། ཆབ་སྲིད་དང་ཁྲིམས་ལུགས་ཁག་ལ་མཁས་པ་ཉམས་མྱོང་ཅན་གྱི་མི་སྣ་ལས་གྲུབ་པའི་ཚོགས་ཆུང་ཟུར་འཛུགས་ཐོག ཚོགས་ཆུང་གི་ལམ་སྟོན་བརྒྱུད་གྲོས་ཚོགས་འཐུས་མིའི་འགན་དབང་བཞེས་དགོས་པ་ལས། ཁྲིམས་བཟོ་གྲོས་ཚོགས་ནས་འཆར་ཅན་ལྟ་བུའི་ཁྲིམས་ཡིག་བསྐྱར་བཅོས་ཀྱི་ངོ་བོའི་ཐོག་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་རང་བཞིན་ལ་བསྐྱར་བཅོས་འགྲོ་མི་ཐུབ་པ་ནི། རང་རེའི་བཅའ་ཁྲིམས་དོན་ཚན་ ༥༦ པ་མང་ཚོགས་ལ་མང་མོས་འོས་བསྡུ་ཟེར་བའི་དོན་ཚན་དེ་འཇོག་དགོས་པའི་རྒྱུ་མཚན་གཅིག་དེ་ཡིན་པར་ངོས་འཛིན་བྱས་ཆོག

རྒྱ་ནག་ལྟ་བུའི་གྲལ་རིམ་དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས་ Proletarain Democracy System ནང་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་གཏོང་རྒྱུ་དེ་དག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་ནས་ཐག་གཅོད་བྱེད་པ་ལས་ཡུལ་གྱི་བདག་པོ་ཡུལ་མི་མང་ཚོགས་ལ་ཆབ་སྲིད་ཀྱི་དབང་ཆ་མེད་པ་དེས་ཤེས་ཐུབ། མི་མང་ཕྱོགས་སུ་མཐུན་པའི་མང་གཙོ་དང་། །གྲལ་རིམ་གཅིག་ཏུ་བསྡུས་པའི་དམངས་གཙོ་གཉིས། །གཅིག་གིས་གཅིག་ལ་བདེན་ངོ་སྤྲོད་ཆེ་བས། །མི་མང་འཚོ་བར་འགན་འཁུར་སུས་ཐུབ་བཟང་།།

བཀའ་ཁྲི་སྲིད་སྐྱོང་ལ་ཁ་ཕྱོགས་པ་དང་མཉམ་དུ་བཀའ་བློན་ཚོ་ཡང་བློན་ཆེན་ལ་ཁ་ཕྱོགས་དགོས་པ་དང་། བཀའ་ནི་སངས་རྒྱས་ཀྱི་བཀའ་འམ་རྒྱལ་པོའི་བཀའ་བླ་མའི་བཀའ་ལས་གཞན་དུ་འཇུག་འོས་པ་མ་མཐོང་ན། ཕྱི་ལོ་ ༡༦༤༢ ལོར་༧གོང་ས་ལྔ་པ་ཆེན་པོས་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ཤིང་། བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ཏེ། ༧གོང་ས་མཆོག་བོད་ཀྱི་བླ་མའམ་རྒྱལ་པོ་ལྟ་བུར་བཀུར་ཏེ། གཤམ་འོག་ལས་ཚན་འགན་འཁུར་གྱི་མི་སྣ་ཚོར་བཀའ་ཡི་བློན་པོའི་གོ་ནས་སྤྲད་པ་ནས་བཀའ་བློན་ཟེར་བའི་ཐ་སྙད་དུས་དེ་ནས་དར་བ་དང་། ད་ཆ་ང་ཚོའི་བཅའ་ཁྲིམས་ནང་ཡུལ་མིའི་སྲིད་སྐྱོང་ལ་ཁ་ཕྱོགས་ནས་སྲིད་སྐྱོང་གི་འོག་ཏུ་འགན་འཁུར་ཐུབ་པའི་བཀའ་བློན་ཚོ་ཡང་བློན་ཆེན་ལ་ཁ་ཕྱོགས་ནས་བློན་ཆེན་ལས་ཁུངས་བདུན་ཞེས་བརྗོད་ན་འོས་པ་དང་རན་པ་མི་འདུག་གམ། རང་གི་བཤད་ཚད་བདེན་པར་རློམ་མཁན་དང་། །གཞན་གྱི་ཟེར་ཚད་རྫུན་ལ་སྒྱུར་མཁན་གཉིས། །ལེགས་ཉེས་དཔྱོད་པའི་བློ་མིག་མ་གསལ་ནས། །བདེན་རྫུན་ངོ་སྤྲོད་ཐུབ་པའི་ཁྲིམས་དཔོན་དཀོན།།

ཕྱི་ལོ་ ༡༩༩༡ ལོར་གཏན་འབེབས་གནང་བའི་བཅའ་ཁྲིམས་དོན་ཚན་དང་པོའི་མགོ་འཛུགས་དེ་དག་དཔར་སྐྲུན་གསར་པའི་བཅའ་ཁྲིམས་ནང་མཇལ་རྒྱུ་མི་འདུག་ན། ཁྲིམས་ཡིག་ག་འདྲ་ཡིན་ཡང་ཁྲིམས་ལུགས་གཏན་འབེབས་ཀྱི་ལོ་དུས་ཚེས་གྲངས་དེ་དག་ཁྲིམས་ཡིག་དེའི་མགོ་རུ་གསལ་དགོས་པ་དེ་ཁྲིམས་ཡིག་དེ་དག་ཁྲིམས་མཐུན་དུ་གནས་ཐུབ་པའི་ཆེད་མེད་དུ་མི་རུང་བའི་ཁྲིམས་ཡིག་གི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་ལ། བཅའ་ཁྲིམས་དོན་ཚན་ ༧༡ པ་ཁྲིམས་དོན་ལས་ཁུངས་ཕྱིར་བསྡུ་གསལ་འདུག་ནའང་གོང་དུ་དོན་ཚན་ ༦༡ པ་ཀ་བའི་ནང་གསར་འཇུག་གི་ཚོགས་དྲུང་ལས་ཁུངས་ཀྱི་འོག་ཏུ་བཞག་འདུག་པ་ཕྱིར་བསྡུ་ཟེར་བ་དང་། དོན་ཚན་ག་བརྒྱུར་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལ་ངོས་འཛིན་གནང་གི་ཡོད་ན་ལས་དེ་མིན་ཕྱིར་བསྡུ་ཟིན་པའི་དོན་ཚན་ཞིག་སླར་བཅའ་ཁྲིམས་ནང་འཇོག་རྒྱུ་དེ་ཁྲིམས་ལུགས་གཏན་འབེབས་ཀྱི་ཆ་ནས་ཁྲིམས་མཐུན་བྱུང་ཡོད་མེད་དེ་ཡང་ཐེ་ཚོམ་གྱི་ནང་དུ་བསྡད་པ་བཅས། ཁ་ཤུགས་གཅིག་ཏུ་བསྒྲིལ་བའི་ཁྲིམས་ཡིག་དང་། །རྒྱུ་མཚན་ལུང་དུ་དྲང་བའི་ཁྲིམས་གཉིས། །གཅིག་གིས་གཅིག་ལ་བདེན་ངོ་སྤྲོད་ཆེ་བས། །སྤྱི་ཚོགས་བདེ་འཇགས་འགན་སྲུང་སུས་ཐུབ་བཟང་།།

གང་ལྟར་ང་ཚོ་ལམ་ལུགས་ག་འདྲ་ཞིག་གི་རྗེས་སུ་འབྲང་དགོས་ཀྱི་ཡོད་ནའང་རེད། སྲིད་བྱུས་ག་འདྲ་ཞིག་འཛིན་དགོས་ཀྱི་ཡོད་ནའང་རེད། ཁྲིམས་དང་སྒྲིག་གཞི་ག་འདྲ་ཞིག་བཟོ་དགོས་ཀྱི་ཡོད་ནའང་རེད། ཁ་ཕྱོགས་གང་ལ་བསྒྱུར་དགོས་ཀྱི་ཡོད་ནའང་རེད། དེ་དག་ཚང་མ་འདས་པའི་བོད་མི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ལ་འགན་འཁུར་ཏེ། དེང་རབས་མང་གཙོའི་ལྟ་གྲུབ་དང་མཐུན་པ། ཁྲིམས་ལུགས་ཁག་དང་མ་འགལ་བའི་ཐོག་ནས་མ་འོངས་བོད་མི་རིགས་ཀྱི་འཚོ་བའི་མདུན་ལམ་ལ་མདུན་བསུ་ཐུབ་པའི་ཆབ་སྲིད་ཀྱི་འགན་དབང་བཞེས་དགོས་པ་དེ་ལོ་རྒྱུས་ཀྱི་ངོ་སྤྲད་པའི་མི་མང་འཐུས་མིའི་ལས་འགན་ཆེ་ཤོས་དེ་ཡིན་པའི་ངོ་སྤྲོད་བྱ་འདོད་བྱུང་།

སླར་སྨྲས་པ། སྔོན་བྱོན་མེས་དབོན་མཛད་རྗེས་ལོ་རྒྱུས་ལ། །ཕྱི་མིག་ཐུབ་ན་མཁས་པའི་ནོར་སྐལ་ཡིན། །མ་འོངས་སྤྱི་ཚོགས་འཚོ་བའི་མདུན་ལམ་ལ། །འགན་འཁུར་ཐུབ་ན་ཁྲིམས་ཀྱི་ལམ་སྟོན་བཟང་། །སྔོན་མེད་གསར་གཏོད་རིག་པའི་བཟོ་བཅོས་འདི་ན་མེད། །གཞན་ཟེར་རྗེས་འབྲང་རང་མིང་གྲགས་ཐབས་ངས་མི་ཤེས། །གནས་ལུགས་རྒྱུ་མཚན་ལུང་དུ་དྲང་པའི་མང་གཙོའི་གཏམ། །ཕྱོགས་གཏོགས་དྲི་མེད་བློ་ལྡན་སྐྱེ་བོའི་སྙན་དུ་གསོལ།། ༢༠༡༣།༡༠།༡ ཉིན། ཀོ་ལི་གྷ་གཞིས་ཆགས་ནས།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༡༣ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 1

  1. གནས་ཚང་། says:
    ལོ་ 11 སྔོན།

    ད་ལྟའི་ཆར་བཙན་བྱོལ་མྒྲིག་འཛུགས་ཙམ་རེད་མ་གཏོགས་གཞུང་ཞིག་མིན་པ་དང་། བཙན་བྱོལ་བའི་དབུ་ཁྲིད་ཙམ་མ་གཏོགས་གཞིས་ལུས་བོད་མིའི་ཚབ་མཚོན་མི་ཐུབ་པ་གོང་ས་ལྷ་མིའི་རྣམ་འདྲེན་གང་གིས་གསལ་པོ་དག་པོ་གསུང་ཟིན་པས། དཀའ་ལས་ལྷག་མ་རྒྱག་དོན་མི་འདུག་གཱ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese