མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སི་རི་ཡའི་སྲིད་འཛིན་འོས་བསྡུ།

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སི་རི་ཡའི་ནང་སྲིད་འཛིན་འོས་བསྡུ་བྱས་ཡོད་ཀྱང་རྒྱལ་སྤྱིའི་སྟེང་ལྟ་སྟངས་སྣ་ཚོགས་ཡོང་བཞིན་ཡོད་པ་མ་ཟད་སི་རི་ཡའི་ཕྱོགས་འགལ་ཚོགས་པས་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་ཡོད་འདུག

དེ་རིང་སི་རི་ཡའི་སྔ་དྲོའི་ཆུ་ཚོད་ ༧།༠༠ པ་ནས་ཉིན་རྒྱབ་ཆུ་ཚོད་ ༦ བར། སི་རི་ཡའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་དེ་གནང་ཡོད་ཅིང་། འོས་མི་གསུམ་ཁྱབ་བསྒྲགས་བྱས་ཡོད་པ་དག་ནི། ད་ལྟའི་སི་རི་ཡའི་སྲིད་འཛིན་བྷ་ཤཱར་ (Bashar al-Assad)དང་། གྲོས་ཚོགས་འོག་མའི་འཐུས་མི་ནོ་རེ་ (Hassan Abdullah al-Nouri)། ཆབ་འབངས་བདེ་སྐྱོང་ཚོགས་པའི་གྲོས་ཚོགས་འཐུས་མི་མཱ་ཧེར་ (Maher Abdul-Hafiz Hajjar)བཅས་ཡིན་འདུག

སི་རི་ཡའི་རྒྱལ་ཡོངས་སུ་མི་འབོར་ས་ཡ་ ༢༣ ལྷག་ཡོད་པ་ལས་གདམ་བྱ་འདེམ་བྱེད་ཀྱི་ཐོབ་ཐང་ཡོད་མཁན་ས་ཡ་ ༡༥།༨ ཡོད་ཅིང་། ཐེངས་འདིའི་འོས་བསྡུར་དེབ་སྐྱེལ་བྱེད་མཁན་ས་ཡ་ ༦ ཙམ་ལས་བྱུང་མེད་པ་དང་། གཞུང་ཕྱོགས་ནས་གསལ་བསྒྲགས་སྤེལ་བ་ལྟར་ན། ཐེངས་འདིའི་འོས་བསྡུའི་ཆ་ཤས་ལེན་མཁན་བརྒྱ་ཆ་ ༦༠ ཙམ་གཞོན་སྐྱེས་ལོ་ ༡༨ ནས་ ༤༦ བར་ཡིན་སྐོར་བརྗོད་འདུག

སི་རི་ཡའི་སྲིད་བློན་ཨལ་ཧལ་ཁེ་ (Wael al-Halqi)ཀྱིས། “ ད་ཐེངས་སི་རི་ཡའི་སྲིད་འཛིན་གྱི་འོས་བསྡུ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་མིག་དཔེ་འོས་པའི་རྒྱལ་ཡོངས་འོས་བསྡུ་ཞིག་ཆགས་ཡོད་སྟབས། མང་ཚོགས་ཚོས་རྒྱལ་ཁབ་ཀྱི་བརྟན་བརླིང་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། ཡུལ་བདེ་ཞི་འཇགས་གཏོང་མཁན་གྱི་སྲིད་འཛིན་ཞིག་འོས་འདེམས་བྱ་དགོས།” ཞེས་བརྗོད་འདུག

སྲིད་འཛིན་འོས་མི་གསུམ་གྱིས་ཁ་གཅིག་གྲག་ཏུ། སི་རི་ཡའི་ཟིང་འཁྲུག་ཞི་འཇགས་དང་མང་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ། ཞི་བདེ་བརྟན་བརླིང་གི་གཞུང་ཞིག་འཛུགས་རྒྱུ་ཡིན་པའི་ཁས་ལེན་བྱེད་བཞིན་ཡོད་ཀྱང་། ཆབ་སྲིད་དབྱེ་ཞིབ་པ་ཚོས། སི་རི་ཡའི་རྒྱལ་ཡོངས་འོས་བསྡུ་འདི་ནི། གཞུང་འཛིན་ཚོགས་པས་ཐད་བསྐོས་བྱས་པའི་འོས་མི་གསུམ་གྱི་འཁྲབ་སྟོན་ཙམ་ཡིན་སྟབས། མང་ཚོགས་ཚོས་ཁས་ལེན་བྱ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག

ཐེངས་འདིར་སི་རི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་སྐྱབས་བཅོལ་དུ་བསྡད་ཡོད་པ་ཚོས་འོས་བསྡུའི་ཆ་ཤས་བླངས་མེད་པ་མ་ཟད། སི་རི་ཡའི་ཕྱོགས་འགལ་ཚོགས་པ་ཆེ་ཤོས་གཉིས་ཀྱིས་ཀྱང་འོས་བསྡུའི་ཆ་ཤས་བླངས་མེད་པར། འོས་བསྡུ་འདི་ནི་བཙན་པོ་དབང་ཡོད་དང་མི་གསོད་ཁྲག་སྦྱོར་གྱི་འོས་བསྡུ་ཞིག་ཡིན་སྐོར་བརྗོད་དེ་ངོ་རྒོལ་བྱེད་བཞིན་ཡོད་འདུག

སི་རི་ཡའི་གནད་དོན་ཆེད་མཁས་པ་སྐུ་ཞབས་མར་ཌིན་ལགས་ཀྱིས། “ ཐེངས་འདིའི་འོས་བསྡུ་དེར་སི་རི་ཡའི་མང་ཚོགས་ཀྱིས་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ལྟ་སྟངས་ཡག་པོ་འཛིན་གྱི་མེད་སྟབས། འོས་བསྡུ་འདིས་སི་རི་ཡའི་དཀའ་རྙོག་སེལ་རྒྱུ་ཁག་པོ་ཆགས་ཡོད།” ཅེས་བརྗོད་འདུག

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་ལུའུ་རན་ཌི་(Laurent Fabius)ལགས་ཀྱིས། “ ད་རེབ་ཀྱི་སི་རི་ཡའི་སྲིད་འཛིན་འོས་བསྡུ་དེ་ནི། ད་ལྟའི་སྲིད་འཛིན་བྷ་ཤཱར་ལ་རྒྱལ་ཁ་ཐོབ་ཐབས་ཀྱི་འོས་བསྡུ་ཞིག་ཆགས་ཡོད་སྟབས། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་ངོས་ལེན་བྱ་ཁག་པོ་ཆགས་ཡོད།” ཅེས་བརྗོད་འདུག

༢༠༡༠ ལོ་ནས་བཟུང་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་ཁ་ཆེའི་དཔྱིད་དུས་གསར་བརྗེ་བྱུང་བ་དང་སྦྲགས། ༢༠༡༡ ལོའི་ཟླ་ ༣ ཚེས་ ༡༥ ཉིན། སེ་རི་ཡའི་མང་ཚོགས་ཀྱིས་སྲིད་འཛིན་བྷ་ཤཱར་གྱིས་རྩ་དགོངས་ཞུ་དགོས་སྐོར་ངོ་རྒོལ་བྱས་སྟབས། གཞུང་འཛིན་ཚོགས་པ་དང་མང་ཚོགས་བར་རྙོག་ཟིང་བྱུང་སྟེ་ད་བར་ཡུལ་མི་  ༡༦༢༠༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། མི་ས་ཡ་ ༧ ལྷག་ཡུལ་གྱར་ཕྱིན་པ། མི་ས་ཡ་ ༢།༥ ལྷག་ཧྥ་རན་སི་དང་འཇར་མན་སོགས་ནང་སྐྱབས་བཅོལ་འགྲོ་དགོས་བྱུང་ཡོད།

༢༠༡༡ ལོའི་ཟླ་ ༨ པའི་ནང་ད་ལྟའི་སྲིད་འཛིན་བྷ་ཤཱར་གྱིས་རྒྱལ་སྤྱིའི་གནོན་ཤུགས་འོག འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་བཅའ་ཡིག་ ༡༠༡ ལ་མིང་རྟགས་བཀོད་པ་དང་འབྲེལ། མང་མོས་བསམ་ཤོག་བསྡུས་ཏེ་ཆབ་སྲིད་ཚོགས་པ་གཅིག་གི་ལམ་ལུགས་ལ་བཅོས་བསྒྱུར་བཏང་སྟེ། ཆབ་སྲིད་ཚོགས་པ་གང་མང་ལས་གྲུབ་པའི་དམངས་གཙོའི་ལམ་ལུགས་ཤིག་འཛུགས་དགོས་བྱུང་ཡོད།

༢༠༡༡ ལོ་ནས་བཟུང་སི་རི་ཡའི་གཞུང་འཛིན་ཤོག་ཁག་དང་གྱེན་ལོག་ཤོག་ཁག་བར་ཟིང་འཁྲུག་བསྟུད་མར་བྱུང་ཞིང་། གཞུང་འཛིན་ཚོགས་པས་གྱེན་ལོག་པའི་ཁྲོད་རྫས་འགྱུར་མཚོན་ཆ་བེད་སྤྱོད་བཏང་སྟེ། ཉེས་མེད་མི་སེར་མང་པོ་བསད་སྟབས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔ་རྗེས་སུ་སི་རི་ཡའི་གནད་དོན་སྐོར་ལ་གྲོས་ཆོད་ཐེངས་གསུམ་ལ་བཞག་ཡོད།

༢༠༡༣ ལོའི་ཟླ་ ༦ པའི་ཚེས་ ༡༧ ཉིན་གྱི་འཛམ་གླིང་འབྱོར་ལྡན་རྒྱལ་ཁབ་ཁག་ ༨ ཀྱི་ཚོགས་འདུ་ཐེངས་ ༣༩ པའི་སྐབས། སི་རི་ཡར་ཨ་སྒོར་ཐེར་འབུམ་ ༡།༥ ཡི་སྐྱོབ་གསོའི་རོགས་དངུལ་སྤྲོད་རྒྱུ་དང་། སི་རི་ཡའི་གཞུང་དང་ཁ་གཏད་ངོ་རྒོལ་ཚོགས་པ་གཉིས་གྲོས་མོལ་ཡོང་ཐབས་བྱ་རྒྱུ། ཇི་ནེ་བཱ་( Geneva) གྲོས་མོལ་གྱི་སྔོན་ལ་སི་རི་ཡའི་བར་བརྒལ་སྲིད་གཞུང་ཞིག་འཛུགས་ཐུབ་པ་བྱས་ཏེ་མི་མང་ལ་བདེ་འཇགས་ཡོང་ཐབས་བྱེད་དགོས་པ་སོགས་གྲོས་མཐུན་དོན་ཚན་ ༧ བཞག་ཡོད་པ་མ་ཟད། སི་རི་ཡ་གཞུང་གིས་ཁ་གཏད་ཚོགས་པར་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པར་སྐྱོན་བརྗོད་བྱས་ཡོད།

གསར་འགོད་པ། དོན་གྲུབ།


འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

ཆུ་ཚོད་ ༢ སྔོན་ལ།
tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༢༠ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༢༢ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩

མཆན། 1

  1. སྟོབས་ཆེན། says:
    ལོ་ 12 སྔོན།

    གསར་འགྱུར་ཧ་ཅང་ཞིབ་ཚགས་དང་མགོ་ལུས་མཚུངས་པ་ཞིག་བྲིས་འདུག ཐུགས་རྗེ་ཆེ། སི་རི་ཡ་ཟེར་བའི་རྒྱལ་ཁབ་འདི་ལ་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་གནོན་ཤུགས་ཅི་ཙམ་སྤྲོད་ཀྱང་། སྲིད་འཛིན་བྷག་ཤར་ཟེར་བ་དེ་ལ་གླེགས་འཁེལ་བའི་མི་ཞིག་མ་རེད། ནུབ་ཕྱོགས་རྒྱལ་ཁབ་ཚོས་སྲིད་འཛིན་ཁོང་ནི་དེ་སྔོན་འཇར་མན་ན་རྫཱེའི་ཧའེ་ཐའི་ལི་དང་གཅིག་པ་རེད་ཟེར་སྲོལ་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese