མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཤ་ཡའི་རྒྱལ་སྲུང་བདེ་འཇཊ་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༡༤/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་སིང་གྷ་པུར་ཚོགས་བཞིན་ཡོད་པའི་ (Shangri-La Dialogue ) ཞེས་པའི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་སྲུང་བདེ་འཇགས་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་སྟེ། ཨེ་ཤ་ཡའི་མངའ་ཁུལ་གྱི་བརྟན་བརླིང་སྲུང་སྐྱོབ་སྐོར་ལ་གཏམ་བཤད་གནང་ཡོད་འདུག

ཚོགས་འདུ་འདི་རྒྱ་གཞུང་གིས་ཉེ་ལམ་ཞི་བདེ་རྒྱ་མཚོའི་ཐོག་མཁའ་དབྱིངས་དབྱེ་མཚམས་ཐིག་ཚད་བཟོས་པ་དང་། ཤར་ལྷོའི་རྒྱ་ནག་རྒྱ་མཚོ་མངའ་ཁུལ་གྱི་བདག་དབང་རྩོད་ལེན་བྱས་ཏེ། ཨེ་ཤ་ཡའི་བརྟན་བརླིང་ལ་འཇིགས་སྣང་སྐུལ་བཞིན་ཡོད་སྟབས། དེ་ལ་གདོང་ལེན་བྱེད་ཆེད་ཡིན་འདུག

ཤིང་ཛོ་ཨ་བྷེས། “ ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། ཉི་ཧོང་གིས་རྒྱལ་སྤྱིའི་རྒྱབ་སྐྱོར་ལ་བརྟེན་ཏེ་བཙན་འཛུལ་པར་ཁ་གཏད་གཅག་ནས་མངའ་ཁུལ་ནང་བརྟན་བརླིང་སྲུང་སྐྱོབ་བྱ་རྒྱུ་ཡིན།”ཞེས་བརྗོད་འདུག

རྒྱ་ནག་གི་ཚོགས་ཞུགས་པ་དེ་སྔའི་ཕྱི་སྲིད་བློན་ཆེན་གཞོན་པ་ཟུར་བ་ཕུ་ཡིང་ (Fu Ying) གིས། “ཨེ་ཤ་ཡའི་མངའ་ཁུལ་གྱི་བརྟན་བརླིང་སྲུང་སྐྱོབ་ལ་འགོག་རྐྱེན་བཟོ་མཁན་ནི་ཉི་ཧོང་ཡིན་པ་ལས། རྒྱ་ནག་མིན་སྟབས་ཉི་ཧོང་གིས་འཁྲུག་རྐྱེན་སློང་གཞིའི་བྱ་སྤྱོད་དེ་དག་མཚམས་འཇོག་བྱ་དགོས།” ཞེས་བརྗོད་འདུག

སིང་གྷ་པུར་གྱི་ལྷོ་ཤར་ཨེ་ཤ་ཡའི་ཆེད་མཁས་པ་མལ་ཁོམ་ཀུག་ (Malcolm Cook) ལགས་ཀྱིས། “ཤིང་ཛོ་ཨ་བྷེའི་ཐག་གཅོད་ལ་རྒྱ་ནག་དང་མངའ་ཁུལ་གྱི་བདག་དབང་རྩོད་ལེན་ཡོད་པའི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་བྱ་རྒྱུ་རེད།” ཅེས་དང་། དེ་བཞིན་རྒྱལ་སྤྱིའི་ཐབས་ཇུས་མཁས་པ་ནཱ་རུ་ཤི་གྷེ་ (Narushige Michishita ) ལགས་ཀྱིས། “ ད་རེབ་ཤིང་ཛོ་ཨ་བྷེས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་སྲུང་བདེ་འཇགས་ཚོགས་འདུའི་སྐབས། ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འཕྲད་བཞིན་པའི་དཀའ་ངལ་དག་གླེང་སློང་བྱ་རྒྱུ་ཡིན་སྟབས། མ་འོངས་པར་རྒྱ་གཞུང་གི་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་བློར་ཕམ་ཉེས་གཏོང་གི་རེད” ཅེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཨེ་ཤ་ཡའི་མངའ་ཁུལ་བརྟན་བརླིང་སྲུང་སྐྱོབ་ཀྱི་ཚོགས་འདུ་དེ་ནི། རྒྱ་གཞུང་གི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་ཇུས་ལ་གདོང་ལེན་བྱ་ཆེད་ཚོགས་པ་ཞིག་ཡིན་སྟབས། ཚོགས་ཐོག་ཏུ་རྒྱ་ནག་དང་ཚོང་འབྲེལ་ཤུགས་ཆེན་པོ་ཡོད་པའི་མ་ལི་ཤི་ཡ་དང་ཀམ་བྷོ་ཌི་ཡ། ལའོ། འབར་མ་བཅས་ཀྱིས་ཁ་གཏད་གཅོག་རྒྱུ་ཁག་པོ་ཡིན་ཡང་། རྒྱ་ནག་དང་ཞི་བདེ་རྒྱ་མཚོ་དང་ལྷོ་ཤར་རྒྱ་ནག་རྒྱ་མཚོའི་བདག་དབང་གི་རྩོད་རྙོག་ཡོད་པའི་ཉི་ཧོང་དང་ཧྥི་ལི་ཕིན། ལྷོ་ཀོ་རི་ཡ་བཅས་ཀྱིས་ཁ་གཏད་གཅོག་སྲིད་སྐོར་བརྗོད་འདུག

ཟླ་འདིའི་ཚེས་ ༧ ཉིན་ཧྥི་ལི་ཕིན་དང་རྒྱ་ནག་གི་རྩོད་གཞི་ཅན་གྱི་མཚོ་གླིང་སེ་ཧྥར་ལེའི (Spratlys) ཧབ་མོན་ཤོལ་ (Half Moon Shoal) མཚོ་ཁུལ་དུ་རྒྱ་རིགས་ཉ་པ་ཚོས་ཉ་འཛིན་གྲུ་གཟིངས་བཏང་སྟེ། སྟོང་ཉེན་ཅན་གྱི་སྲོག་ཆགས་རིགས་འཛིན་བཞིན་ཡོད་པར། ཧྥི་ལི་ཕིན་གཞུང་གིས་རྒྱ་རིགས་ཉ་འཛིན་པ་ ༡༡ འཇུ་བཟུང་བཀག་ཉར་དང་། ཚེས་ ༡༥ རྒྱ་གཞུང་གིས་ཝེ་ཋི་ནམ་དང་རྩོད་གཞི་ཡོད་པའི་རྒྱ་ནག་རྒྱ་མཚོའི་ལྷོ་ངོས་ཕཱ་ར་སེལ་ (Paracel) མཚོ་གླིང་དུ་ཨ་སྒོར་ཐེར་འབུམ་གཅིག་ལྷག་གི་རྡོ་སྣུམ་སྔོག་འདོན་ཡོ་ཆས་བཙུགས་ཏེ་རྡོ་སྣུམ་སྔོག་འདོན་མགོ་འཛུགས་སོགས་བྱས་ཡོད།

༢༠༡༢ ལོར་རྒྱ་ནག་གི་དམག་གྲུས་ཧྥི་ལེ་པིན་དང་རྒྱ་ནག་བར་རྩོད་ཉོག་ཡོད་པའི་སེ་ཁར་བྷོ་རོག་ཤོལ་ (Scarborough Shoal) དང་། དེ་རྗེས་ཋོ་མཱ་སེ་ཤོལ་ (Thomas Shoal) མཚོ་ཁུག་གཉིས་སུ་བཙན་འཛུལ་བྱས་ཡོད་པ་མ་ཟད། ༢༠༡༣ ལོའི་ཟླ་ ༡༡ པའི་ཚེས་ ༧ ཉིན་ཞི་བདེ་རྒྱ་མཚོའི་ཐོག་མཁའ་དབྱིངས་ཐིག་ཚད་བཟོ་བྱས་ཤིང་། ༢༠༡༤ ལོའི་ཟླ་ ༢ པའི་ཚེས་ ༢༣ ཉིན་ཉི་ཧོང་དང་རྒྱ་ནག་གིས་བདག་དབང་རྩོད་ལེན་བྱེད་བཞིན་པའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་སཱིན་ཁཱ་ཁའོ་གླིང་ཕྲན་གྱི་ (Minamikojima) ཞེས་པའི་སྤྱི་གཡར་མཚོ་ཁུལ་དུ་རྒྱ་ནག་གི་མཚོ་དམག་གྲུ་གཟིངས་གསུམ་བཏང་སྟེ་བཙན་འཛུལ་བྱས་ཡོད།

དེ་རིང་ནས་བཟུང་ཉིན་གསུམ་རིང་གི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་སྲུང་བདེ་འཇགས་ཀྱི་ཚོགས་འདུ་འདིའི་ཐོག ལྷོ་ཤར་ཨེ་ཤ་ཡའི་མནའ་འབྲེལ་རྒྱལ་ཁབ་ཁག་གཙོས། ཨ་རི་དང་ཨོ་སི་ཌོ་ལི་ཡ་བཅས་ཀྱི་འཐུས་མི་མཉམ་ཞུགས་གནང་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༡༢ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༡༥ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 3

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༑ད་ལྟའི་རྒྱ་ནག་གིས་བྱེད་སྟངས་ལ་བལྟས་ན་དུས་རབ་ཉི་ཤུ་ཡི་མགོ་སྟོད་ནང་གི་ཉི་ཧོང་དེ་དགོས་ངེས་རེད་འདུག

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    དམག་དོན་ཕམ་ལ། ཞི་བདེ་རྒྱལ་འགྱུར་ཅིག །

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༄༅།།ཨེ་ཤ་ཡ་རྒྱལ་ཁབ་ཚོས་རྒྱ་ནག་རྒྱ་སྐྱེད་རིང་ལུགས་ལ་ཁ་གཏད་ངེས་པར་དུ་ཅོག་དགོས་པ་ལས་གཉའ་ཞུམ་མི་ཉན་ཡ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese