མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་གད་ཁྲོད་མི་ ༣༡ རྐྱེན་འདས།

བོད་ཀྱི་དུས་བབ།
༢༠༡༤/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཤིན་ཅང་གི་ལྟེ་གནས་ཨོ་རོམ་ཆིའི་ཁྲོམ་སྲང་ཞིག་ཏུ་འབར་གད་དོན་རྐྱེན་བྱུང་སྟེ་མི་གྲངས་ ༣༡ རྐྱེན་ལམ་དུ་བཏང་བ་དང་། མི་ ༩༤ ལ་རྨས་སྐྱོན་ཕོག་ཡོད་འདུག

དེ་རིང་སྔ་དྲོ་ཆུ་ཚོད་ ༧།༤༨ ཙམ་ལ། ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་ཨོ་རོམ་ཆི་སཱ་ཡཱས་པཱ་ཁེ་ས་ཁུལ་གྱི་ཁྲོམ་སྲང་ཞིག་ཏུ། འབར་གད་ཀྱི་དོན་རྐྱེན་ཞིག་བྱུང་སྟེ་མི་གྲངས་ ༣༡ ལྷག་རྐྱེན་འདས་སུ་གྱུར་བ་དང་། མི་ ༩༤ ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡོད་འདུག

ཡུལ་དངོས་ཀྱི་མི་ཡིས་བརྗོད་པ་ལྟར་ན། སྐབས་དེར་ཁྲོམ་སྲང་དུ་ཞོགས་པའི་བཟའ་ཆས་ཉོ་ཚོང་གི་འཚང་ཁ་ཧ་ཅང་ཆེ་བ་དང་། གློ་བུར་དུ་རླངས་འཁོར་གཅིག་ཁྲོམ་གཞུང་གི་བྱང་ཕྱོགས་ནས་རྒྱུགས་ཡོང་བ་དང་། རླངས་འཁོར་གཞན་ཞིག་ལྷོ་ངོས་ནས་རྒྱུགས་ཡོང་སྟེ་གང་བྱུང་གིས་མི་མང་གཅིར་རྡུང་བཏང་ཡོད་པ་མ་ཟད། འབར་རྫས་བཅུ་གྲངས་ཤིག་གཡུགས་ཏེ་ཁྲོམ་སྲང་གང་སར་ཁྲག་གིས་ཁྱབ་སོང་སྐོར་དང་། འབར་གད་དོན་རྐྱེན་བྱུང་རྗེས། ཉེན་རྟོག་པས་ཉེ་འཁྲིས་ཀྱི་ཞོགས་པའི་ཁྲོམ་ར་ཡང་སྒོ་རྒྱག་ཏུ་བཅུག་པར་བརྟེན། གྲོང་ཁྱེར་ཡོངས་ཀྱི་སྔོ་ཚལ་དང་ཤིང་ཏོག་སོགས་ཀྱི་རིན་གོང་ལྡབ་ལོག་གིས་འཕར་ཡོད་ལུགས་བརྗོད་འདུག

ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་ཨོ་རོ་མོ་ཆིའི་མེ་འཁོར་ས་ཚིགས་སུ་འབར་གད་དོན་རྐྱེན་བྱུང་ཏེ། མི་གྲངས་ ༧༩ ལ་རྨས་སྐྱོན་ཕོག་པ་དང་། མི་ ༣ རྐྱེན་འདས་སུ་གྱུར་ཏེ་ཉིན་གྲངས་ ༢༢ ལས་མ་འགོར་བར་ཡང་བསྐྱར་ཤི་རྨས་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་ཡོད་འདུག

གཞན་ཡང་། ཁ་སང་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་མཐོ་རིམ་ཁྲིམས་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་བསྡུས་ཏེ། ཉེ་སྔོན་ཤིན་ཅང་གི་ས་ཁུལ་ཁག་ ༦ གི་འབྲིང་རིམ་མི་མང་ཁྲིམས་ཁང་ཚོས་རྟོག་ཞིབ་བྱས་པ་བརྒྱུད་དེ། འཇིགས་སྐུལ་དྲག་སྤྱོད་དང་འབྲེལ་བའི་བརྙན་རིས་བརྒྱུད་བསྒྲགས་བྱས་པའི་ཉེས་དོན་ ༡༦ རྩད་ཆོད་ཡོད་པ་མ་ཟད། ཉེས་ཅན་ ༣༩ ལ་ཁྲིམས་ཆད་བཅད་ཡོད་པ་དང་། དེ་དག་གི་ནང་བཙོན་འཇུག་དུས་ཡུན་རིང་ཤོས་ལོ་ ༡༥ ཡིན་ལུགས་བསྒྲགས་ཡོད་ཀྱང་། བརྒྱུད་བསྒྲགས་བྱས་པའི་བརྙན་རིས་ནང་མི་རིགས་བར་འཁོན་འཛིང་དང་དམའ་འབེབས་བྱས་ཡོད་སྐོར་ཙམ་ལས་ནང་དོན་གཙོ་བོ་ག་རེ་ཡིན་མིན་གསལ་བོ་བརྗོད་མེད་སྟབས། འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱི་མགྲིན་ཚབ་པ་དེས་ལི་ཤཱ་ལགས་ཀྱིས། འདས་པའི་ལོ་འགའི་རིང་ཤིན་ཅང་ནང་ཁ་པར་སོགས་ཀྱི་བརྒྱུད་ལམ་ལ་དམ་དྲག་ཆེན་པོ་བྱས་ཡོད་པས། འཇིགས་སྐུལ་དྲག་སྤྱོད་དང་འབྲེལ་བའི་བརྙན་རིས་བརྒྱུད་བསྒྲགས་བྱས་ཚུལ་བརྗོད་པ་དེར་དོགས་པ་ཆེན་པོ་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

ཆུ་ཚོད་ ༡༠ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༡༣ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༡༦ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༡༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

མཆན། 6

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    དགྲ་བོ་བདུག་རྩུབ་ལ་ནམ་ཡང་གཉའ་ཞུམ་མེད་པའི་ཡུ་གུར་པའི་དཔལ་རྒོད

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    བོད་རིགས་རྣམས། དབུས་ལམ་ནས། རང་བཙན་དུ་བསྐྱོད་ཆོག་ཀྱང་། འཚེ་མེད་ཞི་ལམ་ལས། དྲག་པོའི་དམག་དཔུང་ལ། དུས་ནམ་ཡང་འགྲོ་རྒྱུ། ཡོད་མ་རེད་སྙམ་དགོས་པ་ནི། གནས་ཚུལ་འདིས་ཀྱང་བསླབ་བྱ་ལེན་ཐུབ་པ་མིན་འདུག་གམ། ལགས།

    Reply
  3. བཛྲ་སུ་མ་ཏི། says:
    ལོ་ 12 སྔོན།

    ཇོ་རུ་ཚེ་རིང་ལགས་ནས་རྒྱ་ནག་ལ་ཉམས་ཞིབ་ཡག་པོ་གནང་ཡོད་པ་འདྲ། གྲོགས་པོ་ལགས་མུ་མཐུད་གནང་རོགས་གནང་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།

    Reply
  4. ཤག་སྒང་པ། says:
    ལོ་ 12 སྔོན།

    བོད་དང་ཡུ་གུར་མི་མང་གིས་རྒྱ་ནག་སྲིད་གཞུང་ལ་བློ་ཁ་མི་གཏོད་པའི་ཞི་དྲག་གི་ལས་འགུལ་འདི་གཉིས་ཀྱིས་རྒྱ་གཞུང་དང་རྒྱལ་སྤྱིར་ཤུགས་རྐྱེན་ཇི་འཐེབ་ལ་ང་ཚོས་དོ་སྣང་ནན་པོ་བྱ་དགོས་པ་རེད་སྙམ།

    Reply
  5. འཆི་མེད་སེང་གེ། says:
    ལོ་ 12 སྔོན།

    ཡུལ་ཀུར་མི་རིགས་དང་བོད་པ་ཙམ་མ་ཡིན་པར་མི་རིགས་གཞན་ཡང་གཅར་རྡུང་མ་བཟོད་ནས་བསྡད་ཡོད། རིམ་པས་ཚང་མ་ཡར་ལངས་བྱེད་ངེས།

    Reply
  6. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    རྒྱ་གཞུང་དཔོན་རིགས་ནང་ཁུལ་འཐབ་རྩོད་ཛ་དྲག་ཏུ་ཕྱིན་ཏེ། ༼གློད་ན་རྫ་མ་འཆག མ་གློད་ན་ལག་པ་བསྲེག༽ཟེར་བ་ཚད་ལ་སླེབས་པ་རེད། རྒྱ་ནག་གཞུང་གི་ཚོགས་ཆེན་གཉིས་སྐབས་ཀྱི་ཁུང་མཱེན་དྲག་སྤྱོད་དང་། ཞིས་ཅིན་ཕིན་ཤིན་ཅང་དུ་རྟོགས་ཞིབ་སྐབས་ཀྱི་མེ་འཁོར་འབབ་ཚིགས་ཀྱི་འགས་གཏོར། ད་རེས་ཞིས་ཧྲང་ཧེ་རུ་ཨེ་ཤ་ཡའི་མཐུན་ཚོགས་ཀྱི་ཚོགས་འདུའི་སྐབས་ཀྱི་འགས་གཏོར་དོན་རྐྱེན་འདི་དང་། ལྷག་པར་དུ་ཕུའུ་ཅིན་ཧྲང་ཧེ་རུ་ཅང་ཙེ་མཱེན་ལ་ཐུག་པ་དང་། དེའི་སྔོན་ཏག་ཏག་ལ་ཙིན་ཆིན་ཧུུང་ནི་ཅང་ཙེ་མིན་གྱི་བུ་ཆེ་བ་དང་མཉམ་དུ་ཧྲང་ཧེ་ནས་འགུལ་བསྐྱོད་བྱེད་ཀྱིན་པ། འདི་དག་མཉམ་དུ་སྦྲེལ་ཏེ་ནས་བལྟས་ན་ད་གཟོད་རྒྱ་གཞུང་འདི་འགལ་ལ་ཁལ་དུ་ཡོད་པ་མངོན་ཐུབ། ལྟོས་ཨ། ད་དུང་གནས་ཚུལ་མང་པོ་བསྟུད་མར་ཡོང་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese