མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཚོས་ལས་འགུལ་མཚམས་མི་འཇོག

བོད་ཀྱི་དུས་བབ།
༢༠༡༤/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡ ཐོག་དྷ་ས་མེག་གྷན་རླངས་འཁོར་འབབ་ཚུགས་སུ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ས་གནས་གཞོན་ནུ་དང་བུད་མེད་བཅས་ཀྱི་གོ་སྒྲིག་འོག པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་འཁྲིད་བྱས་ཏེ་ལོ་ངོ་ ༡༩ འཁོར་བའི་དུས་དྲན་སྲུང་གཙི་དང་འབྲེལ། རྒྱ་ནག་གཞུང་གིས་ཁོང་འཕྲལ་དུ་ཀློད་གྲོལ་གཏོང་དགོས་བའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་སོང་།

ལས་འགུལ་དེའི་དམིགས་ཡུལ་སྐོར་ལ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤ་ཡའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། དེ་རིང་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ་ལོ་ ༡༩ འཁོར་བཞིན་ཡོད། རྒྱ་གཞུང་གིས་ཁོང་བཙན་འཁྲིད་བྱེད་སྐབས་དགུང་ལོ་ ༦ ཡིན་ཞིང་རྒྱལ་སྤྱིའི་ཐོག་གི་ཆབ་སྲིད་བཙོན་པ་ཆུང་ཤོས་དེ་ཆགས་ཡོད། འདས་པའི་ལོ་ངོ་བཅུ་དྲུག་རིང་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་པཎ་ཆེན་རིན་པོ་ཆེ་སེམས་ནས་མ་བརྗེད་པར་དུས་ནས་དུས་སུ་ལས་འགུལ་དང་འདུ་འཛོམས། མཆོད་འབུལ་སོགས་གནང་གི་ཡོད། རྒྱ་གཞུང་གིས་བོད་ཀྱི་ཆོས་བརྒྱུད་ཀྱི་ཐུན་མོང་མིན་པའི་ཡང་སྲིད་ཁྲི་འདོན་བྱ་རྒྱུའི་བརྒྱུད་རིམ་ལ་ཐེ་ཇུས་བྱས་ཏེ། པཎ་ཆེན་ཡང་སྲིད་རྫུན་མ་ཞིག་ཁྲི་འདོན་གྱིས་རྒྱལ་སྤྱིར་ཁྱབ་བསྒྲགས་བྱེད་བཞིན་ཡོད། འོན་ཀྱང་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་ཞིང་གཤེགས་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཡང་སྲིད་ངོ་མ་དེ་༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ཡིན་པར་སེམས་གཏིང་ནས་ཡིད་ཆེས་དང་དད་པ་བྱེད་ཀྱིན་ཡོད། ཅེས་དང་།

ཁོང་གིས་མུ་མཐུད་དུ། དེ་སྔ་ང་ཚོས་ལས་འགུལ་རབ་དང་རིམ་པ་སྤེལ་སྐབས་རྒྱ་གཞུང་དང་། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ཁག་གིས་གསལ་བཤད་ལན་འདེབས་མི་བྱེད་ཐབས་མེད་ཆགས་མྱོང་ཡོད། རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་བདེ་ཐང་ཡིན་པ་དང་། ཡབ་ཡུམ་ལྷན་དུ་ཡོད་པ་སོགས་ཕྱི་ལོགས་བོད་མི་ཚོས་ཁོང་གི་སྐུ་ཕྱྭར་བྱུས་གཏོགས་བྱེད་མི་དགོས་པའི་ལན་འདེབས་བྱས་ཡོད་ཀྱང་། རྒྱལ་སྤྱིའི་ཐོག་ནས་རྒྱ་གཞུང་གི་སྐད་ཆར་ཡིད་ཆེས་མ་བྱས་པར། དོན་དངོས་ཐོག་ཆུང་སྲིད་རིན་པོ་ཆེ་ག་པར་འཚོ་བཞུགས་ཡོད་མེད་དང་ག་རེ་གནང་གི་ཡོད་མེད་ཐད་གནོན་ཤུགས་མང་པོ་སྤྲད་ཡོད་ཀྱང་། རྒྱ་གཞུང་གིས་ད་བར་ཁ་གསལ་གཏིང་གསལ་གྱི་ལན་ཞིག་འདེབས་ཐུབ་མེད། དེ་རིང་གསར་ལམ་ཁག་བརྒྱུད་ནས་རྒྱ་གཞུང་ལ་བཤད་རྒྱུ་ཞིག་ནི། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་ཀློད་གློལ་མ་བཏང་བར་བོད་མི་ཚོས་ལས་འགུལ་དུས་ནམ་ཡང་མཚམས་འཇོག་བྱ་རྒྱུ་མིན་ལ། རྒྱ་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྫུན་མ་དེར་བོད་གཞིས་བྱེས་གཉིས་ཀྱི་བོད་མི་སུ་གང་གིས་ཀྱང་ངོས་ལེན་བྱེད་རྒྱུ་མིན། ཞེས་སོགས་བརྗོད་སོང་།

དྷ་ས་ས་གནས་གཞོན་ནུའི་རྒྱུན་ལས་ཉི་མ་དབྱངས་མཚོ་ལགས་སུ། པཎ་ཆེན་རིན་པོ་ཆེའི་གནས་སྟངས་དང་འབྲེལ་བའི་ཐོག་བཅར་འདྲི་ཞུས་པར་ཁོ་མོས། པཎ་ཆེན་རིན་པོ་ཆེ་མཆོག་ད་དུང་མཇལ་རྒྱུ་མེད་སྟབས་སེམས་པ་ཧ་ཅང་སྐྱོ་བོ་འདུག ང་ཚོའི་བླ་མ་རྩ་ཆེན་པོ་དེ་དགུང་ལོ་ ༦ ནས་བཟུང་སུ་གང་ལའང་མཇལ་རྒྱུ་བྱུང་མེད་སྟབས། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་ལ་ག་དུས་ཞལ་མཇལ་འཐོབ་ཀྱི་ཡོད་ན་བསམས་ནས་རེ་སྒུག་བྱས་བསྡད་ཡོད་པ་རེད། ཅེས་བརྗོད་བྱུང་།

དྷ་ས་ས་གནས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་བདེ་སྐྱིད་ལྷ་མོ་ལགས་ཀྱིས། རྒྱ་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཆུང་བྱིས་པའི་དུས་ནས་འཇུ་བཟུང་བྱས་ཏེ་ད་བར་གར་སོང་ཆ་མེད་ཆགས་ཡོད་སྟབས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་མ་སྐུལ་དང་བླངས་ཐོག རྒྱ་ནག་གཞུང་གིས་ཁོང་གང་མགྱོགས་ཀློད་གྲོལ་དགོས་པའི་ལས་འགུལ་སྤེལ་བཞིན་ཡོད། ང་ཚོར་མཚོན་ན། ཆུང་དུས་ནས་ཕ་མ་དང་མཉམ་དུ་རྒྱ་གར་ནང་བསླེབས་ནས་སྐྱིད་པོ་བྱས་ཏེ་འཚོ་བ་སྐྱེལ་རྒྱུའི་གོ་སྐབས་ཐོབ་ཡོད་ཀྱང་། པཎ་ཆེན་ཆུང་སྲིད་མཆོག་ཕྲུ་གུ་ཆུང་ཆུང་ཡིན་དུས་ནས་བཟུང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་བཙོན་མུན་དུ་བཞུགས་དགོས་བྱུང་ཡོད་པ་དེར་བསམ་ན་སེམས་སྡུག་དང་བློ་ཕམ་ཆེན་པོ་སྐྱེ་ཡི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༨ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༩ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༩ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༦ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

༢༠༢༦/༠༤/༢༢

མཆན། 1

  1. ཚེ་རིང་བསམ་འགྲུབ། says:
    ལོ་ 12 སྔོན།

    བོད་མི་ཚོས་ལས་འགུལ་མཚམས་མི་འཇོག ཟེར་བའི་སྙིང་སྟོབས་དང་ཆོད་སེམས་དེར་བསྔགས་བརྗོད་ཡོད། འོན་ཀྱང་། རྡ་རམ་ས་ལའི་བདེ་དོན་ཚོགས་ཁང་སྒོ་ཁ་ནས་ས་ལྡིང་གནམ་ལྡིང་བྱས་ནས་སྡོད་པ་དེར་ཡིད་མིག་དང་བློ་ཕམ་ཡོད། འདིས་བོད་དོན་ལ་ཕན་པ་ལས་གནོད་ཚབ་ཆེ་བ་ཡོད་པ་མཁྱེན་དགོས། བོད་ནང་ཉི་མ་རེ་རེ་བཞིན་རྒྱ་ནག་གི་མེ་མདའི་ཁ་ན་འཐབ་རྩོད་བྱེད་ཀྱིན་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese