མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཉིས་ཕན་མཉམ་རྒྱལ་གྱི་གོམ་ཞེང་།

བོད་ཀྱི་དུས་བབ།
༢༠༡༤/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ཨ་ཧྥི་རི་ཀའི་ཨན་གྷོ་ལ་རྒྱལ་ཁབ་ནང་སྐོར་སྐྱོད་བྱས་ཏེ་ཚོང་དོན་གྲོས་མཐུན་ཁག་ཅིག་ལ་མིང་རྟགས་བཀོད་ཡོད་འདུག

ཟླ་འདིའི་ཚེས་ ༤ ཉིན་ནས་བཟུང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་ཨ་ཧྥི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ཅིག་ནང་སྐོར་སྐྱོད་བྱེད་བཞིན་ཡོད་ཅིང་། ཁ་སང་ཨན་གྷོ་ལའི་སྲིད་འཛིན་ཇོ་སེ་ཨེ་ཌར་ཌོ་ (Jose Eduardo Dos Santos) ་དང་སྲིད་འཛིན་གཞོན་པ་མཱ་ཎུལ་ (Manuel Vicente)སོགས་ལ་ཐུག་འཕྲད་བྱས་ཏེ། རྒྱ་གཞུང་གིས་ཨན་གྷོ་ལའི་ཞིང་ལས་འཕེལ་རྒྱས་ལ་རོགས་སྐྱོར་དང་། གཞུང་ལམ་དང་གློག་ཁང་གསར་རྒྱག ཨན་གྷོ་ལའི་རྒྱལ་སའི་རྒྱལ་སྤྱིའི་གནམ་གྲུའི་བབ་ཐང་གསར་སྐྲུན། ཨན་གྷོ་ལ་མེ་འཁོར་བབ་ཚུགས་ནས་ཁོང་གྷོ་དང་ཨེཊ་ལཱན་ཊིག་མངའ་ཁུལ་རྒྱལ་ཁབ་ནང་ཤར་གཏོང་ཐུབ་པའི་མགྱོགས་མྱུར་མེ་འཁོར་ལྕགས་ལམ་བཟོ་སྐྲུན། སྨན་བཅོས་ལྟ་སྐྱོང་དང་ས་ཁང་འཛུགས་སྐྲུན། ཨན་གྷོ་ལས་རྒྱ་ནག་ལ་ལོ་ལྟར་རྡོ་སྣུམ་ཌོན་ (metric tons) ས་ཡ་༨༩།༤༥ ཚོང་རྒྱུ་སོགས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་པ་མ་ཟད། ལི་ཁེ་ཆང་གིས་ཕྱི་སྡོད་རྒྱ་རིགས་དང་ཁེ་ལས་བདག་པོ་ཚོར་ཐུག་སྟེ་བགྲོ་གླེང་ཚོགས་འདུ་ཞིག་ཀྱང་བསྐོངས་ཡོད་འདུག

འདིའི་ཐད་ལི་ཁེ་ཆང་གིས། “རྒྱ་ནག་དང་ཨན་གྷོ་ལའི་འབྲེལ་ལམ་ནི་གཉིས་ཕན་མཉམ་ལས་ཤིག་ཡིན་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་སྔར་མེད་ནུས་པ་ཞིག་ཐོན་ངེས་རེད།” ཅེས་དང་། ཨན་གྷོ་ལའི་སྲིད་འཛིན་ཇོ་སེ་ཨེ་ཌར་ཌོ་ཡིས། “ རྒྱ་ནག་ནི་རྒྱལ་སྤྱིའི་ཐོག་སྟོབས་འབྱོར་མངའ་དབང་ཆེ་ཤོས་གྲས་ཀྱི་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱ་ནག་དང་འབྲེལ་ལམ་སྔར་ལྷག་འཕེལ་རྒྱས་གཏོང་ཐུབ་པ་བྱས་ཏེ། ཨན་གྷོ་ལའི་མཐུན་གྲོགས་རྒྱལ་ཁབ་ཡག་ཤོས་ཤིག་ཏུ་འགྱུར་ཐུབ་པ་བྱ་རྒྱུ་ཡིན།” ཅེས་སོགས་བརྗོད་འདུག

རྒྱ་ནག་གི་ཚོང་དོན་བློན་ཆེན་གྷོ་ཧོ་ཁྲན་ (Gao Hucheng) གྱིས། རྒྱ་ནག་དང་ཨན་གྷོ་ལ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་སྟབས། གློག་ཁང་དང་མེ་འཁོར་ལྕགས་ལམ། སོ་ནམ་ཞིང་ལས། གཏེར་རྫས་ཉོ་ཚོང་། བཟོ་ལས་ཚན་རྩལ་གཙོས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱ་གཞག་ཐད་སྒོ་ཀུན་མཉམ་ལས་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་གཏོང་ཐབས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་བརྗོད་འདུག

༡༩༧༨ ལོར་ཨན་གྷོ་ལ་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་གཙོས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས། རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མི་ལྔའི་ཁོངས་སུ་ཞུགས་པར་རྒྱབ་སྐྱོར་བྱས་པ་ནས་བཟུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་མགོ་འཛུགས་ཙམ་བྱུང་ཡོད་ཀྱང་། ཨན་གྷོ་ལར་ནང་འཁྲུག་བསྟུད་མར་བྱུང་སྟབས་ལམ་མདུན་སྐྱོད་ཆེན་པོ་བྱུང་མེད།

༢༠༠༠ ལོར་རྒྱ་ནག་དང་ཨ་ཧྥི་རི་ཀའི་གླེང་སྟེགས་ཚོགས་འདུ་ཐོག་མ་ཚོགས་སྐབས། རྒྱ་གཞུང་དང་ཨན་གྷོ་ལར་བར་ཨ་སྒོར་ས་ཡ་ ༤༦༥ དང་། ༢༠༠༦ ལོར་སྲིད་བློན་ཝུན་ཅ་པའོ་ལོར་ཨན་གྷོ་ལར་སྐོར་སྐྱོད་བྱས་ཏེ་ཨ་སྒོར་ཐེར་འབུམ་ ༡༠།༢༣ གྱི་ཚོང་དོན་གྲོས་མཐུན་དང་། ཨ་སྒོར་ཐེར་འབུམ་ ༩ ཡི་སྐྱེད་མེད་བུ་ལོན་གཡར་ཡོད་འདུག

༢༠༠༧ ལོར་ཨན་གྷོ་ལ་དང་རྒྱ་ནག་བར་ཨ་སྒོར་ཐེར་འབུམ་ ༢༤།༨ དང་། ༢༠༠༩ ལོ་ནས་ ༢༠༡༢ ལོ་བར་ཨ་སྒོར་ཐེར་འབུམ་ ༢༨། ༢༠༡༣ ལོར་ཨ་སྒོར་ཐེར་འབུམ་ ༣༦ གི་ཚོང་འབྲེལ་བྱས་ཡོད་སྟབས། ༢༠༡༢ ལོ་དང་བསྡུར་ན་ཨ་སྒོར་ཐེར་འབུམ་ ༨ མང་དུ་ཕྱིན་ཡོད་འདུག

༢༠༡༣ ལོའི་རྒྱལ་སྤྱིའི་དངུལ་ཁང་གི་སྙན་ཐོའི་ནང་། རྒྱ་གཞུང་གིས་ཨ་ཧྥི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་འཕེལ་རྒྱས་གཏོང་ཐབས་ལ་བརྒྱ་ཆ་ ༢༨ ཙམ་ཞིག་ལེགས་སྐྱེས་ཕུལ་ཡོད་པ་མ་ཟད། བུ་ལོན་ཨ་སྒོར་ཐེར་འབུམ་ ༣།༢ ཆག་ཡང་བཏང་ཡོད་སྐོར་འཁོད་འདུག

༢༠༠༨ ལོ་ནས་བཟུང་རྒྱ་ནག་ནི་རྒྱལ་སྤྱིའི་ཐོག་ཨ་ཧྥི་རི་ཀར་ཚོང་འབྲེལ་མང་ཤོས་བྱེད་མཁན་གྱི་རྒྱལ་ཁབ་དེ་ཆགས་ཡོད་པ་མ་ཟད། ༢༠༡༣ ལོར་རྒྱ་ནག་དང་ཨ་ཧྥི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་བར་ཨ་སྒོར་ཐེར་འབུམ་ ༢༡༠ ཡི་ཚོང་འབྲེལ་བྱས་ཡོད་འདུག

ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁེ་རེ་ཡང་ཉིན་འདི་འགར་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ཅིག་ནང་སྐོར་སྐྱོད་བྱེད་བཞིན་ཡོད་ཅིང་། ཚེས་ ༤ དང་ ༥ བཅས་ཉིན་གཉིས་རིང་ཨན་གྷོ་ནང་བསྐྱོད་དེ་ཨན་གྷོ་ལའི་སྲིད་འཛིན་དང་ཐུག་འཕྲད་གྱིས་གློག་འཕྲུལ་ལས། སོ་ནམ་ཐོན་ལས་འཕེལ་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་གྲོས་ཆོད་བཞག་ཡོད་པ་མ་ཟད། ཨན་གྷོ་ལར་དམག་རྒྱག་གནམ་གྲུ་ (Boeing 777) རྟགས་ཅན་ཉོ་རྒྱུར་ཨ་སྒོར་ས་ཡ་ ༣༠༠ ཡི་བུ་ལོན་གཡར་ཡོད་འདུག ༢༠༡༣ ལོར་ཨ་རི་དང་ཨན་གྷོ་ལ་བར་ཨ་སྒོར་ཐེར་འབུམ་ ༡༠།༢ ཀྱི་ཚོང་འབྲེལ་དང་། དེ་དག་ལས་ཨ་སྒོར་ས་ཡ་ ༢༥ རྡོ་སྣུམ་ཚོང་འབྲེལ་བྱས་ཡོད་འདུག

ཨན་གྷོ་ལ་ཡི་ཤུའི་མཐོ་སློབ་གྱི་དཔལ་འབྱོར་རིག་པའི་ཆེད་མཁས་པ་ཝ་སན་ཌི་ (Vicente Pinto de Andrade) ལགས་ཀྱིས། “རྒྱ་གཞུང་གི་ཐབས་ཇུས་ལྟར་ཨོ་བྷ་མས་ཨན་གྷོ་ལ་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་དང་མཉམ་འབྲེལ་བྱས་ཏེ། ཨ་རིའི་སྟོབས་ཤུགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད།” ཅེས་བརྗོད་འདུག

ཨན་གྷོ་ལ་སྲིད་འཛིན་གྱི་དཔལ་འབྱོར་རིག་པའི་སློབ་སྟོན་པ་ཁཱ་སེ་མཱོ་ (Basilio Cassomo) ལགས་ཀྱིས། “ རྒྱ་ནག་དང་ཨན་གྷོ་ལའི་འབྲེལ་ལམ་ནི་གཉིས་ཕན་འཕེལ་རྒྱས་ཡོང་ཐབས་ཀྱི་འབྲེལ་ལམ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་གཉིས་བར་ཆ་རྐྱེན་གང་ཡང་མེད་པར་ཚོང་འབྲེལ་གྲོས་ཆོད་འཇོག་བཞིན་ཡོད་སྟབས། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་ཨན་གྷོ་ལའི་བདག་དབང་ལ་རྒྱ་གཞུང་གིས་ཐེ་ཇུས་བྱེད་བཞིན་ཡོད་སྐོར་སྙོན་འཛུགས་བྱེད་བཞིན་པ་དག་ནི་གཞི་རྩ་གང་ཡང་མེད།” ཅེས་བརྗོད་འདུག

སྲིད་དོན་དབྱེ་ཞིབ་པ་ཚོས། ཉེ་ཆར་ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁེ་རེ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ཏུ་སྐོར་སྐྱོད་ཕྱིན་པ་དང་བསྟུན་ཏེ། ལི་ཁེ་ཆང་ཨ་ཧྥི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་བར་ཚོང་དོན་གྲོས་མཐུན་བཞག་པ་དེ་ནི། ཨ་རིས་ཁ་གཏད་གཅོག་ཐབས་ཤིག་ཡིན་སྐོར་བརྗོད་འདུག

སང་ཉིན་ལི་ཁེ་ཆང་ཁེན་ཡར་སྐོར་སྐྱོད་དང་། ཚེས་ ༡༡ ཉིན་རྒྱ་ནག་ལ་ཕྱིར་ལོག་བྱ་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༥ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese