མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐེ་ལན་ཌིའི་སྲིད་བློན་ཕྱིར་འཕུད།

བོད་ཀྱི་དུས་བབ།
༢༠༡༤/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཐེ་ལན་ཌིའི་ཆེས་མཐོའི་ཁྲིམས་ཁང་གིས་ད་ལྟའི་སྲིད་བློན་ལྕམ་ཡེན་ལོག་གིས་སྲིད་དབང་ལོག་སྤྱོད་བྱས་པའི་ཉེས་མིང་འོག་སྲིད་བློན་ལས་གནས་ནས་དགོངས་པ་ཞུ་དགོས་པའི་བཅད་ཁྲ་བཏང་ཡོད་འདུག

 

དེ་རིང་ཕྱི་ཚེས་ ༧ ཉིན་ཐེ་ལེན་ཌིའི་ཆེས་མཐོའི་ཁྲིམས་ཁང་གིས་བཅད་ཁྲ་བཏང་སྟེ། སྲིད་བློན་ལྕམ་ཡེན་ལོག་ (Yingluck Shinawatra)གིས་དབང་ཆ་ལོག་པར་སྤྱད་དེ་རང་གི་ནང་མི་དང་སྲིད་དོན་ཚོགས་པའི་ཁེ་ཕན་ཆེད་གཉེན་ཉེ་ཐྰ་ཝེལ་ (Thawil Pliensri)རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་མགོ་གཙོར་བསྐོས་པ་དང་། རྒྱལ་ཁབ་ནང་སྲིད་དོན་དཀའ་རྙོག་ཆེན་པོ་བཟོས་པ་སོགས་ཀྱི་ཉེས་འཛུགས་འོག ཁོང་མོས་སྲིད་བློན་གོ་གནས་ནས་དགོངས་པ་ཞུ་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག

 

སྲིད་བློན་ལྕམ་ཡེན་ལོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ།  མི་མང་གིས་ལོ་གཉིས་རིང་ཁོང་མོར་རྒྱབ་སྐྱོར་གནང་བར་ཐུགས་རྗེས་ཞུས་པ་དང་འབྲེལ། “ ཐེངས་འདིར་ཕྱོགས་འགལ་ཚོགས་པའི་སྐྱོན་འཛུགས་ལ་ངོས་ལེན་བྱེད་ཐབས་མེད་པ་དང་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་མགོ་གཙོ་བསྐོ་བཞག་བྱས་པ་མི་སྒེར་དང་སྲིད་དོན་ཚོགས་པའི་ཁེ་ཕན་ཆེད་མིན་” ཞེས་བརྗོད་ཡོད་འདུག

 

སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོས་ཁྲིམས་ཁང་གི་ཐག་གཅོད་དེར་དགའ་བསུ་ཞུས་ཡོད་པ་དང་། ལྕམ་ཡེན་ལོག་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཁྲིམས་ཁང་གི་ཐག་གཅོད་དེར་སྐྱོན་བརྗོད་བྱས་ཏེ། ཟླ་འདིའི་ཚེས་ ༡༠ ཉིན་གྲོང་ཁྱེར་བྷན་ཁཱོག་ནང་མང་ཚོགས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱེད་པའི་གྲ་སྒྲིག་བྱེད་བཞིན་ཡོད་ལ། ད་ལོའི་ཟླ་དྲུག་པའི་ནང་ཐེ་ལན་ཌིའི་ནང་སྲིད་བློན་འོས་བསྡུ་བྱ་འཆར་ཡོད་འདུག

 

གནད་དོན་འདིའི་ཐད་ཕྱོགས་འགལ་དམངས་གཙོ་ཚོགས་པའི་མགོ་ཁྲིད་གཞོན་པ་སྐུ་ཞབས་ཁད་ཊི་(Kiat  Sittheeamamorn)ལགས་ཀྱིས་གསར་འགོད་པར། ཁྲིམས་ཁང་གི་ཐག་གཅོད་དེས་ཐེ་ལན་ཌིའི་ནང་སྲིད་དོན་དཀའ་རྙོག་སེལ་ཐུབ་ཀྱི་མེད་པར་བརྟེན། སྲིད་བློན་འོས་བསྡུ་མ་བྱས་སྔོན་ལ་སྲིད་དོན་ཚོགས་པའི་བར་དཀའ་རྙོག་སེལ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག

 

ཁྲིམས་ཁང་གིས་བཅད་ཁྲ་དེ་བསྒྲགས་རྗེས། སྲིད་བློན་གཞོན་པ་སྐུ་ཞབས་ཕོན་ཐེ་ཕུ་ (Phongthep Thepkanjana) ལགས་ཀྱིས། བློན་ཆེན་ལྷན་ཚོགས་དང་མཉམ་དུ་གྲོས་བསྡུར་བྱས་ཏེ། ད་ལྟའི་ཚོང་ལས་བློན་ཆེན་སྐུ་ཞབས་ནེ་ཝ་ཊོམ་རོན་ (Niwattumrong) ལགས་སྲིད་བློན་ལས་ཚབ་ལ་བསྐོ་བཞག་བྱས་ཡོད་འདུག

 

གནད་དོན་དབྱེ་ཞིབ་པ་ཚོས། ཁྲིམས་ཁང་གི་ཐག་གཅོད་དེ་འབར་བཞིན་པའི་མེ་ཐོག་ལ་ས་སྣུམ་བླུགས་པ་ལྟར། ཐེ་ལན་ཌིའི་ནང་སྲིད་དོན་རྩོད་རྙོག་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་དང་། ཡང་བསྐྱར་སྲིད་བློན་འོས་བསྡུ་བྱས་ན་ད་ལྟའི་གཞུང་འཛིན་སྲིད་དོན་ཚོགས་པར་རྒྱལ་ཁ་འཐོབ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

 

 སྔར་ལོའི་ཕྱི་ཟླ་ ༡༡ པ་ཡས་མས་ནས་ཐེ་ལེན་ཌིའི་ཕྱོགས་འགལ་ཚོགས་པའི་སྣེ་ཁྲིད་འོག་མི་མང་འབུམ་གཅིག་ལྷག་གིས། གཞུང་འཛིན་ཚོགས་པའི་མི་སྣའི་ཁྲོད་ལྐོག་ཟ་རུལ་སུངས་ཤུགས་ཆེན་ཡོད་པ་དང་།  སྲིད་གཞུང་གིས་གྲོང་གསེབ་ཁག་ཏུ་འཚོ་སྣོན་སྤྲོད་སྟངས་འགྲིག་གི་མེད་པ་སོགས་ལ་བརྟེན་ཏེ་སྲིད་བློན་ལྕམ་ཡེན་ལོག་གིས་སྲིད་བློན་ནས་དགོངས་པ་ཞུ་དགོས་པའི་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ཅིང་། རྒྱལ་ཁབ་ལྐོག་ཟ་རུལ་སུངས་རྟོག་ཞིབ་ཚོགས་པས་ཞིབ་འཇུག་བྱས་པ་བརྒྱུད་སྲིད་བློན་ཁྲིམས་གཏུགས་བྱས་ཏེ། ཐེངས་འདིར་ཁྲིམས་ཁང་གིས་ཁོང་མོས་སྲིད་དབང་ལོག་སྤྱོད་བྱས་པའི་ཐག་གཅོད་བཅད་ཁྲ་བཏང་བ་ཞིག་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

ཆུ་ཚོད་ ༡ སྔོན་ལ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

ཆུ་ཚོད་ ༡༩ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༢༢ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

༢༠༢༦/༠༩/༢༢
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༩/༢༢
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese