མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུའུ་ཁུ་རེན་ཁ་འཐོར་སྲིད་དམ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཡུའུ་ཁུ་རེན་གྱི་གནད་ཡོད་བཟོ་ལས་གྲོང་ཁྱེར་ཊོབ་ནེ་ཌི་སི་ཁུ་ནང་གི་གྱེན་ལོག་པ་ཚོས་ཁུ་རེ་མཱེ་དང་འདྲ་བར་ཁོ་ཚོ་ལའང་རང་ཐག་རང་གཅོད་ཀྱི་འོས་བསྡུའི་ཐོབ་ཐང་དགོས་སྐོར་བརྗོད་འདུག

ཁ་སང་ཕྱི་ཚེས་ ༡༨ ཉིན་ཡུའུ་ཁུ་རེན་ཤར་ཕྱོགས་གྲོང་ཁྱེར་ཊོབ་ནེ་ཌི་སི་ཁུ་ (Donetsk)རུ། ཨུ་རུ་སུར་དགའ་མོས་བྱེད་མཁན་གྱེན་ལོག་པའི་མགོ་ཁྲིད་ཊིན་ནེ་སི་ (Denis Pushilin) ཡིས། ཊོབ་ནེ་ཌི་སི་ཁུ་གྲོང་ཁྱེར་རང་སྐྱོང་ས་ཁུལ་ཞིག་ཡིན་པའི་གསལ་བསྒྲགས་དང་འབྲེལ་ཡུའུ་ཁུ་རེན་གྱི་རྒྱལ་ཁོངས་སུ་སྡོད་མིན་ལ་ཁུ་རེ་མཱེ་ནང་བཞིན་རང་ཐག་ རང་གཅོད་ཀྱི་མང་མོས་འོས་བསྡུ་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། ཁོ་ཚོས་བཙན་བཟུང་བྱས་པའི་གཞུང་གི་ལས་ཁུངས་ཁག་དང་མཚོན་ཆ་སོགས་ཡུའུ་ཁུ་རེན་བར་བརྒལ་སྲིད་གཞུང་ལ་ཕྱིར་སློག་བྱ་རྒྱུ་མིན་པ་མ་ཟད། ཇི་ནེ་ཝའི་གྲོས་ཆོད་ལ་ངོས་ལེན་མེད་ཚུལ་སོགས་བརྗོད་འདུག

ཟླ་འདིའི་ཚེས་ ༡༧ ཉིན་སུད་སིའི་གྲོང་ཁྱེར་ཇི་ནེ་ཝའི་ནང་། ཨ་རིའི་རྒྱལ་དོན་དྲུང་ཆེ་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན། ཡུ་རོབ་མཐུན་ཚོགས་ཕྱི་འབྲེལ་སྲིད་བྱུས་འགན་འཛིན། ཡུའུ་ཁུ་རེན་བར་བརྒལ་གཞུང་གི་ཕྱི་སྲིད་བློན་ཆེན་བཅས་ཀྱིས་ཡུའུ་ཁུ་རེན་གྱི་དཀའ་རྙོག་གཙོས་རྒྱལ་ཁབ་ནང་ཁ་བྲལ་གྱི་ཟིང་འཁྲུག་ཞི་འཇགས་ཡོང་ཐབས་སྐོར་ལ་ཚོགས་འདུ་ཞིག་བསྐོངས་ཏེ། ཚོགས་ཞུགས་རྒྱལ་ཁབ་ཚང་མས་ཡུའུ་ཁུ་རེན་ནང་ཟིང་འཁྲུག་ཇི་བྱུང་ལ་རང་ཚོད་འཛིན་དགོས་པ་དང་། རྒྱལ་ཁབ་ནང་དྲག་སྤྱོད་དང་མི་རིགས་དབྱེ་འབྱེད། ཆོས་ལུགས་འཐེན་འཁྱེར་བཅས་ལས་བྱུང་བའི་དཀའ་རྙོག་ལ་སྐྱོན་བརྗོད། གྱེན་ལོག་པ་ཚོས་བཙན་བཟུང་བྱས་པའི་སྲིད་གཞུང་ལས་ཁུངས་དང་མཚོན་ཆ་ཕྱིར་སློག་བྱས་ཚེ་ནག་ཉེས་གུ་ཡངས་གཏོང་རྒྱུ་བཅས་ལ་གྲོས་ཆོད་བཞག་ཡོད།

གྱེན་ལོག་པའི་མགྲིན་ཚབ་པས་གསར་འགོད་པར། ད་ལྟའི་ཡུའུ་ཁུ་རེན་བར་བརྒལ་སྲིད་གཞུང་ཁྲིམས་མཐུན་གྱི་གཞུང་ཞིག་མིན་སྟབས། མི་མང་ལ་སྲིད་དབང་རྩིས་སྤྲོད་མ་བྱས་བར་ཁོ་ཚོས་བཙན་བཟུང་བྱས་པའི་གཞུང་གི་ལས་ཁུངས་ཕྱིར་སློག་རྒྱུ་མིན་ཞེས་དང་། གཞན། གྱེན་པ་ལོག་པ་ཁག་ཅིག་གིས་ཇི་ནེ་ཝའི་གྲོས་མོལ་དེས་སྲིད་འཛིན་པུ་ཊིན་གྱེན་ལོག་པ་ཚོར་དགའ་བོ་བྱེད་ཀྱི་མེད་པ་ཤེས་རྟོགས་ཡོད་ཅེས་བརྗོད་ཡོད་འདུག

ཁ་སང་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་སློབ་སྟོན་པ་ལྕམ་སོ་སན་རི་ཡི་སེ་ (Susan Rice) ལགས་ཀྱིས་གསར་འགོད་པར། མོ་སུ་ཁོ་ (Moscow) ཡིས་ཇི་ནེ་ཝའི་གྲོས་ཆོད་དེ་དག་ལག་བསྟར་དོན་འཁྱོལ་མ་བྱས་ཚེ། ཨ་རིས་ཡང་བསྐྱར་ཨུ་རུ་སུའི་དཔལ་འབྱོར་ལ་དོ་ཕོག་འགྲོ་བའི་དཔལ་འབྱོར་ཉེས་ཆད་གསར་བ་ཞིག་གཏོང་བར་གྲ་སྒྲིག་ཡོད་ཚུལ་དང་། ཁོང་མོས་ “ ཨུ་རུ་སུས་ཡུའུ་ཁུ་རེན་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཁག་ནང་ཟིང་ཆ་སློང་བར་རོགས་འདེགས་བྱེད་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་”ཅེས་བརྗོད་འདུག

ད་ལྟའི་ཆར་ཡུའུ་ཁུ་རེན་བར་བརྒལ་སྲིད་གཞུང་གིས་གྱེན་ལོག་པ་ཚོར་འཇབ་རྒོལ་བྱེད་པའི་ལས་འགུལ་གནས་སྐབས་རིང་མཚམས་འཇོག་བྱས་ཏེ། རྒྱལ་ཁབ་ནང་བརྟན་བརླིང་དང་ཆིག་སྒྲིལ་ཡོང་ཆེད་གྱེན་ལོག་པ་ཚོའི་དགོས་འདུན་ཁག་ཅིག་ལ་དང་ལེན་བྱ་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་ཡོད་འདུག

གཟའ་འཁོར་རྗེས་མར་པོ་ལན་ཌིའི་བདེ་སྲུང་བློན་ཆེན་དང་ཨ་རིའི་བདེ་སྲུང་དྲུང་ཆེ་གཉིས་ཀྱིས། ཡུའུ་ཁུ་རེན་གྱི་རྒྱལ་ཁོངས་སྲུང་སྐྱོབ་དང་སྲིད་གཞུང་བརྟན་བརླིང་ཡོང་ཆེད། ནུབ་ཕྱོགས་མཉམ་འབྲེལ་དམག་དཔུང་ (NATO) མིང་ཐོག་ནས་ཨ་རིའི་དམག་དཔུང་ཡུ་རོབ་ཤར་ཕྱོགས་རྒྱལ་ཁབ་ཁག་ཅིག་ནང་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འཆར་ཡོད་འདུག

སྲིད་དོན་དབྱེ་ཞིབ་པ་ཚོས། པུ་ཊིན་རིང་ལུགས་ཀྱིས་ཨུ་རུ་སུའི་སྐད་ཤོད་མཁན་མི་རིགས་ལ་སྲུང་སྐྱོབ་བྱེད་ཞོར་དུ་ས་ཁོངས་རྒྱ་སྐྱེད་བཏང་སྟེ་ཨུ་རུ་སུ་གསར་བ་ཞིག་བཟོ་བཞིན་ཡོད་སྟབས། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཀྱང་ཡུའུ་ཁུ་རེན་གྱི་བདག་དབང་དང་དམངས་གཙོ་བསྐྱར་གསོ་ལ་ཁ་གཡར་ཏེ་ཨུ་རུ་སུའི་རྒྱ་སྐྱེད་རིང་ལུགས་ལ་བཀག་འགོག་བྱེད་ཀྱི་ཡོད། གལ་སྲིད། བཀག་འགོག་བྱེད་མ་ཐུབ་ཚེ་ཡུའུ་ཁུ་རེན་རྒྱལ་ཁབ་ཁ་འཐོར་རུ་འགྲོ་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༩ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese