མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མའི་ཨེ་ཤ་ཡའི་ཐབས་ཇུས།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཱ་ལེ་ཤི་ཡའི་ནང་སྐོར་སྐྱོད་དང་འབྲེལ་ཚོང་དོན་གྲོས་མཐུན་ཁག་ཅིག་ལ་མིང་རྟགས་བཀོད་ཡོད་འདུག

ཨོ་བྷ་མས་ཉིན་བརྒྱད་རིང་ཨེ་ཤ་ཡའི་མཐུན་གྲོགས་རྒྱལ་ཁབ་ཧི་ཧོང་དང་ཀོ་རི་ཡ། མཱ་ལེ་ཤི་ཡ། ཧྥི་ལི་པིན་བཅས་ཀྱི་ནང་སྐོར་སྐྱོད་གནང་གི་ཡོད་པ་ལྟར། ཟླ་འདིའི་ཚེས་ ༢༦ ནས་ ༢༧ ཉིན་གཉིས་རིང་མཱ་ལེ་ཤི་ཡའི་ནང་སྐོར་སྐྱོད་བྱས་ཡོད་ཅིང་། མཱ་ལེ་ཤི་ཡའི་སྲིད་བློན་ནཱ་ཇེབ་ར་ཛག་ (Najib Razak) དང་ཐུག་འཕྲད་གནང་སྟེ་རྒྱལ་སྲུང་བདེ་འཇགས་དང་། ཨ་སྒོར་ཐེར་འབུམ་ ༢ ལྷག་གི་གནམ་གྲུ་དང་སྨན། ཉེན་སྲུང་སྐོར་གྱི་གྲོས་དོན། དེ་བཞིན། ཨ་རིའི་དམག་མི་མཱ་ལེ་ཤི་ཡའི་མངའ་ཁོངས་ནང་སྐོར་སྐྱོད་བྱེད་ཕྱོགས་དང་། ཨ་རིས་སྣེ་ཁྲིད་པའི་དཔྱ་ཁྲལ་མེད་པའི་རྒྱལ་ཁབ་ ༡༢ ཀྱི་ཚོང་དོན་གྲོས་མཐུན་ལ་མཉམ་ཞུགས་ (Trans-Pacific Partnership trade pact)། རྡུལ་ཕྲན་མཚོན་ཆ་ཚོད་ལྟ་སྔོན་འགོག ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྩོད་ཉོག མཱ་ལེ་ཤི་ཡའི་ ༣༧༠ རྟགས་ཅན་གྱི་གནམ་གྲུ་འཚོལ་ཞིབ་ལ་རོགས་རམ་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་པ་མ་ཟད། ཁ་སང་རྒྱལ་ས་ཁཱོ་ལ་དམ་སྤུར་གྱི་ཁ་ཆེའི་མཆོད་ཁང་ཆེ་ཤོས་ནང་ཕེབས་ཏེ་ཆོས་ལུགས་ཕན་ཚུན་བར་མཐུན་པོ་བྱ་དགོས་སྐོར་བརྗོད་ཡོད་འདུག

འདིའི་ཐད་ཨོ་བྷ་མས། “མཱ་ལེ་ཤི་ཡའི་སྲིད་བློན་མཆོག་ལ་ཨ་རིས་ཁྲིམས་ལུགས་དང་སྨྲ་བརྗོད་རང་དབང་། འདུ་ཚོགས་རང་དབང་། ཆོས་དད་རང་དབང་། སྐྱོན་བརྗོད་ཀྱི་ཐོབ་ཐང་སོགས་ནི་དམངས་གཙོའི་ཁ་བྲལ་ཐབས་མེད་པའི་ཁེ་དབང་ལོངས་སྤྱོད་ཅིག་དང་། དེ་ནི་དུས་རབས་ཉེར་གཅིག་ནང་རྒྱལ་ཁབ་ཚགས་ཚུད་ཡར་རྒྱས་ཡོང་ཐབས་སུ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་སྟབས། མཱ་ལེ་ཤི་ངོས་ནས་རང་དབང་དེ་དག་ལ་བརྩི་སྲུང་བྱས་ཏེ་མང་ཚོགས་ཀྱི་ཞི་བདེ་བག་ཕེབས་ལ་འགན་སྲུང་བྱེད་དགོས། ” ཞེས་དང་། ད་རེབ་ཨ་རི་དང་མཱ་ལེ་ཞི་ཡི་བར་ཚོང་དོན་གྲོས་མཐུན་ཁག་ཅིག་ལ་མིང་རྟགས་བཀོད་ཡོད་ཀྱང་། ཨ་རིས་སྣེ་ཁྲིད་པའི་དཔྱ་ཁྲལ་མེད་པའི་རྒྱལ་ཁབ་ ༡༢ ཀྱི་ཚོང་དོན་ཐོག མཱ་ལེ་ཤི་ཡའི་གཞུང་འཛིན་ཚོགས་པའི་བར་ལྟ་ཕྱོགས་མཐུན་མིན་གྱི་དབང་གིས་མིང་རྟགས་འགོད་ཐུབ་མེད་ཀྱང་། མ་འོངས་པར་གྲོས་མཐུན་དེར་གྲོས་ཆོད་འཇོག་ཐུབ་པ་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

མཱ་ལེ་ཤི་ཡའི་སྲིད་བློན་ནཱ་ཇེབ་ར་ཛག་ལགས་ཀྱིས། “ ཐེངས་འདིར་ཨ་རི་དང་མཱ་ལེ་ཤི་ཡའི་འབྲེལ་ལམ་གོང་འཕེལ་གཏོང་ཐབས་སུ་གྲོས་ཆོད་མང་པོ་ཞིག་བཞག་ཡོད་ཀྱང་། དཔྱ་ཁྲལ་མེད་པའི་རྒྱལ་ཁབ་ ༡༢ ཀྱི་ཚོང་དོན་གྲོས་ཆོད་ལ་གཞུང་འཛིན་ཚོགས་པའི་ནང་ལྟ་ཚུལ་མཐུན་མིན་གྱི་དབང་གིས་ད་རེབ་མིང་རྟགས་འགོད་ཐུབ་མེད།’’ ཅེས་བརྗོད་འདུག

༢༠༡༣ ལོའི་ཟླ་ ༡༠ པའི་ཚེས་ ༣ ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་མཱ་ལེ་ཤི་ཡ་ནང་སྐོར་སྐྱོད་བྱས་ཏེ། ཨ་སྒོར་ཐེར་འབུམ་ ༡༣༦།༨༥ ལྷག་གི་ཚོང་དོན་གྲོས་ཆོད་ལ་མིང་རྟགས་དང་འབྲེལ། མཱ་ལེ་ཤི་ཡའི་སྲིད་བློན་ནཱ་ཇེབ་ར་ཛག་ལགས་ཀྱིས་རྒྱ་ནག་དང་མཱ་ལེ་ཤི་ཡའི་འབྲེལ་ལམ་ནི་ཨེ་ཤ་ཡ་འཕེལ་རྒྱས་གཏོང་རྒྱུར་གལ་འགངས་ཆེན་པོ་ཆགས་ཡོད་སྟབས། རྒྱལ་ཁབ་གཉིས་བར་དཔལ་འབྱོར་དང་སྲུང་སྐྱོབ། ཤེས་ཡོན། ཚན་རིག འཕྲུལ་ལས་ཚན་རིག་བར་སྔར་ལྷག་མཉམ་ལས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད།

ལྷོ་ཤར་ཨེ་ཤ་ཡའི་གནད་དོན་ཆེད་མཁས་པ་ཇའོ་ཤུ་ཁོར་ལན་ཌི་ཛིག་ (Joshua Kurlantzick) ལགས་ཀྱིས། “ ད་རེབ་ཨོ་བྷ་མ་ཕེབས་པ་ཙམ་གྱིས་མཱ་ལེ་ཤི་ཡ་གཞུང་གིས་དཔལ་འབྱོར་བཅོས་བསྒྱུར་སྲིད་ཇུས་ཤིག་ལག་བསྟར་བྱ་རྒྱུ་ཁག་པོ་ཡིན་ཡང་། འབྲེལ་ལམ་འདི་བརྒྱུད་རྒྱལ་ཁབ་གཉིས་བར་ཚོང་འབྲེལ་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་མངོན་གསལ་རེད།” ཅེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ༡༩༦༦ ལོའི་ཝེ་ཋེ་ནམ་དམག་འཁྲུག་སྐབས་ཨ་རིའི་སྲིད་འཛིན་ལེན་ཌོན་ཇོན་སུན་ (Lyndon Johnson)ལྷོ་ཤར་ཨེ་ཤ་ཡའི་ནང་དམར་ཤོག་རིང་ལུགས་ཁྱབ་བརྡལ་མི་འབྱུང་ཆེད་མཱ་ལེ་ཤི་ཡ་ནང་སྐོར་སྐྱོད་བྱས་ཡོད་པ་དང་། ཐེངས་འདིར་སྲིད་འཛིན་ཨོ་བྷ་མས་རྒྱ་ནག་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་བདག་དབང་ཐད་རྩོད་རྙོག་ཡོད་པའི་རྒྱལ་ཁབ་ཁག་ནང་སྐོར་སྐྱོད་བྱེད་ཀྱི་ཡོད་པ་དེ་ནི། རྒྱ་ནག་གི་ཧམ་སེམས་ཉམས་དམས་སུ་གཏོང་ཐབས་ཤིག་ཡིན་པ་མ་ཟད། ཨེ་ཤ་ཡའི་མངའ་ཁུལ་དུ་ཨ་རིའི་སྟོབས་ཤུགས་རྒྱ་སྐྱེད་སྲིད་ཇུས་ཀྱི་གོ་སྐབས་ཤིག་ཀྱང་ཡིན་སྐོར་བརྗོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས། ཨོ་བྷ་མས་ཐེངས་འདིར་ཨེ་ཤ་ཡའི་ནང་གི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་བཞིར་སྐོར་སྐྱོད་བྱས་ཏེ། ཞི་བདེ་རྒྱ་མཚོའི་བདག་དབང་རྩོད་ལེན་ཐད་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་། མངའ་ཁུལ་དེ་དག་གི་རྩོད་རྙོག་ནི་ཨེ་ཤ་ཡའི་རྒྱལ་ཁབ་བཞིའི་བར་གྱི་འགལ་འདུ་ཞིག་ཡིན་པ་ལས། དེ་ལ་ཨ་རིས་ཐེ་ཇུས་བྱེད་དབང་མེད་སྐོར་བརྗོད་འདུག

དེ་རིང་དང་སང་ཉིན་རིང་སྲིད་འཛིན་ཨོ་བྷ་མ་ཧྥི་ལེ་པིན་ནང་སྐོར་སྐོད་དང་། དེ་རྗེས་ཕྱིར་ཨ་རིར་ལོག་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

༢༠༢༦/༠༩/༢༥
THE MONK AND THE GUN (དྲ་རྒྱའི་པར།)
Bloggers

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

༢༠༢༦/༠༩/༢༥
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

༢༠༢༦/༠༩/༢༥
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese