མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྡི་ལིར་དབུ་མའི་ལམ་གྱི་མི་མང་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་པ་སངས་ཉིན་ནས་བཟུང་དབུ་མའི་ལམ་ལས་འགུལ་ཁང་གིས་ལྡི་ལིར་ཞི་བའི་གོམ་བགྲོད་དང་ཟས་བཅད་ངོ་རྒོལ། བོད་དོན་གཏམ་བཤད་བཅས་ཀྱི་ལས་འགུལ་སྤེལ་གྱི་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༥ ཉིན་པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༥ ཕེབས་པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དབུ་མའི་ལམ་གྱི་མི་མང་ལས་འགུལ་མགོ་འཛུཊ་གནང་ཡོད་འདུག ཁ་སང་གི་ལས་འགུལ་སྐབས་རྒྱ་བལ་གཉིས་ཀྱི་ས་གནས་ཁག་ ༣༠ ལྷག་ནས་སྐུ་ཚབ་མི་མང་ ༣༠༠ ལྷག་དང་། ལྡི་ལིར་གནས་སྡོད་མི་མང་འདུ་འཛོམས་ཀྱིས་རམ་ལེ་ལ་ཐང་ཆེན་ནས་ཇན་ཏར་མན་ཏར་བར་དབུ་མའི་ལམ་གྱི་བརྗོད་ཚིག་དང་མཐུན་པའི་སྐད་འབོད་དང་། དབུ་མའི་ལམ་གྱི་མཚོན་རྟགས་དར་ཆ་དང་འཕྲེད་དར་འཕྱར་ཏེ་ཞི་བའི་གོམ་བགྲོད་གནང་ཡོད་འདུག

ཇན་ཏར་མན་ཏར་ས་གནས་སུ་བོད་དང་རྒྱ་གར་གཉིས་ཀྱི་རྒྱལ་གླུ་བཏང་བ་དང་། བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྣམ་པའི་གཙོས་རྒྱལ་གཅེས་དཔའ་བོད་དཔའ་ཡོངས་ལ་ངག་བཅད་མྱ་ངན་གནང་རྗེས། དབུ་མའི་ལམ་གྱི་ལས་འགུལ་ཁང་གི་འགན་འཛིན་ལི་ཐང་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་གྱིས་དབུ་མའི་ལམ་གྱི་ལས་འགུལ་སྐོར་གྱི་ངོ་སྤྲོད་གསུང་བཤད་དང་། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་དབུས་རྒྱུན་ཟུར་བ་བོད་མི་མང་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ཧིན་རྡུའི་སྐད་ཡིག་སྟེང་ལས་འགུལ་ངོ་སྤྲོད་ཀྱི་གཏམ་བཤད། རྒྱ་གར་གྱི་མཁས་དབང་དང་དཔོན་རིགས་ཁག་གིས་བོད་དོན་ཐད་གཏམ་བཤད་བཅས་གནང་ཡོད་འདུག

དེ་རིང་ཚེས་ ༢༦ ཉིན་ལས་འགུལ་བ་ཚོ་ཇན་ཏར་མན་ཏར་ས་གནས་སུ་འཛོམས་ཏེ་ཟས་བཅད་ལས་འགུལ་སྤེལ་གྱིན་པར་མ་ཟད། རྒྱ་ནག་གཞུང་ཚབ་ཁང་བརྒྱུད་སྲིད་འཛིན་ཞི་ཅིན་ཕིན་གྱི་མཚན་ཐོག་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཚད་ལྡན་སྤྲོད་དགོས་པ་དང་། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས་པའི་སྙན་ཞུ་འབུལ་གྱི་ཡོད་འདུག སང་ཉིན་ཕྱི་ཚེས་ ༢༧ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་མི་མང་ལ་གསུང་བཤད་དང་དྲི་བ་དྲི་ལན་བཅས་གནང་རྒྱུ་ཡིན་འདུག

ཐེངས་འདིའི་ཉིན་གསུམ་རིང་གི་ལས་འགུལ་གྱི་དགོས་འདུན་ཁག་ནི། དང་པོ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་གཞིར་བཟུང་འཕྲལ་དུ་བོད་རྒྱ་གྲོས་མོལ་མགོ་འཛུགས་ཀྱིས་བོད་མི་ཚོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་འཛིན་སྐྱོང་གཅིག་གི་རང་སྐྱོང་ལག་བསྟར་བྱེད་དགོས་པ། གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་༸གོང་ས་མཆོག་དང་བོད་མི་མང་གི་དགོས་འདུན་དབུ་མའི་ལམ་གྱི་སྲིད་བྱུས་ལ་མིང་དོན་མཚུངས་པའི་རྒྱབ་སྐྱོར་བྱེད་དགོས་པ། གསུམ་པ། ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པས་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་ཀློད་གྲོལ་དགོས་པ་བཅས་ཡིན་འདུག

གསར་འགོད་པ། དོན་གོ

མཆན། 2

  1. བསྟན་ཆོས། says:
    ལོ་ 8 སྔོན།

    གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་སྒེར་གཅོད་ཀྱིས་རང་ཚོའི་ཚོགས་མིང་ལ་བཏགས་ནས་འཁྲབ་སྟོན་བྱེད་ཕོད་པ་ཧམ་ཆེན་པ་འདི་དག་གིས་ཅི་ཡང་བྱེད་མོད། དཔལ་ལྡན་ཚོགས་གཙོ་མཆོག་ཀྱང་ཡོར་ཡོར་འགྲོ་བ་འདི་??????

    Reply
  2. བཙན་པོའི་བུ། says:
    ལོ་ 8 སྔོན།

    དབུ་མའི་ལམ་ངོ་མ་སྤྲོད་པ་ཞིག་བོད་སྤྱི་ཚོགས་ནང་དུ་ཡོད་མི་སྲིད། དེ་ལས་ཚོགས་པ་འདིས་འགན་གཙོ་བོ་ལས་འགུལ་སྣ་ཚོགས་སྤེལ་གལ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist