མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ལ་རྒྱལ་ཁ་ཐོབ་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཚོགས་ཁྱབ་ཁོངས་ཀྱི་ལས་ཁུངས་མང་པོ་ཞིག་གི་རྐུབ་སྟེགས་རྒྱ་གར་ལ་ཐོབ་ཡོད་འདུག

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཚོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མྱོས་རྫས་བཀག་སྡོམ་ཚན་པའི་རྒྱུན་ལས་རྒྱལ་ཁབ་ཨུ་རུ་སུ་དང་ཧྥ་རན་སི། ལྷོ་ཨ་ཧྥི་རི་ཀ ཐེ་ལན་ཌི ཀོ་ལོམ་བྷི་ཡ་བཅས་ཀྱི་ལོ་ལྔའི་དུས་ཡུན་རྫོགས་བཞིན་ཡོད་སྟབས། ལྷན་ཚོགས་རྒྱལ་ཁབ་ ༥༤ ཡིས་རྒྱལ་ཁབ་འདྲ་མིན་གྱི་འོས་མི་ཁག་ ༡༥ ཙམ་ལ་འོས་ཤོག་འཕངས་པ་བརྒྱུད། རྒྱ་གར་གྱི་འོས་མི་ཇག་ཇེ་ཌི་པཱ་ཝུ་ཌི་ཡཱ་(Jagjit Pavadia)ལགས་ལ་འོས་ཤོག་ ༣༤ ཐོབ་སྟེ། ༢༠༡༥ ནས་ ༢༠༢༠ བར་གྱི་རྒྱལ་སྤྱིའི་མྱོས་རྫས་བཀག་སྡོམ་ཚན་པའི་རྒྱུན་ལས་ཚོགས་མིར་བདམས་ཐོན་བྱུང་ཡོད་འདུག

འདིའི་ཐད་རྒྱ་གར་གཞུང་གིས། “ཇག་ཇེ་ཌི་པཱ་ཝུ་ཌི་ཡཱ་ལགས་ནི་ཁྲིམས་སྒྲིག་དོན་འཁྱོལ་གནང་མཁན་གྱི་ཕུལ་བྱུང་ལས་བྱེད་ཅིག་ཡིན་སྟབས། རྒྱལ་སྤྱིའི་མྱོས་རྫས་བཀག་སྡོམ་ཚན་པའི་ལས་དོན་བྱེད་ཕྱོགས་ཐད་གཟེངས་སུ་ཐོན་པའི་ཕྱག་ལས་གནང་ངེས་ཡིན།”ཞེས་བརྗོད་འདུག

རྒྱལ་སྤྱིའི་མྱོས་རྫས་བཀག་སྡོམ་ཚན་པ་ནི་མིའི་འཕྲོད་བསྟེན་ཐད་ཀྱི་ཆེད་ལས་མི་སྣས་གྲུབ་པའི་རང་དབང་ཅན་གྱི་ཚན་པ་ཞིག་ཡིན་ཞིང་། ཚོགས་པ་འདིར་ཚོགས་མི་ ༡༣ ཡོད་པ་དང་། དེ་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཚོགས་ཀྱིས་ལོ་ ༥ རེའི་མཚམས་སུ་འོས་འདེམས་བྱེད་བཞིན་ཡོད་འདུག་ལ། ཚོགས་མི་ ༡༠ རྒྱལ་ཁབ་ཁག་གིས་ཐད་བསྐོས་བྱེད་བཞིན་ཡོད་པ་དང་། ཚོགས་མི་ ༣ རྒྱལ་སྤྱིའི་འཕྲོད་བསྟེན་ལས་ཁུངས་ཀྱི་གསོ་རིག་ཆེད་མཁས་བ་བསྐོ་བཞག་བྱེད་བཞིན་ཡོད་འདུག

རྒྱ་གར་ ༢༠༡༥ ནས་ ༢༠༡༧ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡར་རྒྱས་ཐེབས་རྩ་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་ཚུད་ཡོད་པ་མ་ཟད། ༢༠༡༥ ནས་ ༢༠༡༨ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་ཆུང་གི་ཚོགས་མི་དང་། ༢༠༡༥ ནས་ ༢༠༡༨ བར་ཚན་རིག་དང་འཕྲུལ་ལས་ཚན་རྩལ་ཡར་རྒྱས་ཚོགས་ཆུང་གི་ཚོགས་མི་བཅས་སུ་བདམས་ཡོད་འདུག རྒྱ་གར་གྱི་འོས་མི་ཅན་ཌར་ཤེ་ཁར་ཌ་སེ་གུབ་ཌ་(Chandrasekhar Dasgupta) ལགས་ ༢༠༡༥ ནས་ ༢༠༡༧ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་བཀོལ་སྤྱོད་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་བཅས་སུ་བདམས་ཡོད་འདུག

ལྕམ་ཇག་ཇེ་ཌི་པཱ་ཝུ་ཌི་ཡཱ་(Jagjit Pavadia)ལགས་ནི་རྒྱ་གར་གཞུང་གི་ལས་བྱེད་རྒན་གྲས་ཤིག་ཡིན་པ་མ་ཟད། ནག་པུར་དཔྱ་ཁྲལ་ལས་ཁུངས་ཀྱི་མགོ་འཛིན་གནང་མྱོང་ཡོད་ལ། རྒྱ་གར་གྱི་མྱོས་རྫས་དོ་དམ་ཚོགས་ཆུང་གི་འགན་འཛིན་དང་། ལྐོག་ཟ་རུལ་སུངས་རྟོག་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བཅས་གནང་མྱོང་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

སྐར་མ ༣༣ སྔོན་ལ།
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག།

ཆུ་ཚོད་ ༢ སྔོན་ལ།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese