མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལི་ཁེ་ཆིང་གི་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༤/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་གིས་དབྱིན་ཡུལ་དུ་གཞུང་འབྲེལ་སྐོར་སྐྱོད་བྱེད་བཞིན་ཡོད་པ་དང་། ད་རེས་དབྱིན་རྒྱ་བར་ཨ་སྒོར་དུང་ཕྱུར་ ༣༠༠ ལྷག་གི་ཚོང་ལས་མཉམ་འབྲེལ་གྱི་གྲོས་ཆོད་འཇོག་འཆར་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༦ ཉིན། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་གི་གཙོས་རྒྱ་ནག་ཕྱི་འབྲེལ་དང་ནོར་སྲིད། ཚོང་དོན་ལྷན་ཁང་སོགས་ཀྱི་མཐོ་རིམ་དཔོན་རིགས་དང་། ཁེ་ལས་མི་སྣ་ ༢༠༠ ལྷག་བཅས་དབྱིན་ཡུལ་དུ་འབྱོར་ཏེ།  ཉིན་གྲངས་ ༣ རིང་དབྱིན་ཇིའི་རྒྱལ་མོ་དང་སྲིད་བློན་རྣམ་གཉིས་ཀྱི་གཙོས་གནད་ཡོད་མི་སྣ་ཁག་ཅིག་ལ་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་། ཐེངས་འདིའི་གཞུང་འབྲེལ་སྐོར་སྐྱོད་ཁྲོད་རྒྱལ་ཁབ་གཉིས་བར་ཚོང་ལས་དང་ཚན་རིག་ལག་རྩལ། རིག་གནས་སློབ་གསོ། ཐོན་ཁུངས་འབྲེལ་བ། དེ་བཞིན་མ་དངུལ་གཏོང་འཇོག་སོགས་དང་འབྲེལ་བའི་གྲོས་གཞི་ཁག་ ༤༠ ལྷག་གི་ཐོག་གྲོས་མོལ་བྱས་ཏེ། ཁྱོན་ཨ་སྒོར་དུང་ཕྱུར་ ༣༠༠ བརྒལ་བའི་མཉམ་ལས་འབྲེལ་བ་འཛུགས་འཆར་ཡོད་འདུག

དེ་རིང་ཕྱི་ཚེས་ ༡༧ ཉིན་དབྱིན་ཇིའི་སྲིད་བློན་ལས་ཁུངས་ཀྱི་མདུན་དུ། ལོན་ཌོན་ནང་ཡོད་པའི་བོད་ཀྱི་རང་དབང་ལས་འགུལ་ཁང་གིས་ལི་ཁེ་ཆིང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་དབྱིན་ཇིའི་རྒྱལ་མོ་མཆོག་གི་མཚན་ཐོག་ཏུ་སྙན་ཞུ་ཞིག་ཕུལ་ཏེ། རྒྱ་གཞུང་གིས་བོད་ནང་དུ་ཆོས་དད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཏུ་གཏོང་བཞིན་ཡོད་སྟབས། རྒྱལ་མོ་མཆོག་གིས་ལི་ཁེ་ཆིང་ལ་མཇལ་འཕྲད་གནང་འཆར་ཡོད་ཚེ་རྩིས་མེད་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོར་དབྱིན་ཇིའི་སྲིད་བློན་ཌཱ་ཝེ་ཌི་ཁཱ་མེ་རོན་(David Cameron) མཆོག་གིས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུས་རྗེས། རྒྱ་ནག་གིས་དབྱིན་གཞུང་ལ་སྐྱོན་བརྗོད་དང་རྒྱལ་ཁབ་གཉིས་བར་མཁྲེགས་པོའི་སྲིད་བྱུས་བཟུང་ཡོད་པ་ལྟར། དབྱིན་ཇིའི་གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་ཕྱོགས་ནས་ད་རེས་ཀྱི་སྐོར་སྐྱོད་སྐབས་དབྱིན་ཇིའི་རྒྱལ་མོ་དང་མཇལ་འཕྲད་བྱེད་པའི་ལས་རིམ་གོ་སྒྲིག་མ་བྱས་ཚེ། སྲིད་བློན་གྱི་གཞུང་འབྲེལ་སྐོར་སྐྱོད་རྩིས་མེད་གཏོང་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་པ་མ་ཟད། ཐ་ན་དབྱིན་ཇིའི་སྲིད་བློན་མཆོག་གིས་ལི་ཁེ་ཆིང་ལ་ཐུག་འཕྲད་གནང་སྐབས། སྲིད་བློན་མཆོག་གི་ལྕམ་མོ་སཱ་མན་ཊཱ་ཁཱ་མེ་རོན་(Samantha Cameron)ལགས་ཀྱིས་ལྭ་བ་ག་རེ་གྱོན་རྒྱུ་ཡིན་མིན་སོགས་དྲིས་ནས་དབྱིན་གཞུང་ལ་སུན་པོ་བཟོས་ཡོད་པ་དང་། དེ་བཞིན། འདི་ལོའི་ཕྱི་ཟླ་ ༢ པའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་དབྱིན་ཡུལ་དུ་སྐོར་སྐྱོད་བྱེད་སྐབས། ཇེའུ་མི་རིགས་སྡེབ་གསོད་རྗེས་དྲན་ཁང་དུ་ལྟ་སྐོར་གྱི་ལས་རིམ་གོ་སྒྲིག་དགོས་པའི་ནན་སྐུལ་བྱས་ཡོད་ཀྱང་། དབྱིན་གཞུང་གིས་དང་ལེན་བྱས་མེད་སྟབས། ཆབ་སྲིད་དབྱེ་ཞིབ་པ་ཚོས། སྤྱིར་བཏང་དབྱིན་རྒྱ་བར་དཔལ་འབྱོར་དང་ཆབ་སྲིད་གང་ཐད་ནས་མཉམ་ལས་འབྲེལ་བ་ཆེན་པོ་ཡོད་ཀྱང་། གནད་དོན་དེའི་ཐོག་ནས་དབྱིན་རྒྱ་བར་གྱི་དོ་མཉམ་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་གསལ་བོ་མངོན་ཡོད་ལུགས་སོགས་བརྗོད་ཀྱིན་འདུག

སྲིད་བློན་ལེ་ཁེ་ཆིང་གིས་དབྱིན་ལན་དུ་སྐོར་སྐྱོད་བྱས་རྗེས། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྷི་རས་སིར་ཕྱིན་ཏེ་རྒྱལ་ཁབ་དེའི་སྲིད་འཛིན་དང་སྲིད་བློན། གྲོས་ཚོགས་ཚོགས་གཙོ་སོགས་ལ་ཐུག་འཕྲད་བྱ་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

འཇང་སྒང་དགོན་གྱི་ཕྱིའི་བཀོད་པ། པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་བླངས།
Mobile App

རྒྱ་ནག་གཞུང་གིས་བོད་བྲག་མགོ་རྫོང་ནས་མཆོད་རྟེན་དང་གུ་རུའི་སྐུ་བརྙན་བཙན་གྱིས་གཏོར་ཡོད་འདུག

ཆུ་ཚོད་ ༡༣ སྔོན་ལ།
ཉེ་ལམ་ནག་ཉེས་ཕོག་པའི་བོད་རང་སྐྱོང་ལྗོངངས་ཟེར་བའི་མཐོ་རིམ་མགོ་འཁྲིད་ཁག་ཅིག པར་དུས་བབ་ཀྱིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་ཆེ་དགྲ་ལྷར་ནག་ཉེས་ཚབས་ཆེན་བཙུགས།  

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་གླེང་སློང་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
བོད་པ་ཚོས་རིག་གཞུང་གི་དོན་སྙིང་ལྡན་པར་འདོད་པའི་རེས་གཟའ་ལྷག་པར་འཁྲབ་པའི་ལྷག་དཀར་སྒོར་གཞས། རྒྱ་གར་རྡ་རམ་ས་ལར་༧རྒྱལ་བའི་ཕོ་བྲང་གི་ཉེ་འཁྲིས་སུ་བདུན་སྔོན་མར་བླངས་བའི་པར།
Mobile App

བོད་ཀྱི་སྐྱབས་བཅོལ་མི་རིགས་འཚོ་གནས་བྱེད་སའི་རི་ངོགས་ཆུང་ཆུང་གི་མང་གཙོ།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་མཚོ་སྔོན་ཚེ་རིང་ལགས་ཀློད་གྲོལ་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

༸རྒྱལ་བའི་གོ་སྟོན་དང་། ཞི་ཅིན་ཕིང་གིས་རྒྱ་གཞུང་པཎ་ཆེན་གྱི་མཇལ་ཞུ་དང་ལེན།

༢༠༢༥/༠༧/༢༡

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    ༄༅།། ང་ཚོ་ནི་རྒྱ་དམར་གཞུང་གི་སྤྲང་པོ་བཟོས་པའི་མི་ཡིན་སྟབས་སྲིད་སྐྱོང་མཆོག་ག་པར་སྐོར་སྐྱོད་བྱས་རུང་ཐེ་བོ་སྟེན་རྒྱུ་མ་གཏོགས་ཁ་སྟོང་ལག་སྟོང་རེད།་ བོད་ཡུལ་ནི་བརྩོན་ཁང་བཟོས་ཚར་བོདནང་གི་བོད་རིགས་ལས་བྱེད་ཚོ་ནི་གཅན་ཟན་གླིང་ནང་གི་གཅན་ཟན་ནང་ལྟར་གླིང་ཁ་དེའི་ནང་ཕར་འགྲོ་ཚུར་འགྲོ་བྱེད་རྒྱུ་ལས་གཞན་འགུལ་སྐྱོད་བྱེད་ས་ཡོད་མ་རེད་དོ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese