མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་གྲུབ་དབང་ཆེན་ཀློད་གྲོལ་བཏང་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

འཇིགས་བྲལ་གློག་བརྙན་ཕབ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་རྒྱ་ནག་གི་བཙོན་འོག་ནས་ཀློད་གྲོལ་ཐོབ་སྟེ། དེ་རིང་ཉིན་གོང་བོད་ནང་གི་ཆུ་ཚོད་ ༣།༠༠ ཙམ་ལ་ཨ་མདོ་བ་ཡན་རྫོང་གི་རང་ཁྱིམ་དུ་འབྱོར་ཡོད་འདུག

ད་ལྟ་རང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༦ ཉིན། རྒྱ་ནག་གི་ཉེན་རྟོག་པས་མཚོ་སྔོན་ཟི་ལིང་ནས་འཛིན་བཟུང་བྱས་པའི་འཇིགས་བྲལ་གློག་བརྙན་ཕབ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་རྒྱ་ནག་གི་བཙོན་འོག་ནས་ལོ་ ༦ གི་ཁྲིམས་ཆད་དུས་ཡུན་རྫོགས་ཏེ། དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༣།༠༠ ཙམ་ལ་མཚོ་སྔོན་བ་ཡན་རྫོང་ཁོ་ཚེ་སྡེ་བའི་རང་ཁྱིམ་དུ་འབྱོར་ཡོད་འདུག

གནས་ཚུལ་ཁོ་སྤྲོད་པས་བརྗོད་པ་ལྟར་ན། ཉིན་འགའི་སྔོན་ལ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བརྡ་ལན་འབྱོར་ཏེ་ཚེས་ ༦ ཉིན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཐོག་ནས་ཀློད་གྲོལ་གཏོང་རྒྱུ་ཡིན་སྐོར་བརྗོད་དེ། ནང་མི་གཉེན་འབྲེལ་ཚོས་གྲ་སྒྲིག་བྱས་ཡོད་ཀྱང་། དེ་རིང་ཉིན་རྒྱབ་ཁོང་གློ་བུར་དུ་རང་ཁྱིམ་ལ་འབྱོར་ཡོད་འདུག ཁོང་གི་ད་ལྟའི་གཟུགས་གཞིའི་གནས་སྟངས་དང་བཙོན་ནས་ཇི་ལྟར་ཀློད་གྲོལ་བཏང་མིན་སོགས་ཀྱི་གནས་ཚུལ་གཞན་ད་སྔ་ཤེས་མ་སོང་ཟེར།

༢༠༠༨ ལོའི་རྒྱ་ནག་པེ་ཅིན་ཨོ་ལིམ་ཕིག་ལུས་རྩེད་འགྲན་འཚོགས་བསླེབ་ལ་ཉེ་སྐབས། དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་རྣམ་གཉིས་ཀྱིས་བོད་ནང་གི་ས་ཁུལ་མང་པོར་གསང་སྟབས་ཀྱིས་སྐོར་སྐྱོད་བྱས་ཏེ། ས་གནས་མང་ཚོགས་ལ་པེ་ཅིན་ཨོ་རྩེད་ལ་འདོད་མོས་ཡོད་མེད་དང་བོད་ནང་གི་དངོས་ཡོད་གནས་སྟངས། ༧གོང་ས་མཆོག་དང་བྱེས་གྱར་བོད་མི་ཚོར་དད་པ་དམ་ཚིག་གང་འདྲ་ཡོད་མེད་བཅས་ཀྱི་སྐོར་ལ་གློག་བརྙན་ཕབ་སྐྲུན་བྱས་བར། ༢༠༠༨ ཟླ་ ༣ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་མཚོ་སྔོན་ཟི་ལིང་ནས་དོན་གྲུབ་དབང་ཆེན་ལགས་འཛིན་བཟུང་བྱས་ཏེ་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ཟི་ལིང་གི་བཙོན་ཁང་ཞིག་ཏུ་ད་བར་བཙོན་འཇུག་མནར་གཅོད་མྱངས་ཡོད།

མགོ་ལོག་འཇིགས་མེད་ལགས་སྔ་ཕྱི་ཐེངས་ ༣ ཙམ་ལ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་རྡུང་རྡེག་མནར་གཅོད་མང་པོ་བཏང་ཡོད་ཅིང་། ༢༠༡༢ ཟླ་ ༩ ཚེས་ ༣༠ ཉིན་ཀན་ལྷོ་ཁུལ་བསང་ཆུ་རྫོང་བང་དཀར་ཐང་གི་ལྟ་སྲུང་ཁང་ཞིག་ནས་བྲོས་ཐར་བྱུང་སྟེ། འདས་པའི་ལོ་གཅིག་དང་ཕྱེད་ལྷག་རིང་བོད་ནང་གི་ས་གནས་མང་པོར་ཉེན་གཡོལ་བྲོས་བྱོལ་བྱས་མཐར་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ཏེ། ཟླ་སྔོན་མའི་ཚེས་ ༢༨ ཉིན་ངྷ་རམ་ས་ལར་ཁོང་གི་གནས་ཚུལ་སྐོར་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་སྤེལ་ཡོད།

དོན་གྲུབ་དབང་ཆེན་ལགས་ཀྱི་ཕ་མ་གཉིས་དང་བཟའ་ཟླ་བུ་ཕྲུག་སོགས་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་ཡོད་ཅིང་། ཕ་མ་གཉིས་ད་ལྟ་བཞུགས་སྒར་ངྷ་རམ་ས་ལར་བཞུགས་མུས་ཡིན།

 འབྲེལ་ཡོད་གནས་ཚུལ་ཁག  དང་པོ། གཉིས་པ། གསུམ་པ། བཞི་པ། ལྔ་པ།

 

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༢༡ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 8

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    དོན་གྲུབ་དབང་ཆེན་སེམས་ཤུགས་ལས། །
    འཇིགས་བྲལ་གློག་བརྙན་གསར་ཐོན་ཁྱབ། །
    འོནད་ཀྱང་རང་ཉིད་ལོ་དྲུག་ཏུ། །
    བཙོན་དུ་ཚུད་པ་སྤྱི་དོན་རེད། །

    སྤྱི་དོན་བསྒྲུབས་པས་རང་དོན་དང་། །
    བོད་དོན་གཉིས་ཀའི་དོན་གྲུབ་ཤོག །
    རྟེན་འབྲེལ་བདེན་བརྡར་ལྟོས་གྲུབ་ཀྱིས། །
    བདེན་པ་ཉིད་ནི་རྒྱལ་འགྱུར་ཅིག །

    Reply
  2. ཀླུ་མཁར་བྱམས། says:
    ལོ་ 12 སྔོན།

    ཁྱེད་དགྲ་ལག་ལ་ཤོར་དུས་དཔྱིད་ཀ་ཡིན། ཕྱིར་ནང་ལ་སླེབས་དུས་དབྱར་ཀ་རེད། འོན་ཀྱང་། ང་ཚོའི་མི་རིགས་འདིའི་མགོ་ནས་དགུན་ཁ་ད་དུང་རྫོགས་མེད་སྟབས། ས་གར་སོང་ས་ནས་གཟབ་གཟབ་གནང་རོགས། གཙོ་བོ་རང་གི་གཟུགས་པོ་ཡིན་་་

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    རྒྱ་གཞུང་གིས་དུས་ཐོག་ཏུ་བཏང་བ་ཡག་པོ་རེད།

    Reply
  4. འཇམ་གཅེས ། says:
    ལོ་ 12 སྔོན།

    ངེས་པ་དོན་གྱི་བོད་དོན་གྱི་དཔའ་རྒོད་ཁྱེད་རང་གང་མགྱོགས་ནང་མིའི་ལྷན་དུ་བདེ་སྐྱིད་ཀྱི་ཚོལ་བར་རོལ་རྒྱུ་ཡོང་བས་རེ་སྨོན་སྙིང་ཁོངས་ནས་ཡོད།

    Reply
  5. པ་སངས་ཚེ་དབང་། says:
    ལོ་ 12 སྔོན།

    བོད་མི་ས་ཡ་དྲུག་གི་དཔའ་བོ་ཁྱོད་ལ་ཡི་རངས་སྔགས་བརྗོད་ཡོད། བཙན་བྱོལ་ནང་གི་ཚོགས་པ་དང་སྒེར་བ་ཚོས་མ་འོངས་པར་རང་དོན་སྒྲུབ་བྱེད་དུ་བེད་སྤྱོད་མི་གཏོང་བར་བོད་སྤྱི་དོན་དང་ཁོ་རང་གི་བདེ་འཇགས་ཀྱི་ཆེད་དུ་ཕྱག་ལས་ཡག་པོ་ཞིག་གནང་རོགས།

    Reply
  6. གངས་ལྡོམ། says:
    ལོ་ 12 སྔོན།

    བདག་གི་གྲོགས་པོ་དོན་འགྲུབ་དབང་ཆེན་ཁྱེད་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
    ཁྱེད་ཉིད་གང་མགྱོགས་ཁྱིམ་མི་མཉམ་འཛོམས་ཡོང་པར་ཤོག

    Reply
  7. རྒྱལ་མཚན། says:
    ལོ་ 12 སྔོན།

    ལྷ་རྒྱལ་ལོ། ཀུ་ཀུ་སོ་སོ་ལྷ་རྒྱལ་ལོ། འདི་ལས་ལྷག་གི་གནས་ཚུལ་སྙན་པོ་ཞིག་དང་། འདི་ལས་ལྷག་གི་གསར་འགྱུར་རིན་ཐང་ཅན་ཞིག་གང་ན་ཡོད། ཀུ་ཀུ་སོ་སོ་ལྷ་རྒྱལ་ལོ་་་་་་་་་་་་

    Reply
  8. ཤིག། says:
    ལོ་ 12 སྔོན།

    དཔའ་བོ་ཁྱོད་རང་ཁྱིམ་སུ་འབྱོར་བ་དགའ་སུ་གྲང་་མེད་ཞུ། དོན་གྲུབ་དབང་ཆེན་ལག་ཀྱི་ནང་མི་ཚོར་འཚམ་འདྲི་དང་ཁྱོད་རྣམ་མགྱོག་མྱུར་ཁོང་དང་མཉམ་འཛོམ་ཡོངས་བའི་སྨོན་ལམ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese