མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇིཊ་སྐུལ་རིང་ལུགས་པར་ངོས་འཛིན།

བོད་ཀྱི་དུས་བབ།
༢༠༡༤/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ཚོགས་ཆུང་གི་ཚོགས་མའི་རྒྱལ་ཁབ་ཚོས། ནེ་ཇི་རི་ཡའི་བྷོ་ཁཱོ་ཧཱ་རམ་ཤོག་ཁག་དེ་འཇིགས་སྐུལ་དྲག་སྤྱོད་པ་ཡིན་པའི་ངོས་འཛིན་འོག་མཉམ་འབྲེལ་གྱིས་ཁ་གཏད་གཅོག་རྒྱུ་ཡིན་ཟེར།  

གཟའ་ཕུར་བུའི་ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ཚོགས་མིའི་རྒྱལ་ཁབ་ཁག་ཐུན་མོང་གིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཨ་ཧྥི་རི་ཁའི་རྒྱལ་ཁབ་ནེ་ཇི་རི་ཡའི་ནང་གི་བྷོ་ཁཱོ་ཧཱ་རམ་(Boko Haram) ཤོག་ཁག་དང་། ཨལ་ཁཱ་ཌ་(Al-Qaeda) འཇིགས་སྐུལ་དྲག་སྤྱོད་རུ་ཁག་བར་འབྲེལ་བ་ཡོད་པ་དང་། བྷོ་ཁཱོ་ཧཱ་རམ་ཤོག་ཁག་གིས་གང་བྱུང་མི་གསོད་ཁྲག་སྤྱོར་དོན་རྐྱེན་བཟོས་པ་དང་ཉེས་མེད་སློབ་ཕྲུག་བཙན་འཁྲིད་བྱས་པ་སོགས་ལ་བརྟེན། འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱ་རྒྱུ་ཡིན་པ་མ་ཟད། ཁོ་ཚོའི་འགྲོ་འོང་དང་གོ་མཚོན། རོགས་དངུལ་སོགས་བཀག་སྡོམ་གྱིས་གདོང་ལེན་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

འདིའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཇིགས་སྐུལ་དྲག་སྤྱོད་རྒོལ་རྡུང་ཚོགས་ཆུང་གི་ཚོགས་གཙོ་གྷེ་རི་ཁུན་ལན་ (Gary Quinlan) གྱིས། “ང་ཚོར་ཨལ་ཁཱ་ཌ་འཇིགས་སྐུལ་རིང་ལུགས་པས་བྷོ་ཁཱོ་ཧཱ་རམ་དྲག་སྤྱོད་པར་འབར་རྫས་བཟོ་སྟངས་ཀྱི་སྦྱོང་བརྡར་སྤྲད་ཡོད་པ་མ་ཟད། ཧྥི་ལི་ཕིན་གྱི་རྒྱལ་ས་མཱ་ལེ་གཙོས་རྒྱལ་སྤྱིའི་ནང་དྲག་སྤྱོད་ལས་འགུལ་སྤེལ་བཅུག་ཡོད་པའི་ཁུངས་སྐྱེལ་བྱ་རྒྱུ་ཡོད་སྟབས། རྒྱལ་ཚོགས་ངོས་ནས་བྷོ་ཁཱོ་ཧཱ་རམ་ལ་ཁ་གཏད་དང་ཉེས་ཆད་གཏོང་རྒྱུ་ཡིན།” ཞེས་བརྗོད་འདུག

ནེ་ཇི་རི་ཡའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཡུ་ཇོའུ་ (U. Joy Ogwu) ཡིས། “ ནེ་ཇི་རི་ཡའི་བརྟན་བརླིང་སྲུང་སྐྱོབ་ལ་འགོག་རྐྱེན་བཟོ་མཁན་གཙོ་བོ་བྷོ་ཁཱོ་ཧཱ་རམ་དྲག་སྤྱོད་ཤོག་ཁག་ཡིན་སྟབས། ང་ཚོས་རྒྱལ་ཚོགས་ཀྱི་དཔུང་རོགས་ལ་བརྟེན་ཏེ་ཁོ་ཚོ་རྩ་མེད་བཟོ་རྒྱུ་ཡིན།” ཞེས་བརྗོད་འདུག

ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ལྕམ་སོ་མན་ཌ་(Samantha Power) ཡིས། “ རྒྱལ་ཚོགས་ཀྱིས་བྷོ་ཁཱོ་ཧཱ་རམ་དྲག་སྤྱོད་པར་རྒོལ་རྡུང་གཏོང་རྒྱུའི་གྲོས་ཆོད་དེར་ཨ་རིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད།”ཅེས་བརྗོད་འདུག

 

ཐོག་མ་ ༢༠༠༢ ལོར་ཡུ་སེབ་ (Mohammed Yusuf) ཟེར་བའི་མི་ཞིག་གིས་ནེ་ཇི་རི་ཡའི་བྱང་ཕྱོགས་སུ། བྷོ་ཁཱོ་ཧཱ་རམ་ཞེས་པའི་སྒྲིག་འཛུགས་དེ་བཙུགས་ཡོད་ཅིང་། ད་ལྟའི་བྷོ་ཁཱོ་ཧཱ་རམ་གྱི་མགོ་གཙོ་ཨ་བྷུ་བྷ་ཁར་ (AbubakarShekau)གྱིས། ནེ་ཇི་རི་ཡའི་བྱང་ཕྱོགས་ས་ཁུལ་གྱི་ཁ་ཆེ་མི་རིགས་ཚོར་རྒྱལ་ཁབ་ལོགས་སུ་དགོས་པའི་རེ་འདུན་འོག་དྲག་སྤྱོད་སྣ་ཚོགས་སྤེལ་ཏེ།  ༢༠༠༩ ལོ་ནས་ད་བར་མི་སེར་ ༡༢༠༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་མི་ ༨༠༠༠ ཙམ་ཞིག་ལ་རྨས་སྐྱོན་བཟོས་ཡོད་འདུག

ཉེ་ལམ་ཕྱི་ཟླ་ ༤ ཚེས་ ༡༤ ཉིན་རྒྱལ་ས་ཨ་བྷུ་ཇཱའི་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་སུ་འབར་གས་དོན་རྐྱེན་བཟོས་ཏེ་མི་ ༧༠ བསད་ཅིང་། ཆི་བྷོག་(Chibok)འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་བུ་མོ་ ༢༧༦ བཙན་འཁྲིད་བྱས་ཡོད་ལ། ཟླ་འདིའི་ཚེས་ ༢ ཉིན་རླངས་འཁོར་གྱི་འབར་གས་དོན་རྐྱེན་བཟོས་ཏེ་མི་ ༡༩ བསད་ཡོད།

ཚེས་ ༥ ཉིན་བྷོ་ཁཱོ་ཧཱ་རམ་དྲག་སྤྱོད་པས་གྷམ་བྷོ་རུ་གྷ་ལཱ་ (GamboruNgala) གྲོང་བརྡལ་དུ་འཇབ་རྒོལ་བྱས་ཏེ་མི་ ༣༠༠ དམར་གསོད་བཏང་ཡོད་ཅིང་། ཚེས་ ༡༨ ཉིན་ནེ་ཇི་རི་ཡའི་འདུ་ཚོགས་ཆེ་བའི་ཁཱ་ནོ་ (Kano) གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་རང་མེད་མི་མེད་བཟོ་མཁན་གྱི་བྱ་སྤྱོད་སྤེལ་ཏེ་མི་ ༣ བསད་ཡོད་འདུག་ལ། ཚེས་ ༢༠ ཉིན་ཇོའོ་སེ་ (Jos) གྲོང་ཁྱེར་གྱི་དཀྱིལ་དུ་འབར་གས་དོན་རྐྱེན་གཉིས་བཟོས་ཏེ་མི་ ༡༡༨ བསད་ཡོད།

ཟླ་འདིའི་ཚེས་ ༦ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས། ནེ་ཇི་རི་ཡའི་གཞུང་ལ་རོགས་རམ་བྱས་ཏེ་བྷོ་ཁཱོ་ཧཱ་རམ་གྱིས་བཙན་འཁྲིད་བྱས་པའི་སློབ་ཕྲུག་དག་འཚོལ་རྒྱུ་ཡིན་སྐོར་བསྒྲགས་པ་ལྟར། ཚེས་ ༢༡ ཉིན་ནེ་ཇི་རི་ཡའི་ཆཱ་ཌེ་མངའ་ཁུལ་ནང་ཨ་རིའི་དམིགས་བསལ་རྒོལ་རྡུང་དམག་མི་ ༨༠ བཏང་ཡོད་ཅིང་། ཧྥ་རན་སི་དང་དབྱིན་ཡུལ། རྒྱ་ནག རྒྱ་གར། ཨི་ཛི་རལ། ཨ་ཧྥི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་བཅས་ཀྱིས་ཀྱང་ནེ་ཇི་རི་ཡར་ཆེད་ལས་མི་སྣ་བཏང་སྟེ་བྷོ་ཁཱོ་ཧཱ་རམ་ལ་རྒོལ་རྡུང་གཏོང་བཞིན་ཡོད་འདུག

ཟླ་འདིའི་ཚེས་ ༡༧ ཉིན་ཧྥ་རན་སིའི་སྲིད་འཛིན་ཧྥེན་ཁཱོ་ (François Hollande) ཡིས་གཙོ་སྐྱོང་འོག ཧྥ་རན་སིའི་རྒྱལ་ས་ཧྥེ་རི་སེར་ཨ་ཧྥི་རི་ཀའི་བརྟན་བརླིང་སྲུང་སྐྱོབ་ཀྱི་ཚོགས་འདུ་ཞིག་ཚོགས་ཏེ། ཨ་ཧྥི་རི་ཀའི་རྒྱལ་ཁབ་ ༥༣ གྱི་སྲིད་འཛིན་དང་སྲིད་འཛིན་གཞོན་པ། སྲིད་བློན་སོགས་འཛོམས་ཏེ་བྷོ་ཁཱོ་ཧཱ་རམ་གྱི་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་བྱེད་ཕྱོགས་ཐད་གྲོས་བསྡུར་བྱས་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཐེངས་འདིར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ཚོགས་མིའི་རྒྱལ་ཁབ་ཚོས་བྷོ་ཁཱོ་ཧཱ་རམ་དྲག་སྤྱོད་ཤོག་ཁག་རྩ་གཏོར་གཏོང་རྒྱུའི་སྐོར་ལ་བསྒྲགས་གཏམ་སྤེལ་ཡོད་པ་དེས། མ་འོངས་པར་ནེ་ཇི་རི་ཡའི་ནང་མི་བསད་དོན་རྐྱེན་ཉུང་དུ་འགྲོ་རྒྱུར་ཤུགས་རྐྱེན་ཐེབས་སྲིད་སྐོར་བརྗོད་འདུག

ཁ་སང་མང་ཚོགས་དང་དགེ་རྒན་ཚོས་རྒྱལ་ས་ཨ་བྷུ་ཇཱའི་གཞུང་ལམ་ཐོག་ཐོན་ཏེ། ནེ་ཇི་རི་ཡའི་གཞུང་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་བྷོ་ཁཱོ་ཧཱ་རམ་གྱིས་བཙན་འཁྲིད་བྱས་པའི་སློབ་ཕྲུག་དེ་དག་འཕྲལ་དུ་ཀློད་གྲོལ་ཡོང་ཐབས་བྱ་དགོས་སྐོར་ངོ་རྒོལ་བྱས་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༥ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese