མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱུན་ལས་ཁ་གསབ་ཀྱི་འོས་འདེམས།

བོད་ཀྱི་དུས་བབ།
༢༠༡༤/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཛ་དྲག་ཚོགས་ཆེན་ཐོག་རྒྱུན་ལས་ ༡༡ གསར་འདེམས་བྱས་སོང་།

ཟླ་འདིའི་ཕྱི་ཚེས་ ༢༤ ནས་ཉིན་གཉིས་རིང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཁང་དུ། ཚོགས་པའི་སྐབས་དྲུག་པའི་ཛ་དྲག་ཚོགས་ཆེན་སྐོང་ཚོགས་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག དྷ་ས་གཙོ་བོར་གྱུར་བའི་རྒྱ་བལ་འབྲུག་གསུམ་ནས་ཚོགས་མི་ ༡༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་ཉིན་རྒྱབ་ཏུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་ཡོངས་དམངས་གཙོ་ཚོགས་པ་བཅས་ཀྱི་ཚོགས་གཙོ་རྣམ་པ་ཆེད་དུ་གདན་འདྲེན་བྱས་ཏེ། ལས་འགུལ་ཚོགས་པའི་སྐབས་དྲུག་པའི་དྲུང་ཆེ་སོགས་རྒྱུན་ལས་ ༡༡ ཨོ་སི་ཊོ་ལི་ཡར་གཞིས་སྤོར་གྱི་རྒྱན་ཁོངས་ཚུད་པར་ཁ་གསབ་ཀྱི་རྒྱུན་ལས་གསར་པ་འོས་འདེམས་བྱས་སོང་།

གསར་དུ་འདེམས་པའི་རྒྱུན་ལས་ ༡༡ ལས་དང་པོ་རྒྱལ་ཐང་སྤྲུལ་སྐུ། གཉིས་པ། རྡོ་རྗེ་ཚེ་རིང་། གསུམ་པ། ཟླ་བ་བཀྲ་ཤིས། བཞི་པ། ཀླུ་མཁར་བྱམས། ལྔ་པ། པ་སངས་དབང་རྒྱལ། དྲུག་པ། སངས་རྒྱས། བདུན་པ། བློ་བཟང་བསྟན་འཛིན། བརྒྱད་པ། བློ་བཟང་ཉི་མ། དགུ་པ།  འཆི་མེད་རྡོ་རྗེ། བཅུ་པ། བཀྲ་ཤིས་རྒྱལ་པོ། བཅུ་གཅིག ངག་དབང་ཁྲི་རལ་བཅས་ཡིན་པ་དང་། ནང་ཁུལ་ནས་རྒྱུན་ལས་ཀྱི་ལས་འགན་གཏན་འབེབས་བྱ་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།
 
 
 

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༣ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

མཆན། 4

  1. གངས་དཀར་རྒྱལ་སྲས says:
    ལོ་ 12 སྔོན།

    གོང་གི་གངས་སྲས་མིང་ཅན་དེས་སྤེལ་བའི་སྐད་ཆ་དེར་ང་ལ་མི་འཐད་ཅང་མེད་མོད་རྗེས་ཕྱོགས་མིང་དེའི་འོག་ནས་རྩོམ་ཡིག་འབྲི་ན་མིང་གི་མགོ་མཇུག་ལ་ཚིག་ཅིག་མ་བསྣན་ན་ཁྱེད་ཀྱི་རིག་རྩལ་ལས་ཐོན་པའི་ཕུལ་བྱུང་གི་རྩོམ་ཡིག་དག་གི་དགེ་ཁ་ང་ལ་འཁོར་ཞིང་ངའི་རྩོམ་ཉོག་རེ་ཟུང་གི་མི་ཁ་ཁྱེད་ལ་མི་འཁོར་བའི་ངེས་པ་མེད་པས་ཐུགས་མཉམ་ཞིག་བཞག་སྟེ་མིང་དེ་ལ་སྣོན་འཕྲི་ཞིག་བྱས་ན་ལེགས་པར་སྙམ།

    Reply
  2. ཀླུ་མཁར་བྱམས། says:
    ལོ་ 12 སྔོན།

    རེད་ཡ་་་ སྔར་ལོའི་ཚོགས་ཆེན་ཐོག་ང་རྒྱུན་ལས་ཙམ་མ་ཟད། ཚོགས་གཙོར་ལངས་རོགས་ཟེར་གྱིན་ཡོད་སྟབས་ངས་དགོངས་པ་ཞུས་པ་ཡིན་ལ། དེ་དུས་ངས་ཚོགས་པའི་ལངས་ཕྱོགས་རང་བཙན་ལ་མ་འགྱུར་ན་ང་ལངས་གི་མིན་ལབ་པ་ཡིན།
    ད་ཐེངས་ཛ་དྲག་ཚོགས་ཆེན་ཐོག་རྒྱུན་ལས་ཁ་གསབ་ཙམ་ལས། ཚོགས་གཙོ་གཞོན་རང་འཇགས་རེད། འོན་ཀྱང་། ཚོགས་ཐོག་ནས་ངས་དགོངས་པ་ཞུས་པ་དང་། གལ་སྲིད་ང་འདེམས་པ་ཡིན་ནའང་དབུས་གཏན་འཇགས་རྒྱུན་ལས་ཀྱི་ལས་དོན་ལྕོག་གི་མེད་པ་ཚོགས་ཐོག་རང་ནས་གསལ་བོ་དག་པོ་བརྗོད་ཡོད་མོད། ཚོགས་མི་རྣམས་ཀྱིས་ཨུ་ཚུགས་མཐར་བསྐྱེལ་ངང་འདེམས་འདུག ད་ངས་ག་རེད་བྱེད་དགོས་སམ།
    གཉིས་ནས་རང་བཙན་དང་དབུ་མའི་སྐོར་དེ་ཡིན་ན། མ་གཞི་དགུ་བཅུ་གསུམ་ཀྱི་ཚོགས་མི་ཙམ་མ་ཟད། རྒྱུན་ལས་ནང་དུའང་རང་བཙན་གྱི་ལྟ་བ་འཁྱེར་མཁན་ཡོད་ཡོད་པ་རེད། སོང་ཙང་ང་རྒྱུན་ལས་དཀྱིས་མ་ཞིག་ཡར་སླེབས་པ་ཙམ་ཀྱིས་ཚོགས་པའི་ལངས་ཕྱོགས་རང་བཙན་ལ་འགྱུར་སོང་མ་རེད་ལ། ང་རང་སྒེར་གྱི་ལྟ་བ་དབུ་མར་འགྱུར་སོང་བ་དེ་བས་ཀྱང་མ་རེད། འདི་རྣམ་པ་ཚོར་གསལ་བཤད་ཙམ་ཡིན་་་་

    Reply
  3. གངས་སྲས། says:
    ལོ་ 12 སྔོན།

    ༄༅། །ན་གཞོན་ཤེས་ཡོན་ཅན་ཀླུ་མཁར་རྒྱུན་ལས་བཞུགས་པ་ཧ་ཅང་། ཡག་པོ་བྱུང་ཁོང་ནི་མི་ཆེན་མི་ཆུང་གང་གི་ངོ་མ་བལྟ་མཁན་སོ་སོའི་ལྟ་བ་ལམ་ཕྱོགས་མི་གཤིས་དྲང་པོ་གནས་མཁན་ཞིག་རེད། རྒྱུན་ལས་གཞན་ཚོར་ལམ་སྟོན་ཡག་པོ་གནང་བའི་རེ་བ་ཡོད།

    Reply
  4. ཉི་མ་སྒྲོལ་དཀར། says:
    ལོ་ 12 སྔོན།

    ད་རེས་སླར་ཡང་ཀླུ་མཁར་བྱམས་རྒྱུན་ལས་ནང་བསྡད་འདུག སྔར་ལོའི་ཕྱི་ཟླ་དགུ་བའི་ནང་རྒྱུན་ལས་འཕོ་འགྱུར་འགྲོ་སྐབས། རྒྱུན་ལས་ཀྱི་འོས་མིའི་ཁོངས་ནས་ཁོ་རང་གིས་དགོངས་པ་ཞུས་པ་རེད། ད་དུང་ཚོགས་མི་ཚོའི་ནང་དུ་ཁ་ཕོ་འདི་འདྲ་བཤད་ཡོད་རེད། དགུ་བཅུ་གསུམ་གྱི་ལངས་ཕྱོགས་རང་བཙན་ལ་འགྱུར་བ་མ་ཐེབས་བར་དུ་ང་ལ་ཚོགས་པའི་ནང་ལས་ཀ་བྱེད་འདོད་མི་འདུག་གསུངས་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese