མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུས་དོལ་རྒྱལ་བའི་བཤད་སྤྱོད་ལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༤/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གསར་འགོད་བསྒྲགས་གཏམ་སྤེལ་ཏེ། གཞོན་ལྷན་སྒྲིག་འཛུགས་ཀྱིས་དོལ་རྒྱལ་རྗེས་འབྲང་པ་ཉུང་ཤས་ཀྱིས་ཐོག་མཐའ་བར་གསུམ་དུ་༧གོང་ས་མཆོག་ལ་གཞི་མེད་བསྙོན་འཛུགས་བྱེད་བཞིན་པར་བློ་ཕམ་ཆེན་པོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་སྐོར་འཁོད་འདུག

གསལ་བསྒྲགས་ནང་མུ་མཐུད་དུ་འཁོད་དོན། ཕྱི་ལོ་ ༡༩༩༦ ཟླ་ ༥ པའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དམིགས་བསལ་ཚོགས་འདུ་བསྐོངས་ཚོགས་ཀྱིས་དོལ་རྒྱལ་གནད་དོན་ཐོག་ལ་སྲིད་ཇུས་ལམ་སྟོན་གཏན་འབེབས་ཀྱིས་གྲོས་ཆོད་རིམ་པ་བཞག་ཡོད་པ་དང་། དེ་ནས་བཟུང་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་གཞོན་ལྷན་གྱི་ཚོགས་མི་ཚོས་དོ་ཁུར་ཆེན་པོས་དྭངས་བླངས་ཐོག་ནས་བོད་པ་དང་བོད་པ་མ་ཡིན་པའི་རྒྱལ་སྤྱིའི་ནང་པའི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་པའི་མང་ཚོགས་ཚོའི་བསམ་བློའི་གོ་རྟོགས་མཐོར་འདེགས་ཆེད་དང་། དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བའི་གནད་དོན་སྐོར་ལ་སློབ་གསོ་སྤེལ་བཞིན་ཡོད།

༡༩༩༧ ལོར་ངྷ་ས་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་དང་ཁོང་གི་དགེ་ཕྲུག་གཉིས་དོལ་རྒྱལ་རྗེས་འབྲང་པས་དམར་གསོད་བཏང་བའི་ཡིད་སྐྱོིའི་གནས་ཚུལ་ང་ཚོས་མིག་མཐོང་ལག་ཟིན་བྱུང་ཡོད་ལ། སྐབས་དེར་རྒྱ་གར་ཉེན་རྟོག་པས་གནས་ཚུལ་མཐིལ་ཕྱིན་པ་རྩད་གཅོད་བྱས་མཐར། དམར་གསོད་གཏོང་མཁན་དེ་དོལ་རྒྱལ་རྗེས་འབྲང་པ་ཡིན་པའི་ཕྱོགས་བསྡོམས་བྱས་ཡོད། གཞོན་ལྷན་གྱིས་ད་ལོའི་འགན་འཛིན་ལྷན་ཚོགས་སྐབས་ ༤༥ པའི་ཐོག་དོལ་རྒྱལ་རྗེས་འབྲང་གནད་དོལ་ལ་སླར་ཡང་དཀའ་བསྡུར་ནན་པོ་བྱ་རྒྱུ་ཡིན།

ཉེ་ཆར་ཨ་རིའི་ཀོ་ལམ་པི་ཡའི་སློབ་གྲྭ་ཆེན་མོའི་སྙན་གྲགས་ཅན་གྱི་སློབ་དཔོན་ནང་ཆོས་མཁས་དབང་རོ་ཐ་ཊི་བྷ་ཊི་ཐར་མན་ལགས་(Robert Thurman)ཀྱིས་ཉེ་ཆར་ཧ་ཧྥིན་ཊོན་(Huffington post)གསར་འགྱུར་དྲ་ཚུགས་སུ་སྤེལ་བའི་རྩོམ་ཡིག་ནང་། དོལ་རྒྱལ་ཚོགས་པའི་ལས་འགུལ་ཁག་ལ་རྒྱ་གཞུང་གིས་རོགས་དངུལ་གཏོང་གི་ཡོད་པའི་སྐོར་བྲིས་ཡོད་ལ། ཉེ་ཆར་རྒྱ་ནག་གཞུང་གི་ཤུགས་རྐྱེན་འོག་ནོར་ཝེའི་གཞུང་ནས་༧གོང་ས་མཆོག་དང་མཇལ་འཕྲད་མ་གནང་བ་དེར་དོལ་རྒྱལ་རྗེས་པ་ཚོས་དགའ་བསུ་ཞུས་ཡོད། གནས་ཚུལ་དེས་རྒྱ་ནག་དང་དོལ་རྒྱལ་བར་ལག་འབྲེལ་ཡོད་པ་གསལ་བོ་རེད།

༧གོང་ས་མཆོག་གིས་དུས་རྟག་ཏུ་ལས་རིགས་དང་ཆོས་ལུགས། ཕོ་མོ། རིགས་རུས་སོགས་འདྲ་མིན་གང་ཞིག་ཡིན་ཡང་ཚང་མ་ས་གཞི་ཆེན་པོ་འདིའི་སྟེང་འཆམ་མཐུན་ངང་གནས་ཐུབ་པའི་བོད་པ་དང་བོད་པ་མ་ཡིན་པ་ཚང་མམ་ས་གཞི་ཆེན་པོ་འདིའི་སྟེང་འཆམ་མཐུན་ངང་གནས་ཐུབ་པའི་ཞི་བདེའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་ཆེད་སྐུལ་ངལ་ཚད་མེད་པར་བརྟེན་ཏེ། འཛམ་གླིང་ས་ཕྱོགས་གང་སར་གནས་བའི་བོད་པ་དང་བོད་པ་མ་ཡིན་པ་ཚང་མས་ཁོང་ལ་དགའ་མོས་ཆེན་པོ་ཞུ་བཞིན་ཡོད།༧གོང་ས་མཆོག་གི་མཚན་སྙན་གོ་ལ་འདིར་རྒྱས་པ་དང་དུས་མཚུངས་རྒྱ་ནག་གཞུང་ནས་ཁྲིམས་འགལ་ཐོག་བོད་ལ་དབང་བསྒྱུར་བྱས་པའི་དངོས་ཡོད་གནས་ཚུལ་འཛམ་གླིང་ནང་ཤེས་རྟོགས་རྒྱ་ཆེར་འགྲོ་བཞིན་པར་རྒྱ་གཞུང་ནས་ཉེན་ཁ་ཞིག་ཏུ་ངོས་འཛིན་གྱིས་དོལ་རྒྱལ་རྗེས་འབྲང་པ་དང་ངན་པ་ལག་འབྲེལ་བྱས་ཏེ། ཁོང་ཚོར་དངུལ་དངོས་ཀྱི་རོགས་རམ་བྱས་ཏེ་༧གོང་ས་མཆོག་གི་མཚན་དང་མཛད་འཕྲིན་ལ་གནོད་པའི་བྱ་ངན་རྩོམ་བཞིན་ཡོད།

ཤུགས་ལྡན་རྗེས་འབྲང་པ་ཚོས་༧གོང་ས་མཆོག་གིས་ཆོས་དད་རང་དབང་སྤྲོད་ཀྱི་མེད་ཚུལ་དང་། སྐྱག་རྫུན་ཤོད་ཀྱི་ཡོད་རབས། དེ་བཞིན་ཁང་བླ་མ་རྫུན་མ་ཡིན་པ་སོགས་བརྗོད་པ་ནི་མཐའ་གཅིག་ཏུ་རྒྱུ་མཚན་དཔང་རྟགས་གང་ཡང་མེད་པའི་གཞི་མེད་སྐྱོན་འཛུགས་ཡིན། ༧གོང་ས་མཆོག་ནས་དོལ་རྒྱལ་མ་བསྟེན་ན་ལེགས་པོ་ཡོད་ལུགས་ལམ་སྟོན་གནང་བ་ཙམ་མ་གཏོགས་དོལ་རྒྱལ་བསྟན་གསོལ་བྱེད་མཁན་ལ་མཐའ་གཅིག་ཏུ་བཀག་འགོག་ནམ་ཡང་གནང་མེད། དོལ་རྒྱལ་སྐོར་ལ་བསྐྱར་ཟློས་ཀྱིས་གསལ་བོ་བཟོས་པའི་བཀའ་སློབ་ཁག་༧གོང་ས་མཆོག་གི་དྲ་ཚིགས་སོགས་སུ་གསལ་བོར་ཡོད།

ཉེ་ཆར་བྱང་ཨ་རི་དང་ཡུ་རོབ་ཁུལ་དུ་བྱུང་བའི་དོན་རྐྱེན་སོགས་དོལ་རྒྱལ་རྗེས་འབྲང་པས་སྔ་ཕྱི་བར་གསུམ་དུ་སྤེལ་བའི་བྱ་ངན་དེ་དག་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོའི་སེམས་ལ་བཟོད་ཐབས་བྲལ་བ་ཞིག་དང་། ལྷག་པར་དུ་གཞིས་བཞུགས་བོད་མིས་༧གོང་ས་མཆོག་རང་ཡུལ་བོད་ནང་གདན་འདྲེན་ཞུ་ཆེད་གཅེས་པའི་ལུས་སྲོག་ཀྱང་མེར་སྲེག་བཞིན་པའི་སྐབས་དེར། ཕྱི་ཕྱོགས་སུ་ཡོད་པའི་དོལ་རྒྱལ་རྗེས་འབྲང་པ་ཚོས་༧གོང་ས་མཆོག་ལ་གཞི་མེད་བསྙོན་འཛུགས་བྱས་པ་དེ་ནི་གཞིས་བཞུགས་སྤུན་ཟླ་ཚོར་ཆེད་བློ་ཕམ་སྐྱེ་གཞི་ཞིག་ཡིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་ནན་ཏན་གྱིས་དྲན་སྐུལ་ཞུ་རྒྱུར། བཙན་བྱལ་བོད་མིའི་གནས་སྟངས་གོང་འཕེལ་དང་། ལྷག་པར་གཞིས་ལུས་ཆོལ་གསུམ་རྒྱ་ཆེའི་མི་མང་རྣམས་སྔར་བཞིན་སྙིང་སྟོབས་འགྱུར་བ་མེད་པར་གནས་པ་སོགས་༧གོང་ས་མཆོག་གི་ཡང་དག་པའི་དབུ་ཁྲིད་དང་རླབས་ཆེན་གྱི་ཐུགས་སྐྱེད་མཛད་འཕྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བར་སོང་། བོད་མི་ཚང་མས་༧གོང་ས་མཆོག་རང་རང་སོ་སོའི་ས་ཁུལ་དུ་ཆིབས་བསྒྱུར་གནང་བའི་སྐབས་དོགས་ཟོན་ཆེན་པོས་སྐུའི་སྲུང་བྱ་ཤུགས་ཆེ་རུ་གཏོང་དགོས་པ་ནི་གངས་ཅན་པ་སེར་སྐྱ་སྤྱི་བོ་གནམ་བསྟན་ཡོངས་ཀྱི་འོས་འགན་ཡིན་པའི་འབོད་སྐུལ་དང་། དེ་མ་ཟད་མང་ཚོགས་ནས་དོལ་རྒྱལ་རྗེས་འབྲང་པ་ཚོར་བདེན་པ་ར་སྤྲོད་ཀྱི་སློབ་གསོ་ཡང་ནས་ཡང་དུ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གཟའ་ཕུར་བའི་ཉིན་ངྷ་རམ་ས་ལའི་དབུས་བོད་ཀྱི་གཞོན་ནུའི་སྤྱི་ཁྱབ་ཡིག་ཚང་ནས་སྤེལ་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

༢༠༢༦/༠༥/༢༦
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

༢༠༢༦/༠༥/༢༦

མཆན། 8

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ད་ལོ་ཨ་རིར་ཆིབས་རྒྱུར་སྐབས སྐུ་བཅར་ཚོ་ནི་རང་གི་འཚོ་གོས་ཁོ་ན་ཆེད་ཏཱ་ལ་བླ་མའི་རྗེས་སུ་རྒྱུག་པ་ལས་ཏཱ་ལ བླ་མ་དང་བོད་མི་རིགས་ལ་ཤ་ཚ་རྟིང་འབྲུ ཙམ་མེད་པའི་སྡར་མ་ཞེ་ཅིག་ཡིན པ་འདྲ་འདུག་

    Reply
  2. stiff ross says:
    ལོ་ 12 སྔོན།

    དོལ་རྒྱལ་རྗེས་འབྲང་པ་ཤིན་ཏུ་ཉུང་ཡང་རྒྱ་གཞུང་དང་ངན་པ་ལག་འབྲེལ་བྱས་ཏེ།རྒྱ་སྒོར་ཧ་ཅང་གི་མང་བས་གངས་ཅན་པ་སེར་སྐྱ་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་དོགས་ཟོན་ངེས་པར་དུ་དགོས།

    Reply
  3. འཁྱམས་པོ་ says:
    ལོ་ 12 སྔོན།

    ལངས་ཤོག་ ལངས་ཤོག་ དོལ་ཕྲུག་ཚོ་། མ་འོངས་པའི་བོད་ཀྱི་རང་དབང་ཆེད་དུ་ ལངས་ཤོག་ ལངས་ཤོག།

    Reply
  4. stiff ross says:
    ལོ་ 12 སྔོན།

    དོལ་རྒྱལ་ཚོགས་པའི་ལས་འགུལ་ཁག་ལ་རྒྱ་གཞུང་གིས་རོགས་དངུལ་གཏོང་གི་ཡོད
    བོད་མི་ཚང་མས་༧གོང་ས་མཆོག་རང་རང་སོ་སོའི་ས་ཁུལ་དུ་ཆིབས་བསྒྱུར་གནང་བའི་སྐབས་དོགས་ཟོན་ཆེན་པོས་སྐུའི་སྲུང་བྱ་ཤུགས་ཆེ་རུ་གཏོང་དགོས་པ་ནི་གངས་ཅན་པ་སེར་སྐྱ་སྤྱི་བོ་གནམ་བསྟན་ཡོངས་ཀྱི་འོས་འགན་ཡིན་

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་བོད་མི་ཚང་མས་༧གོང་ས་མཆོག་རང་རང་སོ་སོའི་ས་ཁུལ་དུ་ཆིབས་བསྒྱུར་གནང་བའི་སྐབས་དོགས་ཟོན་ཆེན་པོས་སྐུའི་སྲུང་བྱ་ཤུགས་ཆེ་རུ་གཏོང་དགོས་་་་་་་

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་རྒྱ་གཞུང་ནས་ཉེན་ཁ་ཞིག་ཏུ་ངོས་འཛིན་གྱིས་དོལ་རྒྱལ་རྗེས་འབྲང་པ་དང་ངན་པ་ལག་འབྲེལ་བྱས་ཏེ། ཁོང་ཚོར་དངུལ་དངོས་ཀྱི་རོགས་རམ་བྱས་ཏེ་༧གོང་ས་མཆོག་གི་མཚན་དང་མཛད་འཕྲིན་ལ་གནོད་པའི་བྱ་ངན་རྩོམ་བཞིན་ཡོད། ་་་་་་་

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ ༡༩༩༧ ལོར་ངྷ་ས་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་དང་ཁོང་གི་དགེ་ཕྲུག་གཉིས་དོལ་རྒྱལ་རྗེས་འབྲང་པས་དམར་གསོད་བཏང་བའི་ཡིད་སྐྱོིའི་གནས་ཚུལ་ང་ཚོས་མིག་མཐོང་ལག་ཟིན་བྱུང་ཡོད་་་་་་་

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་ གཞོན་ལྷན་སྒྲིག་འཛུགས་ཀྱིས་དོལ་རྒྱལ་རྗེས་འབྲང་པ་ཉུང་ཤས་ཀྱིས་ཐོག་མཐའ་བར་གསུམ་དུ་༧གོང་ས་མཆོག་ལ་གཞི་མེད་བསྙོན་འཛུགས་བྱེད་བཞིན་པར་བློ་ཕམ་ཆེན་པོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese