མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲག་སྦྱིན་གཏོང་བ་དེ་གཟི་བརྗིད་ཅིག་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་རྒྱལ་སྤྱིའི་ཁྲག་སྦྱིན་གྱི་ཉིན་མོ་སྲུང་གཙི་བྱས་པའི་མཛད་སྒོ་ཐོག བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ཁྲག་སྦྱིན་གཏོང་བ་དེ་བོད་ཀྱི་ལོ་རྒྱུས་ནང་གལ་ཆེན་པོ་ཆགས་སྐོར་བརྗོད་སོང་།

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱལ་སྤྱིའི་ཁྲག་སྦྱིན་ཉིན་མོ་ཡིན་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་ལ། དྷ་ས་བོད་ཀྱི་བདེ་རྩ་ཚོགས་པའི་གོ་སྒྲིག་འོག རྒྱལ་སྤྱིའི་ཁྲག་སྦྱིན་ཉིན་མོ་སྲུང་གཙི་དང་འབྲེལ་བའི་མཛད་སྒོ་ཞིག་ཚོགས་སོང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས་དང་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། ཛོ་ནཱལ་སྨན་ཁང་ཁྲག་མཛོད་སྡེ་ཚན་གྱི་སྨན་པ་ (Anju Puri )ལགས་དང་། ཊན་ཌཱ་སྨན་ཁང་ཁྲག་མཛོད་ཀྱི་སྨན་པ་ (Bal Chandra)། དེ་བཞིན། བོད་ཀྱི་བདེ་རྩ་ཚོགས་པའི་འགན་འཛིན་དང་ལས་བྱེད། སློབ་ཕྲུག་བཅས་འདུ་འཛོམས་གནང་འདུག

མཛད་སྒོའི་ཐོག་སྐུ་མགྲོན་སྨན་པ་རྣམ་པས་ཁྲག་སྦྱིན་གཏོང་མཁན་ཚོས་ཚད་ལྡན་སྨན་ཁང་གིས་དཔྱད་བརྟག་བྱས་པ་བརྒྱུད་དེ་ཁྲག་སྦྱིན་བཏང་བ་ཡིན་ན། རང་གཞན་གཉིས་ཀྱི་ལུས་སེམས་ཀྱི་འཕྲོད་བསྟེན་ལ་ཕན་པ་མང་བ་མ་ཟད། མི་ཞིག་གི་ཚེ་སྲོག་བསྐྱབས་པ་ཡིན་སྟབས་ཆོས་ཕྱོགས་ནས་བཤད་ནའང་དགེ་བའི་ལས་ཆེན་པོ་ཞིག་ཡིན་སྐོར་སོགས་གཏམ་བཤད་གནང་སོང་བ་དང་། གཞན་ཡང་། སྐབས་དེར་ཁྲག་སྦྱིན་རུ་ཁག་ཆེད་འཛུགས་བྱས་ནས་འདས་པའི་ལོ་ངོ་ ༣ ལྷག་གི་ནང་ཁྲག་སྦྱིན་ཐེངས་མང་གནང་མཁན་སྒྲོལ་མ་སྐྱབས་དང་། ཁྲག་སྦྱིན་གྱིས་དྲག་སྐྱེད་བྱུང་བའི་ཨ་ཅག་ཧ་ལོའི་མེ་ཏོག་གཉིས་ཀྱིས་རང་ཉིད་ཀྱི་ཉམས་མྱོང་དང་ཕན་ཐོགས་སོགས་ངོ་སྤྲོད་གནང་སོང་།

སྐབས་དེར་བོད་ཀྱི་བདེ་རྩ་ཚོགས་པའི་འགན་འཛིན་ཚེ་རིང་དོན་འགྲུབ་ལགས་ཀྱིས་བརྗོད་དོན། “སྤྱིར་བཏང་སྨན་ཁང་ཆེ་ཁག་ཏུ་ཁྲག་མཛོད་(Blood Bank)ཟེར་ནས་ཁྲག་ལེན་ཆོག་ཆོག་དེ་འདྲ་ཡོད་པ་རེད། ཡིན་ནའང་། འཛམ་གླིང་ཐོག་ནས་ཁྲག་ཉེན་ཁ་ཆུང་ཤོས་དང་ཁེ་ཕན་ཆེ་ཤོས་དེ་དང་བླངས་ཀྱིས་སྦྱིན་པའི་ཁྲག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེང་སང་དཔལ་འབྱོར་གྱི་དཀའ་ངལ་ཡོད་མཁན་ཁ་ཤས་ཀྱིས་དངུལ་ཁོ་ནའི་ཆེད་དུ་ཁྲག་བཙོང་གི་ཡོད་པ་དང་། ཁྲག་ཉོ་མཁན་གྱིས་ཀྱང་དངུལ་ཁོ་ནར་བསམ་བློ་བཏང་ནས་ཁྲག་ཉོ་བཞིན་ཡོད་སྟབས། ཁྲག་དེ་ཚོ་ནད་པར་སྤྲད་ན་འོས་དང་མི་འོས་ཐེ་ཚོམ་ཞིག་ཆགས་བསྡད་ཡོད་པ་རེད། དེའི་ཕྱིར་ང་ཚོ་བོད་ཀྱི་ཁྲག་སྦྱིན་རུ་ཁག་གིས་དང་བླངས་ཀྱི་ཐོག་ནས་སྦྱིན་པའི་ཁྲག་དེ་ཉེན་ཁ་ཆུང་ཤོས་ཆགས་ཀྱི་ཡོད་པ་རེད། ”ཅེས་བརྗོད་སོང་།

འཕྲོད་བསྟེན་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ཁྲག་སྦྱིན་རུ་ཁག་གསར་འཛུགས་ཀྱིས་མི་མང་པོར་ཕན་ཐོགས་བཞིན་པ་དེ་ལོ་རྒྱུས་ནང་གལ་ཆེན་ཆགས་ཡོད་སྐོར་ལ། བོད་ཀྱི་ཁྲག་སྦྱིན་རུ་ཁག་ལ་ཚོགས་མི་ ༡༨༠ ལྷག་ཡོད་པ་ཙམ་མིན་པར་མི་གྲངས་ ༡༤༠ ལྷག་གིས་དངོས་སུ་ཁྲག་སྦྱིན་བཏང་ཚར་བ་དེ། བོད་ཀྱི་ལོ་རྒྱུས་ནང་བལྟས་ན་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། ཟུང་ཁྲག་ག་ཚོད་ཀྱིས་དགོས་གལ་ཆེན་པོ་དང་རྩ་ཆེན་པོ་ཡིན་པ་ཚང་མས་ཤེས་ཀྱི་ཡོད་སྟབས། ཚོགས་མི་ཚོ་དང་བླངས་ཀྱིས་ཁྲག་སྦྱིན་རུ་ཁག་ནང་འཛུལ་ཞུགས་བྱས་ཏེ་བོད་པའི་སྤྱི་ཚོགས་ནང་ཁྲག་སྦྱིན་གཏོང་བཞིན་དེ་གཟི་བརྗིད་ཅིག་ཡིན་པས། བོད་ཀྱི་བདེ་རྩ་ཚོགས་པར་བསྔགས་བརྗོད་དང་སྦྲགས་བྱ་བ་བཟང་པོ་དེ་ཚོ་ཁུངས་འཁྱོལ་དགོས་པ་གལ་གནད་ཆེན་པོ་ཡིན་སྐོར་བརྗོད་སོང་།

བོད་ཀྱི་ཁྲག་སྦྱིན་རུ་ཁག་ཕྱི་ལོ་ ༢༠༡༢ ལོར་གསར་དུ་བཙུགས་ཡོད་པ་དང་། ད་ལྟའི་ཆར་ཚོགས་མི་ ༢༨༠ ལྷག་ཡོད་པའི་ནང་ནས་མི་ ༡༤༠ ལྷག་གིས་ཁྲག་སྦྱིན་བཏང་ཚར་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

ཆུ་ཚོད་ ༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ གཞན་ཡང་། སྐབས་དེར་ཁྲག་སྦྱིན་རུ་ཁག་ཆེད་འཛུགས་བྱས་ནས་འདས་པའི་ལོ་ངོ་ ༣ ལྷག་གི་ནང་ཁྲག་སྦྱིན་ཐེངས་མང་གནང་མཁན་སྒྲོལ་མ་སྐྱབས་དང་། ཁྲག་སྦྱིན་གྱིས་དྲག་སྐྱེད་བྱུང་བའི་ཨ་ཅག་ཧ་ལོའི་མེ་ཏོག་གཉིས་ཀྱིས་རང་ཉིད་ཀྱི་ཉམས་མྱོང་དང་ཕན་ཐོགས་སོགས་ངོ་སྤྲོད་གནང་སོང་། ་་་་་་

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༈།།ང་ལ་དངུལ་སྦྱིན་ལས་ཤ་ཁྲག་སློང་ཕོད་ས་མ་རེད་ང་ལ་དངུལ་སྦྱིན་མང་ཙམ་གནང་རོགས་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese