མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲུག་བཞི་གསང་ནས་ལྔ་བཞི་བསྒྲཊ།

བོད་ཀྱི་དུས་བབ།
༢༠༡༤/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༢༩ སྟེང་གི་རྩོམ་སྒྲིག་པའི་གཏམ།

རྒྱ་ནག་ལ་ཨང་རྟགས་ཅན་གྱི་དུས་ཚིགས་མང་པོ་ཞིག་བརྩི་སྲོལ་ཡོད། དྲུག་བཞི་དང་ང་བཞིའི་དོན་རྐྱེན། གསུམ་རྒོལ་དང་ལྔ་རྒོལ་ལས་འགུལ། བདུན་ལྔ་དང་གསུམ་གཅིག་བཞིའི་རྡུང་གཅོག་འཕྲོག་བསྲེག་སོགས་ཀྱི་མིང་གིས་བཏགས་ཏེ། ཁག་ཅིག་གསང་བ་བྱེད་པ་དང་ཁག་ཅིག་ཁྱབ་བསྒྲགས་བྱེད་པ། ཁག་ཅིག་གསང་བསྒྲགས་གཉིས་དང་བྲལ་བའི་ཏིང་སྙོམས་ལ་གནས་ཐབས་བྱེད་བཞིན་ཡོད།

       ལྔ་བཞིའི་ལས་འགུལ་ཟེར་བ་དེ་སྲིད་གཞུང་གི་སྐུལ་སློང་འོག་སློབ་མ་དང་བཟོ་ཚོང་མང་ཚོགས་ཀྱིས་ ༡༩༡༩ ཟླ་ ༥ ཚེས་ ༤ ཉིན་པེ་ཅིན་དུ་ཕྱིའི་རྒྱལ་ཁབ་ཀྱི་བཙན་འཛུལ་དང་ཤུགས་རྐྱེན་འགོག་རྒོལ་བྱས་པའི་ལས་འགུལ་ཞིག་ཡིན། འདི་ལ་རྒྱ་ནག་གཞུང་གིས་བསྟོད་བསྔགས་བྱེད་པ་མ་ཟད། གཞུང་འབྲེལ་ཐོག་ཉིན་མོ་འདིར་རྒྱལ་གཅེས་ལས་འགུལ་གྱི་ཉིན་མོར་གཏན་འབེབས་ཀྱིས་ད་ལྟའང་སྲུང་གཙི་དང་དྲིལ་བསྒྲགས་བྱེད་ཀྱིན་ཡོད། 

       དྲུག་བཞིའི་དོན་རྐྱེན་ཟེར་བ་འདི་རྒྱ་ནག་གི་མཐོ་རིམ་སློབ་མ་གཙོས་པའི་བཟོ་བ་དང་མི་མང་དཀྱུས་མས་རང་འགུལ་ཐོག་ ༡༩༨༩ ཟླ་ ༦ ཚེས་ ༤ ཉིན་པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་རང་དབང་དང་དམངས་གཙོའི་རེ་འདུན་འོག་ཚེ་སྲོག་གི་རྔམ་སྟོན་བྱས་པའི་ལས་འགུལ་ཞིག་རེད། འདི་ལ་རྒྱ་ནག་གཞུང་གིས་ད་དུང་དཀར་འདོན་བྱས་མེད་པ་མ་ཟད་དྲག་ཟིང་གི་མིང་འདོགས་བྱས་ཏེ་སྦ་གསང་དང་ནག་གསུབ་གཏོང་ཐབས་བྱེད་ཀྱིན་ཡོད། 

       ༢༠༠༨ ལོའི་བོད་ནང་གི་གསུམ་གཅིག་བཞིའི་དོན་རྐྱེན་དང་། ༢༠༠༩ ལོའི་ཡུ་གུར་གྱི་བདུན་ལྔའི་དོན་རྐྱེན་སོགས་གང་ཡང་མ་བྱུང་ཅི་ཡང་མ་བྱས་པའི་ཚུལ་གྱིས་ཏིང་སྙོམས་སུ་འཇོག་ཐབས་དང་། རྒྱལ་སྤྱིའི་ཐོག་ནས་རྩ་ཡལ་དུ་འགྲོ་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གི་བསམ་ཡུལ་ལས་འདས་པ་ཞིག་ལ་དོན་རྐྱེན་འདི་དག་རྒྱལ་སྤྱིའི་གནད་དོན་དུ་གྱུར་ཏེ་རྒྱ་ནག་ནང་ཁུལ་དང་ཕྱི་ལོགས་གང་ས་ན་འབར་བཞིན་ཡོད།

      ད་ལོའི་ཕྱི་ཟླ་དྲུག་པའི་ཚེས་བཞི་ཉིན་ནི་པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་བྱུང་སྟེ་ལོ་ངོ་ཉེར་ལྔ་འཁོར་བའི་དུས་དྲན་རེད། ད་ལོ་སྔར་ལོ་ལས་ལྷག་གི་སྐབས་དེའི་ལས་འགུལ་ནང་ཚེ་སྲོག་ཤོར་ཟིན་པའི་ཕ་མ་གཉེན་ཉེ་དང་། འཛམ་གླིང་རྒྱལ་ཁབ་གང་སར་སྐབས་དེར་བཙན་བྱོལ་དུ་ཕྱིན་པའི་རྒྱ་རིགས་ཤེས་ཡོན་ཅན་ཚོས་དོན་རྐྱེན་དེར་དྲན་གསོ་དང་མྱ་ངན་ཞུས་སོང་ལ། རྒྱལ་སྤྱིའི་གསར་ལམ་ཁག་ཏུའང་དོན་རྐྱེན་དེའི་སྔ་ཕྱི་རྒྱབ་མདུན་ཤུགས་ཀྱིས་བསྔོགས་སོང་།

      ཉིན་དེར་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ཀྱང་རྡ་རམ་ས་ལ་ནས་འདི་ལྟར་གསུང་འཕྲིན་བསྩལ། དེ་རིང་རྒྱ་རིགས་གཅེན་གཅུང་རྣམས་ཀྱིས་དུས་དྲན་སྲུང་བརྩི་ཞུ་བཞིན་པའི་སྐབས་དང་བསྟུན། ངོས་ཀྱིས་དྲུག་བཞིའི་དོན་རྐྱེན་འོག་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཆེད་ཚེ་སྲོག་ཤོར་བ་རྣམས་ལ་སྨོམ་ལམ་རྒྱག་རྒྱུ་ཡིན། རིན་ཐང་དེ་དག་ནི་རང་དབང་དང་ནུས་པ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་རྨང་གཞི་ཆགས་ཡོད་པ་མ་ཟད། སྤྱི་ཚོགས་ནང་དོན་དམ་གྱི་ཞི་བདེ་བརྟན་ལྷིང་ཡོང་རྒྱུའི་རྐྱེན་རྩ་གཙོ་བོ་ཞིག་ཀྱང་ཆགས་ཡོད། ཅེས་དྲུག་བཞིའི་དོན་རྐྱེན་ནུས་པ་དང་ཤུགས་རྐྱེན་ལ་གདེང་འཇོག་གནང་ཡོད། 

      ལས་འགུལ་འདིའི་སྙིང་སྟོབས་ད་ལྟ་ད་དུང་རྒྱ་ནག་གི་མཐོ་རིམ་སློབ་མ་ཚོའི་ཁྲག་རྩའི་ནང་ལྷོག་ལྷོག་ཏུ་ལྡིང་གི་ཡོད་ལ། ཞིང་པ་དང་བཟོ་བ། གཞུང་གི་ལས་བྱེད་བཅས་ཀྱི་སྙིང་ཁམས་སུའང་གསོན་པོར་གནས་ཡོད། ལས་འགུལ་འདིའི་ཤུགས་རྐྱེན་གྱིས་བོད་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་ཁག་གི་འཐབ་རྩོད་ལའང་བློ་སྟོབས་དང་ཡིད་ཆེས་བསྐྲུན་ཡོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese