མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་རེར་ཆབ་སྲིད་དང་དཔལ་འབྱོར་ལས་སྐད་ཡིག་རིག་གཞུང་སྲུང་སྐྱོབ་གལ་ཆེ།

བོད་ཀྱི་དུས་བབ།
༢༠༡༤/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གིས་བོད་སྐད་ཡིག་རིག་གཞུང་ལ་དོ་སྣང་གནང་མཁན་སྐོར་ཞིག་ལ་རྒྱལ་རབས་ལོ་རྒྱུས་དང་སུམ་རྟགས་སྙན་ངག་སོགས་ཀྱི་གཟབ་ཁྲིད་ཅིག་གནང་གི་ཡོད་ཅིང་། གོ་སྒྲིག་པས་བརྗོད་པ་ལྟར་ན། བོད་ཡིག་གི་གནས་སྟངས་ཡག་པོ་ཡོད་པ་འདི་མི་རབས་རྗེས་མ་ཚོར་རྒྱུན་ཡག་པོ་ཞིག་མཐུད་ཐུབ་རྒྱུ་དེ་ཤིན་ཏུ་གལ་ཆེན་ཡིན་ཟེར། 

དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག ས་ར་མཐོ་སློབ་དང་རྒྱ་གར་མཐོ་སློབ་ཁག དེ་བཞིན་དགོན་སྡེ་ཁག་ཅིག་གི་སློབ་ཕྲུག་དང་གྲྭ་བ་ ༢༥ ཙམ་ལ་ཟླ་གཉིས་རིང་གི་བོད་པའི་ཆོས་དང་རིག་གཞུང་གཟབ་ཁྲིད་ཀྱི་ལས་རིམ་ཞིག་མགོ་འཛུགས་བྱེད་བཞིན་ཡོད་ཅིང་། དེར་བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས་ཀྱིས་ནང་ཆོས་ངོ་སྤྲོད་དང་། མགོ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱིས་བརྡ་སྤྲོད་སློབ་ཁྲིད། བསྟན་འཛིན་ལམ་བཟང་ལགས་ཀྱིས་སྙན་ངག་དང་རྩོམ་རིག ན་ག་སངས་རྒྱས་བསྟན་དར་ལཊ་ཀྱིས་བོད་ཀྱི་གནའ་རབས་དང་དེང་རབས་ལོ་རྒྱུས་སློབ་ཁྲིད་གནང་གི་ཡོད་པ་དང་། དཔེ་མཛོད་ཁང་གིས་སློབ་ཕྲུག་དཀའ་ངལ་ཅན་ལ་ཟླ་རེར་ཟས་དོད་ཧིན་སྒོར་ ༢༠༠༠ དང་ཁང་དོད་ཧིན་སྒོར་ ༡༠༠༠ བཅས་ཀྱི་མཐུན་རྐྱེན་སྐྲུན་བཞིན་ཡོད་འདུག དཔེ་མཛོད་ཁང་གི་ཉམས་ཞིབ་པ་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་བརྗོད་པ་ལྟར་ན། ཟབ་སྦྱོང་འདིའི་དམིགས་ཡུལ་གཙོ་བོ། བོད་རིཊ་གཞོན་སྐྱེས་ཚོར་བོད་པའི་ཆོས་དང་རིག་གཞུང་གི་རྨང་གཞི་སྲ་བརྟན་བཟོ་ཐབས་དང་། དུས་རྒྱུན་བོད་ཡིག་དང་བོད་པའི་རིག་གཞུང་ལ་འབྲེལ་འདྲིས་ཀྱི་གོ་སྐབས་དེ་ཙམ་མེད་མཁན་ཚོར་དྲན་གསོ་ལྟ་བུ་ཞིག་ཡིན་སྐོར་བརྗོད་བྱུང་། 

གསར་འགོད་པས་ཁོང་ལ་བཙན་བྱོལ་བོད་མིའི་བོད་སྐད་ཡིག་གི་གནས་སྟངས་ཐད་གཟིགས་ཚུལ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། “ སྤྱི་ཡོངས་ཀྱི་ཆ་ནས་ག་ས་གང་དུ་བོད་ཡིག་བོད་སྐད་ཐོག་ཤུགས་རྒྱག་གི་ཡོད་པའི་ཟོལ་འདྲ་བོ་ཞིག་མཐོང་གི་འདུག མ་འོངས་པར་ང་ཚོ་དང་མི་རབས་རྗེས་མ་གཉིས་ཀྱི་མཐུད་མཚམས་ཡག་པོ་མ་བྱུང་བ་ཡིན་ན། རང་བཞིན་གྱིས་སེམས་ཁྲལ་ཞིག་ཆགས་རྒྱུ་རེད་བསམ་གྱི་འདུག ང་ཚོའི་མི་རབས་དང་ང་ཚོའི་ཕ་མའི་མི་རབས་ཚོའི་བསམ་བློའི་ནང་བོད་ཡིག་རྩ་ཆེན་པོར་བྩི་མཁན་ཞིག་ཆགས་ཡོད། གཅིག་བྱས་ནས་ལམ་ཁ་གཞན་མ་རྙེད་པས་ཡིན་རྒྱུ་རེད། འདེམས་ཀ་བྱུང་ན་འདི་བཞག་ཏེ་གཞན་པར་འགྲོ་ཆོག་ཆོག་གི་ཉེན་ཁ་ཞིག་མཐོང་གི་འདུག ཉེན་ཁ་འདི་ང་ཚོ་གཅིག་པུ་མ་རེད། འཛམ་གླིང་གང་སར་ཡོད་པ་ཞིག་ཡིན་ནའང་ང་ཚོ་མི་ཉུང་ཉུང་ཡིན་སྟབས་དེ་འདྲའི་བསམ་ཚུལ་འཁུར་བ་ཡིན་ན། མགྱོགས་པོར་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་པ་རེད། ཆོས་ཐམས་ཅད་རང་བཞིན་གྱིས་རྒུད་འགྲོ་བཞིན་ཡོད་པ་དེར་ཐབས་ཤེས་མེད་ཀྱང་སོ་སོས་འབད་བརྩོན་མ་བྱས་པར་དུས་མ་རན་པར་ཉམས་པ་ཡིན་ན། བློ་ཕམ་པོ་རེད། དེ་ཞེན་ཁོག་གི་སྐད་ཆ་མ་རེད། རང་གཞན་ཀུན་ལ་ཕན་ཐོགས་པའི་ལེགས་བཤད་བསམ་གྱིས་མི་ཁྱབ་པ་མང་པོ་ཞིག་ཡོད་པ་དེ་བརླག་པ་ཡིན་ན། དངོས་ནས་ཕངས་པོ་རེད། སྐབས་རེར་ཆབ་སྲིད་དང་དཔལ་འབྱོར་སྲུང་སྐྱོབ་ལས་སྐད་ཡིག་རིག་གཞུང་སྲུང་སྐྱོབ་འདི་གལ་ཆེ་བ་ཆགས་འདུག ཆབ་སྲིད་དང་དཔལ་འབྱོར་ཞེས་པ་དེ་ཡོ་ལང་ཞིག་གི་རྗེས་སུ་འགྲོ་བཞིན་ཡོད་པ་རེད། དུས་ཚོད་སྡུག་ཅག་བྱུང་ན་གནས་ཚུལ་ལོགས་ཀ་རེད་མ་གཏོགས། དེ་མིན་མི་ཆེན་པོ་གཉིས་ཀྱིས་ས་ཡིག་བརྒྱབ་ན་ཐག་ཆོད་འགྲོ་བ་ཞིག་རེད། འོན་ཀྱང་། སྐད་ཡིག་དང་རིག་གཞུང་ཟེར་བ་འདི་མི་རབས་ནས་མི་རབས་བར་མཚམས་སྦྱོར་ཡག་པོ་ཞིག་མ་བྱུང་ན། ཆད་འགྲོ་བ་དང་བརླག་འགྲོ་བ། ཉམས་རྒུད་དུ་འགྲོ་ལས་སླ་བོ་དང་འཕེལ་རྒྱས་སུ་གཏོང་དཀའ་མོ་འདྲ་ཞིག་ཡོད་པ་རེད། སྐད་ཡིག་རིག་གཞུང་རྒྱུན་ཡག་པོ་མཐུད་ནས་སྲུང་སྐྱོབ་བྱེད་ཐུབ་པ་ཡིན་ན་ཆབ་སྲིད་དང་མིའི་འཚོ་གནས་གཉིས་ཀར་ཕན་གྱི་རེད་ལ། དཔལ་འབྱོར་ལའང་ཞོར་ནས་ཕན་ཐོཊ་ཡོད་པ་ཞིག་རེད” ཅེས་བརྗོད་བྱུང་།

ཁོང་ལ་ཕྱིའི་ཁོར་ཡུག་ཏུ་བོད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས་ལ་ཐབས་ལམ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། རྒྱ་བལ་གཉིས་ནང་གང་ལ་གང་འཚམ་འགྲིག་བསྡད་ཡོད་པ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་གི་བོད་པ་ཚོས་བོད་ཡིག་ཐོག་བསམ་བློ་གཏོང་དགོས་པ་ཆགས་ཡོད། དེའི་འགན་ཆེ་ཤོས་ཕ་མ་ཚོའི་ཕྲག་ཏུ་ཡོད་པ་རེད་བསམ་གྱི་འདུག ཕ་མ་དང་རྒན་རབས་ཚོས་སོ་སོའི་རིག་གཞུང་ལ་གཅེས་འཛིན་ཡག་པོ་ཡོད་ན། ཕྲུ་གུ་རེ་ཟུང་མ་གཏོགས་མང་ཆེ་བ་ཕ་མའི་ཁ་ཕྱོགས་ལ་ཏན་ཏན་འགྲོ་གི་རེད། ཕྲུ་གུའི་མིག་དང་ཨམ་ཅོག བསམ་བློའི་ནང་ཅི་ཙམ་ལྡུག་ཐུབ་ན། བག་ཆགས་དང་གོམས་གཤིས་བཟང་བོ་དེ་ཙམ་འདུག་གི་རེད། ནུབ་ཕྱོགས་ཀྱི་ཕྲུ་གུ་རེ་ཟུང་ཕ་མ་གཉིས་ཀ་བོད་པ་ཡིན་ཡང་བོད་སྐད་མི་ཤེས་མཁན་འདུག་ལ། འགའ་རེ་ཕ་མ་གང་རུང་ཕྱི་རྒྱལ་བ་ཡིན་ནའང་བོད་སྐད་སྤུས་དག་མོ་ཤོད་མཁན་འདུག གཙོ་ཆེ་ཤོས་སྐད་དེ་རེད། སྐད་ཀྱི་རྨིང་གཞི་ཡག་པོ་ཡོད་ན་རྗེས་མ་བོད་ཡིག་ཐོག་གོམ་པ་རྒྱག་ཆོག་ཆོག་ཡོད་པ་རེད། བོད་སྐད་ཀྱི་གཞི་རྩ་མེད་ན་བོད་ཡིག་སློབ་རྒྱུར་དཀའ་ལས་ལྷག་མ་ཡོད་པ་རེད། གནད་འགག་ཆེ་ཤོས་ཕྲུ་གུ་ཆུང་ཆུང་སྐབས་ལ་ཕ་མ་ཚོས་བོད་སྐད་བོད་ཡིག་དང་བོད་པའི་རིག་གཞུང་ཐོག་བག་ཆགས་ཅི་ཙམ་འཇོག་ཐུབ་མིན་ལ་ཐུག་ཡོད།” ཅེས་བརྗོད་བྱུང་། 

གསར་འགོད་པས་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་བུ་མོ་སྐལ་བཟང་ལགས་སུ་བཅར་འདྲི་ཞུས་པར་ཁོང་མོས། ང་རང་འཛིན་རིམ་བཅུ་གཉིས་བར་བོད་ཡིག་སྦྱངས་ཡོད་ཀྱང་། ཕྱིས་སུ་རྒྱ་གར་མཐོ་སློབ་ནང་ནད་གཡོག་གི་ཆེད་ལས་སྦྱངས་སྟབས། ལོ་ལྔ་ལྷག་རིང་བོད་ཡིག་སྦྱོང་རྒྱུའི་གོ་སྐབས་བྱུང་མ་སོང་། ད་རེས་ཡང་བསྐྱར་གོ་སྐབས་རག་པར་དགའ་བོ་བྱུང་སོང་། ང་འཛིན་རིམ་བཅུ་གཉིས་ཀྱི་སློབ་སྦྱོང་ཐོན་རྗེས་བོད་ཡིག་གལ་ཆེན་པོར་མཐོང་མ་སོང་། གང་ཡིན་ཞེ་ན་ངས་སྦྱངས་པའི་ནད་གཡོག་གི་ལས་ཀ་བོད་ཡིག་དང་འབྲེལ་བ་མི་འདུག རྗེས་སུ་གནས་ཚུལ་མང་པོ་ཞིག་གི་ཐོག་ནས་དཀའ་ལས་ཁག་པོ་ཆགས་ཡོང་གི་འདུག དེང་སྐབས་ང་ཚོས་རྒྱ་མིར་ཁ་གཏད་གཅོག་རྒྱུའི་སྐད་ཆ་བཤད་ན་འུར་ཚ་བོ་རེད། སོ་སོའི་སྐད་དང་ཡི་གེ རྒྱལ་རབས་ལོ་རྒྱུས་སོགས་ཡག་པོ་ཞིག་སེམས་ལ་ངེས་པ་དང་བཤད་ཤེས་པ་ཡིན་ན། དེ་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་ཆ་ཤས་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད་བསམ་གྱི་འདུག མ་འོངས་པར་ང་རང་གིས་ཉི་མ་རྟག་པར་དེབ་འཁུར་ནས་བོད་ཡིག་གཅིག་པུ་ཀློག་རྒྱུ་ཁག་པོ་རེད་དེ་ལས་ཀའི་ཞོར་ནས་གང་ཐུབ་ཅི་ཐུབ་ཅིག་བྱེད་དགོས་བསམ་གྱི་འདུག ཅེས་བརྗོད་བྱུང་། 

ས་ར་མཐོ་སློབ་ཀྱི་སློབ་མ་ཤེས་རབ་རྒྱ་མཚོ་ལགས་སུ་བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་བེད་སྤྱོད་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། སྤྱིར་བཏང་བཙན་བྱོལ་ནང་འཛིན་སྐྱོང་གི་ངོས་ནས་བོད་ཡིག་ལ་ལྟ་སྟངས་ཡག་པོ་མི་འདུག་མོད། དགོན་སྡེ་ཁག་དང་བོད་པའི་མཐོ་སློབ་ཁག་ཅིག་གིས་བོད་ཡིག་གི་རྐང་འདྲ་བོ་བཟུང་འདུག་བསམ་གྱི་ཡོད། འོན་ཀྱང་བོད་ནང་དང་བསྡུར་ན་ད་དུང་ཧ་ཅང་སྐྱོ་བོ་འདུག དམིགས་བསལ་གཞོན་སྐྱེས་ཚོའི་ཁྲོད་དུ་སྐད་བསྲེས་ལྷད་ཅན་རྒྱག་པ་དང་བོད་ཡིག་ལ་དོ་སྣང་མེད་པ་སོགས་ཀྱི་གནས་ཚུལ་མང་པོ་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༡ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 2

  1. སྐར་ཁྲི་བཙན། says:
    ལོ་ 12 སྔོན།

    བཙན་བྱོལ་གོང་འོག་བར་གསུམ་གྱིས་བོད་སྐད་གཙང་མ་ཞིག་འཁྱོངས་ཀྱི་མེད་པར་དོ་སྣང་བྱེད་མཁན་གྱི་དཔོན་ཞིག་ལ་ཤུ་རེ་གོ

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ སྐབས་རེར་ཆབ་སྲིད་དང་དཔལ་འབྱོར་སྲུང་སྐྱོབ་ལས་སྐད་ཡིག་རིག་གཞུང་སྲུང་སྐྱོབ་འདི་གལ་ཆེ་བ་ཆགས་འདུག
    ཆབ་སྲིད་དང་དཔལ་འབྱོར་ཞེས་པ་དེ་ཡོ་ལང་ཞིག་གི་རྗེས་སུ་འགྲོ་བཞིན་ཡོད་པ་རེད། དུས་ཚོད་སྡུག་ཅག་བྱུང་ན་གནས་ཚུལ་ལོགས་ཀ་རེད་མ་གཏོགས། དེ་མིན་མི་ཆེན་པོ་གཉིས་ཀྱིས་ས་ཡིག་བརྒྱབ་ན་ཐག་ཆོད་འགྲོ་བ་ཞིག་རེད།
    འོན་ཀྱང་། སྐད་ཡིག་དང་རིག་གཞུང་ཟེར་བ་འདི་མི་རབས་ནས་མི་རབས་བར་མཚམས་སྦྱོར་ཡག་པོ་ཞིག་མ་བྱུང་ན། ཆད་འགྲོ་བ་དང་བརླག་འགྲོ་བ། ཉམས་རྒུད་དུ་འགྲོ་ལས་སླ་བོ་དང་འཕེལ་རྒྱས་སུ་<གཏོང་དཀའ་མོ་འདྲ་ཞིག་ཡོད་པ་རེད། ་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese