མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་ཇིབ་ཁྲིམས་ཁང་ལ་སྐྱོན་བརྗོད།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨི་ཇིབ་ཁྲིམས་ཁང་ཞིག་གིས་མི་ ༦༨༣ ལ་སྲོག་ཁྲིམས་བཅད་པར་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་གིས་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༨ ཉིན་ཨི་ཇིབ་རྒྱལ་ས་ཁེད་རོབ་ལྷོ་ཕྱོགས་མངའ་སྡེ་མེན་ཡཱ་(Minya)ཁྲིམས་ཁང་གིས། དེ་སྔའི་སྲིད་འཛིན་མོར་སི་ (Mohammed Morsi) ལ་རྒྱབ་སྐྱོར་བྱེད་མཁན་ཁ་ཆེ་སྤུན་ཟླ་ཚོགས་པའི་ཚོགས་གཙོ་བྷེ་ཌེ་ (Mohammed Badie)གཙོ་བྱས་པའི་མི་གྲངས་ ༦༨༣  ཡིས་ན་ནིང་ཕྱི་ཟླ་ ༨ ཚེས་ ༡༤ ཉིན་ཉེན་རྟོག་ལས་ཁུངས་ལ་འབར་རྫས་གས་གཏོར་བྱས་ཏེ་མི་གསོད་དོན་རྐྱེན་བཟོས་པ་དང་། མི་མང་ལ་ངན་སྐུལ་བྱས་པ་སོགས་ཀྱི་ཉེས་མིང་འོག་སྲོག་ཁྲིམས་བཅད་ཡོད་འདུག

གནས་ཚུལ་དེ་ཕྱི་བསྒྲགས་བྱས་མ་ཐག ཁ་ཆེ་སྤུན་ཟླ་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་མི་མང་བརྒྱ་ཕྲག་ལྷག་གིས་ཁྲིམས་ཁང་གི་ཐག་གཅོད་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། ཨི་ཇིབ་ཀྱི་ལུགས་སྲོལ་ལྟར་ན། ཁྲིམས་ཁང་གིས་ཉེས་ཅན་ལ་སྲོག་ཁྲིམས་བཅད་རྗེས་ཨི་ཇིབ་ཁ་ཆེ་ཆོས་ལུགས་ཀྱི་ཁྲིམས་ལ་མཁས་པའི་ལྷན་ཚོགས་ཀྱིས་མཐའ་མའི་སྲོག་ཁྲིམས་གཅོད་མིན་ལ་ལམ་སྟོན་བྱེད་ཀྱི་ཡོད་ཀྱང་། འགྲོ་སྟངས་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་མེད་སྟབས། ཐེངས་འདིར་ལམ་སྲོལ་དེ་སྣང་མེད་ཐོག་སྲོག་ཁྲིམས་ལག་བསྟར་བྱེད་པའི་ཉེན་ཁ་ཡོད་སྟབས། རྒྱལ་ཁབ་མང་པོའི་གཞུང་དང་ཚོགས་སྡེ་ཁག་གི་སེམས་འཚབ་བྱེད་ཀྱིན་ཡོད་འདུག

དབྱིན་ཡུལ་རྒྱལ་ས་ལོན་ཊོན་ནང་རྟེན་གཞི་བྱས་པའི་ཁ་ཆེ་སྤུན་ཟླ་ཚོགས་པའི་གསལ་བསྒྲགས་སྤེལ་བའི་ནང་། ཨི་ཇིབ་བར་བརྒལ་གཞུང་གིས་དམག་མིའི་རྒྱབ་རྟེན་འོག་ནས་ཨི་ཇིབ་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་། དྲང་བདེན་མིན་པའི་ཁྲིམས་གཞི་ལག་བསྟར་གྱིས་མི་མང་དམར་གསོད་བྱེད་ཀྱི་ཡོད་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདོང་ལེན་བྱེད་དགོས་ཚུལ་སོགས་འཁོད་ཡོད་འདུག

ཨི་ཇིབ་ཁྲིམས་ཁང་གི་ཐག་གཅོད་དེར་མཉམ་འབྲེལ་རྒྱལ་ཚོགས་གཙོས་ཡུ་རོབ་མཐུན་ཚོགས་དང་ཁ་ཆེ་མཐུན་ཚོགས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨི་ཇིབ་བར་བརྒལ་གཞུང་ལ་སྐྱོན་བརྗོད་དང་། ཐག་གཅོད་དེར་ངེས་པར་དུ་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་འདུག

དཀྱིལ་ཤར་ཨེ་ཤ་ཡ་དང་བྱང་ཨ་ཧྥེ་རི་ཀའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་འགན་འཛིན་ལྕམ་སཱ་རྰ་ལེད་(Sarah Leah Whitson)ལགས་ཀྱིས་གསར་འགོད་པར། འཛམ་གླིང་གི་ལོ་རྒྱུས་ཐོག་འདི་ལྟ་བུའི་སྲོག་ཁྲིམས་བཅད་པ་བྱུང་མྱོང་མེད་ལ། ཁྲིམས་ཁང་གིས་ཁྲིམས་རྩོད་པར་གྱོད་གཞི་གསལ་བཤད་བྱེད་པའི་གོ་སྐབས་སྤྲད་མེད་པ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཡོད་ཅེས་བརྗོད་འདུག དེ་བཞིན། དཀྱིལ་ཤར་ཨེ་ཤ་ཡ་དང་བྱང་ཨ་ཧྥེ་རི་ཀའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་འགན་འཛིན་ཧཱ་སེ་བྷ་ (Hassiba Hadj Sahraouni) ལགས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། ཨི་ཇིབ་ཁྲིམས་ཁང་གིས་དྲང་བདེན་ཁྲིམས་བཤེར་བྱེད་པའི་རྩ་དོན་དང་འགལ་ཏེ་ཁྲིམས་ཁང་གི་ཆེ་མཐོང་མེད་པ་བཟོས་ཡོད་སྐོར་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཁེ་མོན་དང་ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁད་རེ་གཉིས་ཀྱིས་ཁྲིམས་ཁང་གི་ཐག་གཅོད་དེ་དྲང་བདེན་མིན་སྟབས། གཟའ་འཁོར་འདིའི་ནང་ཨི་ཇིབ་ཕྱི་སྲིད་བློན་ཆེན་ལ་ཐུག་འཕྲད་གནང་སྟེ་གནད་དོན་འདིའི་སྐོར་ལ་གྲོས་མོལ་བྱ་འཆར་ཡོད་སྐོར་བསྒྲགས་འདུག

ཟླ་རྗེས་མའི་ཚེས་ ༢༦ དང་ ༢༧ བར་གྱི་ཉིན་གཉིས་རིང་། ཨི་ཇིབ་ཀྱི་སྲིད་འཛིན་འོས་བསྡུ་བྱ་འཆར་ཡོད་སྟབས། བར་བརྒལ་སྲིད་གཞུང་གིས་ཟླ་འདིའི་ཚེས་ ༦ ཉིན་ནས་རྒྱལ་ཁབ་ནང་ཆོས་ལུགས་དང་འབྲེལ་བའི་དུས་དྲན་སྲུང་གཙི་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། འབྱུང་འགྱུར་ཨི་ཇིབ་སྲིད་གཞུང་སྲ་བརྟན་དང་རྒྱལ་ཁབ་ནང་བརྟན་བརླིང་ཡོང་ཆེད་བར་བརྒལ་སྲིད་གཞུང་གིས་ཁ་ཆེ་སྤུན་ཟླ་ཚོགས་པ་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་གྱིས་རྩ་མེད་བཟོ་བཞིན་ཡོད་ཀྱང་། མཇུག་འབྲས་དེ་ལས་ལྡོག་སྟེ་རྒྱལ་ཁབ་ནང་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་མང་དུ་འགྲོ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese