མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་ནང་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་ནང་སྐོར་སྐྱོད་བྱས་ཏེ་རྒྱ་གར་ནག་གི་ས་མཚམས་སྲུང་སྐྱོབ་སྐོར་ལ་གྲོས་མོལ་དང་། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་འཛུགས་སྐྲུན་དང་ཚོང་དོན་ཁག་ཅིག་ལ་མིང་རྟགས་བཀོད་ཡོད་འདུག

ཁ་སང་དང་དེ་རིང་ཉིན་གཉིས་རིང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་རྒྱ་གར་ནང་སྐོར་སྐྱོད་བྱེད་བཞིན་ཡོད་ཅིང་། ཁ་སང་ཚེས་༨ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་སོ་ཞི་མཱ་ (Sushma Swaraj) ལགས་དང་ཆུ་ཚོད་ ༣ ཙམ་རིང་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ས་མཚམས་སྲུང་སྐྱོབ་དང་། རྒྱ་ནག་གིས་ཡར་ཀླུང་གཙང་པོའི་ཐོག་ཆུ་རགས་རྒྱག་འཆར་ཡོད་པ། ཨ་རུ་ན་ཅལ་དང་ཇམ་མུ་ཀ་ཤི་མེར་ཀྱི་མི་རིགས་ཚོར་དམིགས་བསལ་མཐོང་ཆེན་སྤྲོད་རྒྱུ་མཚམས་འཇོག་བྱ་ཕྱོགས། དེ་སྔོན་རྒྱ་དཀར་ནག་གི་ཚོང་འབྲེལ་ནང་རྒྱ་གར་ལ་ཨ་སྒོར་ཐེར་འབུམ་ ༣༡ ལྷག་གི་གྱོང་གུད་རག་གི་ཡོད་པ་དེ་བསྐྱར་གསོ། རྒྱལ་ཁབ་གཉིས་ཀྱི་དམིགས་བསལ་སྐུ་ཚབ་བར་གྲོས་མོལ་ཡོང་ཐབས་དང་། ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན། རྒྱ་ནག་གི་ཁེ་ལས་རྒྱ་གར་ནང་འཛུགས་ཕྱོགས་སོགས་ལ་གྲོས་བསྡུར་བྱས་ཡོད་འདུག

རྒྱ་ནག་ཕྱི་སྲིད་བློན་ཆེན་རྒྱ་གར་ནང་སྐོར་སྐྱོད་དང་བསྟུན་ཏེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ལྡི་ལི་ཁུལ་གྱི་བོད་མི་ཚོས་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། རྒྱ་གར་གྱི་སྐོར་སྲུང་བ་དང་དམག་མི་ཕོན་ཆེན་འགྲེམ་འཇོག་གིས་བོད་མི་ངོ་རྒོལ་བ་ཚོ་བཀག་འགོག་བྱས་ཡོད་པ་མ་ཟད་རེ་ཟུང་འཛིན་བཟུང་ཡང་བྱས་ཡོད་འདུག

རྒྱལ་ཁབ་གཉིས་བར་གྱི་འགྲོ་འོང་འདིའི་ཐད་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སཱ་ཡེ་ཌི་ (Syed Akbaruddin) ལགས་ཀྱིས། “ ཐེངས་འདིའི་གྲོས་མོལ་བརྒྱུད་རྒྱ་ནག་གི་མགོ་ཁྲིད་དང་། རྒྱ་དཀར་ནག་གཉིས་བར་གྱི་དཀའ་རྙོག་མང་པོ་ཞིག་གི་ཐོག་ལྷག་བསམ་རྣམ་དག་གིས་གོ་བསྡུར་བྱེད་ཐུབ་པ་བྱུང་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་བར་སྔར་ལྷག་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུ་མ་ཟད། ཨེ་ཤ་ཡའི་མཐུན་གྲོགས་རྒྱལ་ཁབ་ཡག་ཤོས་ཤིག་ཏུ་འགྱུར་རྒྱུའི་རེ་བ་ཆེན་པོ་སླེབས་ཡོད། ” ཞེས་དང་། ད་དུང་ཁོང་གིས་ད་ཐེངས་ཀྱི་གྲོས་མོལ་འདི་དོན་སྙིང་ལྡན་ལ་ཕན་ཐོགས་ཡོད་པའི་རྒྱལ་ཁབ་གཉིས་ཀྱི་གྲོས་མོལ་ཞིག་ཆགས་ཡོད་སྟབས། དེ་རིང་སྐུ་ཞབས་ནཱ་རེན་ཌ་མུ་དྷེ་མཆོག་གིས་སྣེ་ཁྲིད་པའི་རྒྱ་གར་གཞུང་དང་། རྒྱ་ནག་བར་གྱི་འབྲེལ་ལམ་འདི་སྔར་ལྷག་འཕེལ་རྒྱས་གཏོང་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡིས། “རྒྱ་གར་འཕེལ་རྒྱས་ཡོང་ཐབས་ལ་རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་བར་འཕྱར་གྲུ་མཉམ་འདེགས་བྱས་ཏེ། རྒྱལ་ཁབ་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ཡིན།” ཞེས་དང་། ད་དུང་ཁོས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་འཕེལ་རྒྱས་ལ་རྟོག་ཞིབ་བྱེད་བཞིན་ཡོད་སྟབས། རྒྱ་གར་དང་རྒྱ་ནག་མཉམ་ལས་བྱས་ཏེ་རྒྱལ་ཁབ་འཕེལ་རྒྱས་གཏོང་དགོས་སྐོར་དང་། དེ་བཞིན་རྒྱ་གར་དང་རྒྱ་ནག་ནི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པར་བརྟེན་གཉིས་ཕན་ མཉམ་ལས་བྱ་རྒྱུ་གལ་ཆེན་ཆགས་ཡོད་སྐོར་སོགས་བརྗོད་འདུག

རྒྱ་གར་ ( RSS) ཚོགས་པའི་མགོ་ཁྲིད་རམ་ (Ram Madhav) ལགས་ཀྱིས། “ སྐུ་ཞབས་ནཱ་རེན་ཌ་མུ་དྷེའི་གཞུང་གིས་རྒྱ་གར་གྱི་ཕྱི་སྲིད་ཐོག་དཀའ་ངལ་བཟོ་མཁན་གཙོ་བོ་རྒྱ་ནག་ཡིན་པ་ལས་པ་ཀི་སི་ཐན་མིན་པ་མ་བརྗེད་པའི་ཐོག་ནས་རྒྱལ་ཁབ་གཉིས་བར་གྲོས་མོལ་བྱེད་སྐབས་གཟབ་གཟབ་བྱེད་དགོས།”ཅེས་བརྗོད་འདུག

༢༠༠༢ ལོར་རྒྱ་གར་དང་རྒྱ་ནག་བར་ཨ་སྒོར་ཐེར་འབུམ་ ༤།༨།

༢༠༠༤ ལོར་ཨ་སྒོར་ཐེར་འབུམ་ ༡༣།༦།

༢༠༠༥ ལོར་ཨ་སྒོར་ཐེར་འབུམ་ ༡༨།༧།

༢༠༠༨ ལོར་ཨ་སྒོར་ཐེར་འབུམ་ ༢༠།༥༦།

༢༠༡༠ ལོར་ཨ་སྒོར་ཐེར་འབུམ་ ༣༠།༣༤།

༢༠༡༡ ལོར་ཨ་སྒོར་ཐེར་འབུམ་ ༣༦།༣།

༢༠༡༢ ལོར་ཨ་སྒོར་ཐེར་འབུམ་ ༤༠།༦༨

༢༠༡༣ ལོར་ཨ་སྒོར་ཐེར་འབུམ་ ༥༦།༩༢ བཅས་ཀྱི་ཚོང་འབྲེལ་བྱས་པའི་ཁྲོད་རྒྱ་གར་ལ་ཨ་སྒོར་ཐེར་འབུམ་ ༣༡ ལྷག་གིས་གྱོང་གུད་རག་བཞིན་ཡོད་འདུག

ད་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་རྒྱ་ནག་ནང་སྐོར་སྐྱོད་དང་འབྲེལ། ༡༩༥༤ ལོར་རྒྱ་གར་གྱི་སྲིད་བློན་ནེ་རུ་དང་རྒྱ་ནག་གི་སྲིད་བློན་ཀྲའུ་ཨིན་ལེ་གཉིས་བར། རྒྱ་དཀར་ནག་གཉིས་ཀྱི་སྐོར་ལ་གྲོས་མཐུན་དོན་ཚན་ལྔ་བཞག་སྟེ་ལོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཕྱོགས་དང་། ས་མཚམས་སྐོར་ལ་གྲོས་མོལ་གནང་ཡོད་ཅིང་། ཟླ་འདིའི་ཚེས་ ༢༦ ཉིན་སྐུ་ཞབས་ནཱ་རེན་ཌ་མུ་དྷེ་མཆོག་རྒྱ་གར་གྱི་སྲིད་བློན་ལ་བསྐོ་བཞག་གནང་བར། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གི་འཚམས་འདྲི་དང་འབྲེལ། རྒྱལ་ཁབ་གཉིས་བར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད།

ཆབ་སྲིད་དབྱེ་ཞིབ་པ་ཚོས། རྒྱ་དཀར་ནག་གཉིས་བར་ས་མཚམས་སོགས་ཚོང་དོན་གྲོས་མཐུན་ཁག་ཅིག་ལ་མིང་རྟགས་བཀོད་ཡོད་ཀྱང་རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཀྱི་དཀའ་རྙོག་དེ་མུ་མཐུད་གནས་རྒྱུ་ཡིན་སྐོར་བརྗོད་འདུག དེ་རིང་ཉིན་རྒྱབ་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡིས། རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན། རྒྱལ་སྲུང་སློབ་སྟོན་པ་བཅས་ཐུག་འཕྲད་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

ཆུ་ཚོད་ ༩ སྔོན་ལ།
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

མཆན། 6

  1. པདྨ་རྣམ་རྒྱལ། says:
    ལོ་ 12 སྔོན།

    རྒྱ་གར་གྱི་སྲིད་བློན་གསར་པ་ན་རན་ཊ་མོ་ཏི་མཆོག་ལ་དོགས་ཟོན་ཡག་པོ་བྱེད་དགོས། ཁོ་རང་སྔོན་མ་གྷོ་ཇི་ར་ཌེ་སྤྱི་ཁྱབ་བློན་ཆེན་ཡིན་པའི་སྐབས་ལ་རྒྱ་ནག་ནང་ཐེངས་བཞི་ལ་བསྐྱོད་མྱོང་ཡོད་པ་རེད། ཁོ་རང་གཞུང་འབྲེལ་ཐོག་རྒྱ་གར་གྱི་སྲིད་བློན་དུ་བསྡད་རྗེས་ཀྱི་ཕྱི་མིར་ཐུག་འཕྲད་ཨང་དང་པོ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ཐུག་འཕྲད་བྱས་སོང་། དེ་ནས་ཁོ་རང་ཕར་ཕྱི་སྐྱོད་གནང་ས་ཐོག་མ་དེ་འབྲུག་ཡུལ་འདེམས་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་སྤེལ་འདུག

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ཡུ་གུར་པ་དྲག་སྤྱོད་རེད་ཟེར་མཁན་རྒྱ་གཞུང་རང་ཉིད་མ་གཏོགས་ཡུ་གུར་པ་འཇིག་སྐུལ་དྲག་སྤྱོད་རེད་ཟེར་ནས་ཁ་རྡུང་གཏོང་མཁན་བྱུང་མ་སོང་

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༄༅།།རྒྱ་གཞུང་ལ་ཡག་སྡུག་གང་བྱས་རུང་ཚུལ་ང་ཚོ་སྡུག་པོ་མ་གཏོགས་བྱེད་མི་སྲིད་པ་དང་རྒྱལ་སྤྱི་ཐོག་ནས་ཀྱང་ཡུ་གུར་པ་ཚོའི་སྡུག་པོ་བྱས་པ་ལ་ལེན་ལ་སྡུག་པོ་ཕྲན་བུ་བྱས་ཐུབ་ཙང་ཡུ་གུར་ཨེ་ཧམ་དོ་ཏི་ཡི་བུ་མོ་སྐད་ཆ་ཤོདཔའི་གོ་སྤྲད་སོང།
    ིོ

    Reply
  4. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རྒྱ་གར་རྒྱ་མིའི་གཡོ་འོག་ཏུ་མ་ཚུདཔར་འབྱོས།

    Reply
  5. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༄༅།། གཞོན་ནུ་དང་སྡི་ལི་ཁུལ་གྱི་བོད་མི་ཚོར་ཐུགས་རྗེ་ཆེ་གནས་ཡུལ་རྒྱལ་ཁབ་ཀྱི་ཀག་འགོག་བྱས་མིན་ལ་མ་ལྟོས་པར་དགྲ་པོ་གདོང་ལ་བུད་པ་བཀའ་དྲིན་ཆེ་ང་ཚོ་སྡུག་གྱོད་གྲང་ཁ་མེད་ནའང་དགྲ་ལ་ཐལ་པ་སྤར་མོ་གང་གཏོང་རྒྱུ་དེ་ང་ཚོ་ཁེ་བཟང་རེད།

    Reply
  6. ལྷ་སྒྲོན། says:
    ལོ་ 12 སྔོན།

    རྒྱ་གར་གྱི་སྲིད་བློན་གསར་པའི་སྲིད་བྱུས་འདི་རེད། རྒྱ་ནག་གིས་ཀྱང་གོ་སྐབས་འཇུས་ཏེ་ལག་པ་རྐྱངས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese