མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ཐག་རང་གཅོད་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཡུའུ་ཁུ་རེན་གྱི་སྲིད་འཛིན་འོས་བསྡུ་བསླེབ་ལ་ཉེ་སྐབས་གྱེན་ལོག་པ་ཚོས་ཡུའུ་ཁུ་རེན་ཤར་ཕྱོགས་གྲོང་ཁྱེར་ཁག་ནང་ཟིང་འཁྲུག་མུ་མཐུད་སློང་བཞིན་ཡོད་འདུག

ཟླ་འདིའི་ཚེས་ ༢ ཉིན་ཡུའུ་ཁུ་རེན་ལྷོ་ཕྱོགས་གྲོང་ཁྱེར་ཨོ་ཊེ་སཱ་ (Odessa) རུ་ཨུ་རུ་སུར་དགའ་མོས་བྱེད་མཁན་དང་ཡུའུ་ཁུ་རེན་བར་བརྒལ་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་མང་ཚོགས་བར་འཁྲུག་འཛིང་ཤོར་ཏེ་མི་ ༤༢ བསད་ཡོད་པ་དང་། ཉི་ཤུ་ཙམ་ལ་རྨས་སྐྱོན་བཟོས་རྗེས། ཉེན་རྟོག་པས་ངོ་རྒོལ་བ་ ༦༨ ཙམ་འཛིན་བཟུང་བྱས་ཡོད་པ་དང་། དེའི་རྗེས་གྱེན་ལོག་པ་ཚོས་ཉེན་རྟོག་ལས་ཁུངས་གཙོས་སྲིད་གཞུང་གི་ལས་ཁུངས་ཁག་ལ་གཏོར་སྐྱོན་ཚབས་ཆེན་བཏང་སྟེ་གནས་ཚུལ་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་སྟབས། ཁ་སང་གཞུང་གིས་ཟིང་འཁྲུག་ཞི་འཇགས་ཡོང་ཆེད་ཁོ་ཚོར་ཀློད་གྲོལ་བཏང་ཡོད་འདུག

དོན་རྐྱེན་འདིའི་ཐད་ཡུའུ་ཁུ་རེན་གྱི་སྲིད་བློན་ཡཱ་ཌི་སིན་ཡོ་ཁུ་ (Arseniy Yatsenyuk) ལགས་ཀྱིས་བྷེ་བྷེ་སེའི་གསར་འགོད་པར། ཐེངས་འདིའི་ཨོ་ཊེ་སཱའི་དོན་རྐྱེན་དེའི་རྒྱབ་ཏུ་ཨུ་རུ་སུས་ངན་སྐུལ་བྱས་ཡོད་སྐོར་དང་། ས་གནས་ཉེན་རྟོག་པ་ཚོས་རྒྱལ་ཁབ་དང་མི་མང་གི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་ལས་གཞུང་དངུལ་ལྐོག་ཟ་བྱེད་པར་ངན་གོམས་སུ་སོང་ཡོད་སྟབས། སྲིད་གཞུང་གིས་ཁོ་ཚོར་རྟོག་ཞིབ་མཐིལ་ཕྱིན་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག

ཡུའུ་ཁུ་རེན་ཤར་ཕྱོགས་གྲོང་ཁྱེར་ཁག་ནང་གྱེན་ལོག་པ་ཚོས་གཞུང་གི་ལས་ཁུངས་དང་ས་ཁུལ་མང་པོ་མུ་མཐུད་བཙན་བཟུང་བྱེད་ཀྱིན་ཡོད་པར་ཡུའུ་ཁུ་རེན་བར་བརྒལ་སྲིད་གཞུང་གིས་དྲག་པོའི་གདོང་ལེན་བྱེད་པ་སོགས་གནས་ཚུལ་ཉིན་རེ་བཞིན་ཛ་དྲག་ཆགས་བཞིན་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གིས་དམིགས་བསལ་ཚོགས་འདུ་ཞིག་བསྐོངས་ཡོད་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཨུ་རུ་སུའི་བར་ལྟ་བ་མ་མཐུན་པའི་དབང་གིས་དོན་ཕན་ལྡན་པའི་གྲུབ་འབྲས་བྱུང་མེད།

ཉིན་དེར་ཨ་རིའི་ཕོ་བྲང་དཀར་པོ་རུ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་འཇར་མན་གྱི་སྲིད་བློན་ལྕམ་ཨན་རྗི་ལྰ་ (Angela Merkel) གཉིས་ཐུག་འཕྲད་གནང་སྟེ། བར་ལམ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་སོང་བར་བསྐྱར་གསོ་དང་། ཟླ་འདིའི་ཚེས་ ༢༥ ཉིན་ཡུའུ་ཁུ་རེན་གྱི་སྲིད་འཛིན་འོས་བསྡུ་བྱེད་ཀྱི་ཡོད་སྟབས། དེ་སྔོན་ཨུ་རུ་སུས་ཡུའུ་ཁུ་རེན་གྱི་དཀའ་རྙོག་སེལ་བར་མཐུན་སྦྱོར་མ་བྱས་ཚེ། ཨ་རི་དང་འཇར་མན་གཉིས་ཀྱིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་ཐེངས་གསུམ་པ་གཏོང་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད་འདུག

ཟླ་འདིའི་ཚེས་ ༣ ཉིན། གྱེན་ལོག་པ་ཚོས་ཟླ་སྔོན་མའི་ཟླ་མཇུག་ཏུ་ཡུ་རོབ་མཐུན་ཚོགས་ཀྱི་བདེ་འཇགས་དང་མཉམ་འབྲེལ་ཚོགས་པའི་མི་ ༡༣ ཡུའུ་ཁུ་རེན་གྱི་ཤར་ཕྱོགས་གྲོང་ཁྱེར་སི་ལྰ་བེ་ཡན་སི་ཁུ་ནང་རྟོག་ཞིབ་བྱེད་པར་བསྐྱོད་སྐབས་བཙན་ཁྲིད་བྱས་ཡོད་པ་དག་ཀློད་གྲོལ་བཏང་ཡོད་འདུག

ད་ལྟའི་ཆར་གྱེན་ལོག་པ་ཚོས་ཡུའུ་ཁུ་རེན་གྱི་ཤར་ཕྱོགས་གྲོང་ཁྱེར་ཊོབ་ནེ་ཌི་སི་ཁུ་ (Donetsk) དང་ཁ་ར་མཱ་ཊོར་སི་ཁུ་(Kramatorsk)་གཙོས་གྲོང་ཁྱེར་དང་གཞུང་གི་ལས་ཁུངས་མང་པོ་བཙན་བཟུང་བྱས་ཡོད་པ་དང་། ལྷག་པར་དུ་ ཟླ་འདིའི་ཚེས་ ༡༡ ཉིན། གྲོང་ཁྱེར་ཊོབ་ནེ་ཌི་སི་ཁུའི་མང་ཚོགས་ཡུའུ་ཁུ་རེན་དང་ཨུ་རུ་སུ་གཉིས་ཀྱི་རྒྱལ་ཁོངས་གང་དུ་འགྲོ་དགོས་མིན་ཐད། འོས་ཤོག་བླུགས་ཏེ་རང་ཐག་རང་གཅོད་བྱ་རྒྱུ་ཡིན་འདུག

གནད་དོན་དབྱེ་ཞིབ་པ་ཚོས། ཡུའུ་ཁུ་རེན་ཤར་ཕྱོགས་གྲོང་ཁྱེར་ཁག་ནང་ཡོད་པའི་ཨུ་རུ་སུའི་སྐད་ཤོད་མཁན་མི་ རིགས་ལ་ཨུ་རུ་སུས་སྲུང་སྐྱོབ་བྱེད་པར་བདག་དབང་ཡོད་པའི་སྐད་ཆ་དང་།  ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡུའུ་ཁུ་རེན་གྱི་དཀའ་རྙོག་སྲིད་དོན་འབྲེལ་མོལ་བརྒྱུད་ནས་སེལ་བའི་འབད་བརྩོན་བྱེད་ཀྱི་ཡོད་སྟབས། ཡུའུ་ཁུ་རེན་བར་བརྒལ་སྲིད་གཞུང་གིས་གྱེན་ལོག་པ་ཚོར་དམག་རྒྱག་པར་ཚོད་འཛིན་བྱས་ཡོད། གལ་སྲིད། ཨུ་རུ་སུས་མོས་མཐུན་བྱུང་ན་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཐེ་གཏོགས་བྱེད་མི་དགོས་པར་ཡུའུ་ཁུ་རེན་གྱི་དཀའ་རྙོག་ལས་སླ་བོར་སེལ་ཐུབ་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

ཆུ་ཚོད་ ༥ སྔོན་ལ།
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

ཆུ་ཚོད་ ༥ སྔོན་ལ།
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese