མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་འབྲེལ་མོལ་ལ་ཉན་པ།

བོད་ཀྱི་དུས་བབ།
༢༠༡༤/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༢༦ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཆད་མཐུད་ལན་དགུ་བྱས་པའི་བོད་རྒྱ་འབྲེལ་མོལ་ལ་གྲག་འགུལ་མེད་པར་ལོ་བཞི་ཕྱིན་སོང་། འབྲེལ་མོལ་ལས་རིམ་མཚམས་ཆད་པའི་འགན་དེ་རྒྱ་གཞུང་གིས་བོད་མགོ་ལ་གཡུགས། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་མགོ་ལ་གཡོག སྤོ་ལོ་བཞིན་ཕར་གཡུག་ཚུར་གཡུག་གིས་ལོ་བཞི་ཕྱིན་སོང་། ཕྱོགས་གཞན་ནས་ཕན་ཚུན་གཉིས་ཀས་འབྲེལ་མོལ་ལ་འདོད་པ་ཡོད་ལ་གྲ་སྒྲིག་ཀྱང་ཨང་གསར་ཡོད་རབ་བཤད། ཡང་སྙིང་བོད་རྒྱ་འབྲེལ་མོལ་དེ་སུ་ཞིག་གིས་བཀག་པ་རེད་དམ། བོད་གཞིས་བྱེས་རྒྱ་ཆེའི་མི་མང་གིས་པེ་ཅིན་གཞུང་དང་རྡ་སའི་སྒྲིག་འཛུགས་ལ་མིག་ཅེར་ནས་རྣ་བ་གཏད་ཡོད།

       བཀའ་ཐམ་སྲིད་ཞི་བདེ་སྐྱིད་མ་སྲིད་སྐྱོང་མཆོག་གི་ལག་ནང་རག་པའི་ཉིན་མོར། ༧གོང་ས་མཆོག་དང་ཁྲིམས་དཔོན་ཆེན་མོ། བོད་རྒྱ་ཆེའི་མི་མང་ཚོགས་བཅས་ཀྱི་མདུན་དུ། རྒྱལ་བ་རིན་པོ་ཆེ་ཕོ་བྲང་པོ་ཏཱ་ལར་གདན་འདྲེན་ཞུ་རྒྱུ་ཁས་ལེན་བྱས་ཡོད། དེའི་རྗེས་གྲོས་ཚོགས་ནང་རྒྱ་ནག་གི་སྲིད་འཛིན་འཕོ་འགྱུར་ལ་སྒུག་ཡོད་སྐོར་དང་། ཞི་ཅིན་ཕིན་གྱི་ཨ་ཕ་བོད་པར་དམིགས་བསལ་འབྲེལ་བ་ཡོད་སྐོར་བཤད། ན་ནིང་སླར་ཡང་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་དང་ཀྲུང་ཨུད་ཚང་འཛོམས་གྲོས་ཚོགས་སོགས་ལ་ཉན་རྗེས། ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེན་དུ་རྩིས་ནས་ཕྱག་ལས་ཤིག་གནང་འཆར་ཡོད་སྐོར་གསུངས།

      སྲིད་སྐྱོང་མཆོག་གི་སྲིད་ལོའི་ཕྱེད་ཀ་རྫོགས་སོང་། བོད་རྒྱ་འབྲེལ་མོལ་ད་དུང་མཐུད་ཐུབ་མེད་ལ་འབྲེལ་མོལ་སྐུ་ཚབ་ཀྱང་དམིགས་འཛུགས་མེད། ཞི་མོལ་ལས་དོན་ཚོགས་ཆུང་ཐེངས་མང་ཚོགས་ཀྱང་། མང་ཚོགས་ལ་འཆར་གཞི་འདི་ཡིན་དང་གྲ་སྒྲིག་འདི་ཡོད་ཀྱི་གནས་ཚུལ་གང་ཡང་གསལ་བཤད་བྱས་མེད། སྲིད་སྐྱོང་མཆོག་གིས་ཅི་ཞིག་ལ་སྒུག་ཡོད་པ་དང་གང་ཞིག་ལ་ཉན་ཡོད་པ་མི་ཤེས་མོད། རྒྱ་ནག་གཞུང་གི་བཤད་སྤྱོད་དང་གྲ་སྒྲིག་བྱེད་ཕྱོགས་ལས། བོད་རྒྱ་འབྲེལ་མོལ་ལ་གཡོལ་ཐབས་དང་། དེ་སྔའི་བཤད་མཚམས་ལས་ཀྱང་ཕྱི་བཤོལ་རྒྱག་གི་ཡོད་པ་ཤེས་དགོས།

     ཉེ་ལམ་ངེད་དུས་བབ་གསར་ཁང་གིས་དེ་སྔའི་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། བོད་པའི་སྐུ་ཚབ་ཚོགས་པས་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་དང་གྲོས་བསྡུར་ཐེངས་མང་བྱས་པ་རེད། འོན་ཀྱང་ཀྲུའུ་ཝེ་ཆོན་གྱིས་རྩོམ་ཡིག་སྤེལ་ཏེ་གྲངས་ཉུང་མི་རིཊ་ལ་ས་གནས་རང་སྐྱོང་ལྗོངས་ཀྱི་ཐོབ་ཐང་སྤྲད་ཡོད་པ་དེ་ཕྱིར་བསྡུ་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་ཐོབ་ཐང་འདྲ་མཉམ་བྱེད་དགོས་ཚུལ་བརྗོད་པ་དེས་ཞི་མོལ་གྱི་ལམ་ཁ་མེད་པ་བཟོས་སོང་ཟེར།

     རྒྱ་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བཀའ་ཤག་སྐབས་སྔོན་མའི་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་སྣེ་མོ་ཀྲུག་ཝེ་ཆོན་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་ནས་ཆོས་ལུགས་ལས་དོན་སྡེ་ཚན་འགན་འཛིན་དུ་བསྐོས་སོང་། སྐབས་དེ་ཤེད་ཅིག་ནས་ཀྲུག་ཝེ་ཆོན་གྱི་མགྲིན་པ་བརྒྱུད་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་བོད་རྒྱ་འབྲེལ་གཏུག་གི་ནང་དོན་གནས་ཚད་སོགས་ལ་ངོས་འཛིན་གང་འདྲ་ཡོད་མེད་གསལ་བོ་བཟོ་ཐབས་བྱེད་ཀྱིན་འདུག ད་དུང་སྐུ་ཞབས་ཀྲུག་ཡུ་རོབ་ཁག་ཏུ་སྐོར་མྱུལ་བྱས་ཏེ་བོད་གཙོས་པའི་གྲངས་ཉུང་མི་རིགས་གཞན་དག་གི་གནད་དོན་དང་། ནུབ་ཕྱོགས་པས་བོད་པར་ལྟ་སྟངས་གང་འདྲ་འཛིན་དགོས་མིན་སོགས་བསྐྱར་བཤད་ཡང་བཤད་བྱས། འདི་ཀྲུག་ཝེ་ཆོན་གྱིས་ནུབ་ཕྱོགས་པར་འཇིགས་སྐུལ་བྱས་པ་ཞིག་དང་། སྲིད་སྐྱོང་མཆོག་གི་ནང་གི་དོན་སྙིང་ལ་ལྕག་གི་གཟེ་མ་ར་མགོ་སྐོར་ཐབས་བྱེད་ཀྱིན་ཡོད།

འབྲེལ་ཡོད་གསར་འགྱུར།

tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

ཆུ་ཚོད་ ༢ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese