མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་འབྱོར་བརྒྱུད་ལག་མེད་ན་སློབ་གཉེར་ཆོག་མཆན་ཡང་རག་དཀའ་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ནས་གསར་དུ་འབྱོར་བ་ཞིག་གིས་བརྗོད་པ་ལྟར་ན་རྒྱ་ནག་གཞུང་གིས་བོད་པའི་ས་ཁུལ་དུ་སྲིད་བྱུས་སྣ་ཚོགས་ཤིག་སྤེལ་ཏེ་འབྲོག་པའི་འཚོ་སྟངས་བསྒྱུར་ནས་ཁང་པ་རྒྱག་གི་ཡོད་པ་དང་ཞིང་པའི་ས་ཞིང་འཕྲོག་ནས་ཤིང་སྡོང་འཛུགས་བཞིན་ཡོད་སྐོར་ངོ་སྤྲོད་གནང་སོང་།

ཟླ་འགའི་སྔོན་ལ་དྷ་རམ་ས་ལའི་སྣེ་ལེན་ཁང་ལ་བོད་ནས་གསར་དུ་འབྱོར་བའི་བློ་བཟང་བསྟན་འཛིན་ལགས་སུ། གསར་འགོད་པས་ཁོང་གི་ཕ་ཡུལ་གྱི་གནས་སྟངས་དང་། ཁོང་ལ་རྒྱུས་མངའ་ཡོད་པའི་ཉིས་སྟོང་བརྒྱད་ཀྱི་གནས་ཚུལ་སོགས་ཀྱི་སྐོར་ལ་གླེང་མོལ་བྱས་སྐབས། ཁོང་གིས་དེ་སྔ་ས་བྱི་ཞི་རྒོལ་སྐབས་ཁོའི་ཕ་ཡུལ་རྔ་པ་ས་ཁུལ་གྱི་མཐོང་ཐོས་སྐོར་ཞིག་ཕྱིར་དྲན་གྱི་ཚུལ་དུ་ངོ་སྤྲོད་གནང་བར། ༢༠༠༨ ལོ་ནས་བཟུང་རྒྱ་གཞུང་གིས་རྔ་པ་ཁུལ་གྱི་དགོན་ཁག་ཡོངས་ལ་དམ་དྲག་བྱས་ཤིང་། ཀྲུང་དབྱང་དབུས་གཞུང་གི་བཀའ་ཡིན་ཚུལ་བརྗོད་དེ། རང་ལོ་ཧྲིལ་བོ་ ༡༨ མ་ཟིན་པ་དག་སློབ་གྲྭར་འགྲོ་དགོས་པ་དང་། གྲྭ་པ་མ་བྱས་སྔོན་ལ་སྤྱི་ཚོགས་རིག་གནས་ཡག་པོ་ཤེས་དགོས་པ། རང་ལོ་ ༡༨ ལོན་རྗེས་གྲྭ་པ་བྱེད་པར་ཡང་རང་མོས་རང་འདོད་ཡིན་པ་ལས། ཕ་མ་གཉེན་འབྲེལ་སུས་ཀྱང་བཙན་བཀའ་བཏང་མི་ཆོག་ཅིང་། གྲྭ་པ་དང་ཆོས་ཕྱོགས་ཀྱི་སློབ་གསོ་ཡང་བརྒྱབ་མི་ཆོག་པ། དགོན་པ་ཁག་ནང་གྲྭ་བའི་ཐོབ་ཐང་ལག་འཁྱེར་མེད་པར་སྡོད་མི་ཆོག་པ་དང་། ས་གནས་མང་ཚོགས་ཀྱང་དོན་དག་མེད་པར་གང་བྱུང་དགོན་ནང་ཡོང་བ་དང་གྲྭ་པར་འབྲེལ་གཏུག་བྱེད་མི་ཆོག་པ་སོགས་བཟོས་ཡོད་འདུག ལྷ་སྡེའི་དགོན་གོང་མ་ཟེར་བར་ད་ཆ་གྲྭ་པ་ ༡༥༠ ལྷག་ཡོད་པའི་ཁྲོད་ལག་ཁྱེར་ཡོད་མཁན་ ༥༠ ཙམ་ལས་མེད་པ་དང་། སྲིད་བྱུས་དེ་དག་ཐད་དུས་ཚོད་ངེས་མེད་དུ་སྲིད་གཞུང་གི་ལས་བྱེད་ཡོང་སྟེ་རྟོག་ཞིབ་བྱེད་ཀྱིན་ཡོད་འདུག

རང་ལུས་མེར་བསྲེཊ་གནས་ཚུལ་བྱུང་རྗེས་དགོན་པ་ཁག་ནང་དམ་དྲག་ཆེན་པོ་བྱས་ཏེ། གྲྭ་པ་ཚོ་དགོན་པ་ཕན་ཚུན་བར་དཔེ་ཁྲིད་དུའང་འགྲོ་མི་ཆོག་པ་དང་། སློབ་གཉེར་བ་མང་པོ་ཞིག་རྫ་སེར་ཤུལ་དགོན་པ་དང་ཁམས་ཕྱོགས་ཀྱི་ལབ་དགོན་པ། ཟིལ་དཀར་དགོན་པ་བཅས་སུ་འགྲོ་བཞིན་ཡོད་ཀྱང་། རྗེས་སུ་ཟིལ་དཀར་དགོན་པའི་ཉེ་འགྲམ་དུ་རྔ་པའི་གཞོན་སྐྱེས་ཤིག་དང་། ཟིལ་དཀར་དགོན་པའི་གྲྭ་པ་ཞིག་གིས་རང་ལུས་མེར་བསྲེཊ་བཏང་རྗེས། ཟིན་དཀར་དགོན་པར་ཡང་ཕྱོགས་ཕེབས་སློབ་གཉེར་བ་བཀག་སྡོམ་བྱས་ཡོད་པ་དང་། གལ་སྲིད་དགོན་པ་དེར་ཞུགས་འདོད་ཡོད་ན་སོ་སོ་ཡོང་ཁུངས་དགོན་པ་དང་ས་གནས་སྲིད་གཞུང་གི་ཆོག་མཆན་ཡི་གེ་དགོས་ཤིང་། དེར་བརྒྱུད་ལག་རྒྱབ་རྩ་དང་ལྐོག་རྔན་སོགས་ཀྱི་ཆ་རྐྱེན་མེད་མཁན་ཚོར་སློབ་གཉེར་གྱི་གོ་སྐབས་ཡང་མེད་པ་ཆགས་ཡོད་འདུག

༢༠༠༨ ལོ་ནས་ ༢༠༡༠ ལོའི་བར། རྒྱ་ནག་གཞུང་གིས་རྔ་པ་རྫོང་དུ་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ། མི་མང་གི་འགྲོ་སྐྱོད་བཀག་སྡོམ་དང་། དམིཊ་བསལ་གྲྭ་པ་ཚོའི་འགུལ་སྐྱོད་ལ་དམ་དྲག་ཆེན་པོ་བྱས་ཡོད་ཀྱང་། ༢༠༡༠ ལོའི་རྗེས་ལ་གློ་བུར་དུ་དམག་མི་ཉུང་དུ་ཕྱིན་ཡོད་པ་དང་། མང་ཚོགས་ཀྱི་བཤད་ཚུལ་ཞིག་ལ་དེ་ནི་ཀྲུང་དབྱང་སྲིད་གཞུང་གིས་ས་གནས་ལ་བཀའ་བཏང་སྟེ། དམག་མི་མང་པོ་འགྲེམས་འཇོག་བྱས་ཚེ་ས་གནས་མི་མང་ལ་འཇིགས་སྣང་སྐྱེས་ཏེ་གནས་ཚུལ་སྣ་ཚོགས་འབྱུང་གི་ཡོད་པ་དང་། ལྷག་པར་དུ་མང་ཚོགས་སྲིད་གཞུང་གི་སྟེང་ལ་སྡང་སེམས་ཇེ་ཆེར་འགྲོ་སྲིད་པ་སོགས་བཀོད་ཡོད་སྟབས། ས་གནས་སྲིད་གཞུང་གིས་ཐབས་ལམ་གཞན་བཙལ་ཏེ། རང་ལུས་མེར་བསྲེཊ་སོགས་གནས་ཚུལ་ཛ་དྲག་རིགས་བྱུང་སྐབས་མ་གཏོགས་མཚོན་ཆ་ཐོགས་པའི་དྲག་ཆས་དམག་མི་རྣམས་ཕྱིར་མི་མངོན་པར་ལྐོག་ཏུ་ཡིབ་བཅུག་ཅིང་། ཉེན་རྟོག་པ་མང་པོར་མི་སེར་དཀྱུས་མའི་ལྭ་བ་གྱོན་བཅུག་སྟེ་མང་ཚོགས་ནང་བཀྲམས་ཡོད་པ་དང་། རྒྱ་མི་དང་ས་གནས་བོད་མི་རེ་ཟུང་དངུལ་གྱིས་བསླུ་འགུག་བྱས་ཏེ་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་དང་། དོགས་གཞི་ཅན་རིགས་ལ་རྗེས་འདེད། གལ་སྲིད་གནས་ཚུལ་བྱུང་ཚེ་ཁ་ཐུག་ལ་འཛིན་བཟུང་བྱེད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གིས་ཞིང་ས་ཤིང་ནགས་སུ་བསྒྱུར་བའི་སྐོར་ཞིག་ངོ་སྤྲོད་གནང་དོན། “ རྒྱ་ནག་གཞུང་གིས་ལོ་དྲུག་བདུན་གོང་ནས། ཞིང་ལས་ས་ཁུལ་ཁག་ཏུ་སྲིད་བྱུས་གསར་པ་ཞིག་ལག་བསྟར་བྱས་སོང་། དེ་ག་རེད་ཟེར་ན། ཞིང་པ་ཚང་མའི་ས་ཞིང་ཐོག་རྩྭ་དང་ཤིང་ནགས་འདེབས་དགོས་པ་དང་། སྲིད་གཞུང་གིས་ཞིང་པའི་ཁྱིམ་ཚང་དག་ལ། སྔོན་ཆད་ཀྱི་ཞིང་ལས་ཡོང་འབབ་ལས་ལྷག་གི་དངུལ་དང་གྲོ་བྱེ་སོགས་སྟེར་རྒྱུ་ཡིན་ཚུལ་བརྗོད་ཡོད་སྟབས། ཁྱིམ་ཚང་མང་པོ་ཞིག་གིས་སོ་སོའི་ས་ཞིང་ཐོག་རྩྭ་བཏབ་པ་དང་། ཁ་ཤས་ཀྱིས་ཤིང་སྡོང་འདེབས་འཛུགས་བྱས་པ་རེད། ཐོག་མའི་ལོ་གཅིག་གཉིས་རིང་གཞུང་གིས་དངུལ་དང་ཟ་འབྲུ་སོགས་སྤྲད་ཡོད་ཀྱང་། རིམ་པས་དངུལ་སྤྲོད་མཚམས་བཞག་ཡོད་པ་མ་ཟད། ས་ཞིང་དེ་དག་སྟེང་ཁང་པ་བརྒྱབ་པ་དང་རྒྱ་མི་མང་པོ་སྡོད་བཅུག་སྟེ་ས་ཆ་བདག་བཟུང་བྱས་སོང་། ས་ཞིང་ཁག་ཅིག་སྟེང་རྩྭ་དང་ཤིང་སྡོང་སྐྱེས་ཏེ་འཕྲོ་བརླག་ཆཊ་ཚར་འདུག” ཅེས་བརྗོད་བྱུང་།

གཞུང་གིས་མང་ཚོགས་ལ་ཁང་པ་གསར་རྒྱག་བྱས་པའི་སྐོར་ལ། “ ཡང་ས་ཆ་ལ་ལར་མང་ཚོགས་ལ་ཁང་པ་གསར་རྒྱག་བྱེད་རྒྱུ་ཡིན་སྐོར་བརྗོད་དེ་དངུལ་མང་པོ་བསྡུས་སོང་། རྗེས་སུ་ཁང་པ་བཟོས་ཚར་ཏེ་ ༢༠༡༢ ལོའི་ཟླ་ ༣ པའི་མང་ཚོགས་ཁང་པའི་ནང་སྤོ་སྐབས། ཁང་པ་ཡོངས་རྫོགས་ཆུང་དྲགས་པ་དང་ཁང་པ་ལ་ལའི་ནང་མི་མ་བསྡད་སྔོན་ནས་འཕྲོ་བརླག་ཏུ་ཕྱིན་ཚར་འདུག དེར་བརྟེན། མི་མང་པོ་ཞིག་གིས་ང་ཚོ་འདུག་རྒྱུ་མིན་ཟེར་ནས་ལྡེ་མིག་ཕྱིར་གཞུང་ལ་སྤྲད་རྗེས། རྔ་པ་རྫོང་གི་དམག་མི་དང་ཉེན་རྟོག་པ་བཏང་སྟེ་མི་མང་ལ་ཉེས་རྡུང་བཏང་ཡོད་པ་མ་ཟད། སྐོར་ཞིག་འཇུ་བཟུང་བྱས་ཏེ་ཟླ་ ༩ ཙམ་ལ་བཀག་ཉར་བྱས་སོང་། དེའི་རྗེས་མང་ཚོགས་ལ་ཚོགས་འདུ་བསྐོངས་ཏེ། ཁང་པ་གསར་པའི་ནང་མ་སྤོ་བ་ཡིན་ན་སྲིད་གཞུང་ལ་ངོ་ལོག་བྱས་པའི་ནག་ཉེས་འོག་བཙོན་འཇུག་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་ལབ་སྟེ་མི་མང་ཨ་ཆད་ཨུ་ཐུག་ཆགས་པ་རེད” ཅེས་བརྗོད་བྱུང་།

ངེད་གཉིས་གླེང་མོལ་གྱི་མཇུག་ཏུ་ཁོང་ལ་མ་འོངས་བོད་ཀྱི་བདེན་མཐའ་སེལ་བར་རེ་བ་གང་འདྲ་མཐོང་གི་ཡོད་མེད་དྲིས་པར། “ འཛམ་གླིང་གི་དབུ་ཁྲིད་ཁྲོད་ནས་སྐད་གྲགས་ཆེ་ཤོས་༧རྒྱལ་བ་རིན་པོ་ཆེ་རེད། དེའི་ཕྱོགས་ནས་རེ་བ་རྒྱག་ས་ཞིག་འདུག དེ་མིན་བོད་ནང་ལ་མཚོན་ན་ད་ལྟའི་ཆར་རྒྱ་རིགས་དང་རྒྱ་མིའི་དམག་མི་སོགས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག མཚོ་སྔོན་སོགས་ས་ཕྱོགས་མང་པོར་བོད་ཡིག་སློབ་སྦྱོང་ཐོག་བཀག་འགོག་བྱས་འདུག ས་ཆ་མང་པོར་བོད་ཀྱི་ཆོས་དང་རིག་གཞུང་གི་ལས་དོན་མང་པོ་ཞིག་བསྒྲུབ་ཐུབ་ཀྱི་མི་འདུག ད་དུང་གནས་སྟངས་གང་མང་གི་དབང་གིས་བོད་མིའི་ཡུལ་གོམས་གཤིས་ལུགས་མང་པོ་ཞིག་རྒྱ་མའི་ཕྱོགས་སུ་འགྱུར་གྱིན་པ་བཅས་གནས་སྟངས་མང་པོ་ཞིག་འོག་ནས་རེ་བ་མཐོང་གི་མི་འདུག བོད་ནང་གི་བོད་མི་མང་ཆེ་བས་༧རྒྱལ་བ་རིན་པོ་ཆེ་བཀའ་དྲིན་ལ་བརྟེན་ནས་བོད་ལ་སྐྱིད་པའི་ཉི་མ་ཞིག་ཤར་རྒྱུ་དང་། ཁོང་གི་ཞལ་མཇལ་རྒྱུ་དང་གསུང་ཐོས་རྒྱུ་ཁོ་ནར་རེ་བ་བརྒྱབ་བསྡད་འདུག” ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༄༅།།དེ་ནི་བོད་ཀྱི་མི་རིགས་རྩ་མེད་གཏོང་ཆེད་རྒྱ་དམར་གཞུང གི་ངན་བྱུས་རྟིང་གཟབ་སྡུག་ཤོས་རེད་ཟས་རིགས་ཐོན་ཁུངས་ནི་ཞིང་འབྲོག་གཉིས་ལས་འཛམ་གླིང་མེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese