མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕར་ཕྱིན་དབྱར་ཆོས་ཐེངས་གཉིས་པ།

བོད་ཀྱི་དུས་བབ།
༢༠༡༤/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་ལྷོ་རྒྱུད་ཀིརྟིའི་དགོན་ཁག་གི་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་གཉིས་པ་ཟླ་འདིའི་ཚེས་ ༡༣ ཉིན་ནས་མགོ་ནས་བཟུང་རྔ་བ་ཀིརྟིའི་དགོན་དུ་འཚོགས་བཞིན་ཡོད་འདུག

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་གཉིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། མདོ་སྨད་ལྷོ་རྒྱུད་ཀིརྟིའི་དགོན་ཁག་གི་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་གཉིས་པ་ཟླ་འདིའི་ཚེས་ ༡༣ ཉིན་ནས་མགོ་འཛུགས་ཀྱིས་རྔ་བ་ཀིརྟི་དགོན་དུ་འཚོགས་བཞིན་ཡོད་འདུག ཕར་ཕྱིན་དབྱར་ཆོས་ཆེན་མོ་ཞེས་པ་ནི་སྔ་མོ་ཡུལ་དབུས་ཀྱི་གདན་ས་གསང་ཕུར་ཕར་ཕྱིན་དབྱར་ཆོས་འཚོགས་སྐབས་སུ་སེ་འབྲས་དགའ་གསུམ་སོགས་ཀྱི་སློབ་གཉེར་བ་ཆེས་མང་བོ་རང་དབང་གིས་འདུ་འཛོམས་ཀྱིས་གཞུང་ཆེན་བཀའ་པོད་ལྔའི་ནང་ཚན་ཕར་ཕྱིན་ཐེག་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་དམིགས་བསལ་ཐོས་བསམ་སློབ་གཉེར་གནང་རྒྱུའི་ལུགས་སྲོལ་ཡོད་པ་ཞིག་ཡིན་འདུག

ད་རེབ་འཚོགས་བཞིན་པའི་ཕར་ཕྱིན་དབྱར་ཆོས་དེ་བཞིན་གསང་ཕུའི་ཕར་ཕྱིན་དབྱར་ཆོས་ཞེས་པའི་མིང་དང་སྦྲེལ་ནས་ཀིརྟིའི་དགོན་ཁག་ཁག་གི་ཐོས་བསམ་སློབ་གཉེར་ཡར་རྒྱས་ཀྱི་ཆེད་དམིགས་ནས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཐུགས་བཀོད་ལམ་སྟོན་བཞིན་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། དེ་ཡང་ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞིའི་ཕར་ཕྱིན་ལོ་རིམ་གཉིས་པ་ནས་ལྔ་བའི་བར་གྱི་འཛིན་གྲྭ་བཞིའི་སློབ་གཉེར་བ་གང་ཡོད་ལྷན་འཛོམས་ཀྱིས། གདན་ས་ཆེ་ཁག་བཞིར་རེས་མོས་བྱས་ནས་༸རྗེ་བདག་ཉིད་ཆེན་མོའི་གསུང་གི་དྲང་ངེས་ལེགས་བཤད་སྙིང་པོ་རྩོད་གཞུང་གི་གཙོ་བོར་བྱས་ནས་དེ་ལ་དམིགས་བཀར་གྱི་སློབ་གཉེར་གནང་དགོས་པའི་ཉི་ཤུའི་ཆོས་ཐོག་ཞིག་ཡིན། དེ་ལ་མཆོད་བརྗོད་འཛིན་གྲྭ། སྒྲོ་འདོགས་ངོས་འཛིན་གྱི་འཛིན་གྲྭ། དགག་བྱ་ངོས་འཛིན་གྱི་འཛིན་གྲྭ། རང་རྒྱུད་པའི་འཛིན་གྲྭ། བཅས་འཛིན་གྲྭ་བཞི་ཡོད་ལ། ཉིན་རེ་བཞིན་ཞོགས་ཆོས་དང་ཉིན་ཆོས་དགོང་མོའི་ཆོས་རྭ་བཅས་དང་། བདུན་རེའི་མཚམས་སུ་མཚན་ཕྱེད་དམ་བཅའ་རེ་དང་། ཆོས་ཐོག་གི་ཉིན་མཐའ་མའི་མཚན་མོར་དྲང་ངེས་མཚན་ཕུལ་དམ་བཅའ་ཆེན་མོ་གནང་དགོས་ཀྱི་ཡོད་འདུག

ད་ལོ་ཀིརྟིའི་དགོན་ཁག་གི་ཚད་མའི་དགུན་ཆོས་གོ་སྒྲིག་ཚོགས་ཆུང་ནས་གོ་སྒྲིག་འོག སྟག་ཚང་ལྷ་མོ་ཀིརྟིའི་དགོན། རྔ་བ་ཀིརྟིའི་དགོན། ཚོ་བདུན་ཀིརྟིའི་དགོན། ཧོར་ཚང་ཀིརྟིའི་དགོན་བཅས་ནས་ཕེབས་པའི་སློབ་གཉེར་པ་བཞི་བརྒྱ་ལྷག་དང་། གཞན་ཡང་གདན་ས་ཁག་གི་ཁྲི་བ་དང་མཁན་པོ་དཔེ་ཁྲིད་དགེ་རྒན་བཅས་ཆེད་ཕེབས་ཀྱིས་རྔ་བ་ཀིརྟིའི་དགོན་དུ་འཚོགས་བཞིན་ཡོད་འདུག

ཀིརྟིའི་དགོན་ཁག་གི་ཕར་ཕྱིན་དབྱར་ཆོས་ཐེངས་དང་པོ་ཕྱི་ལོ་ ༢༠༡༣ ལོར་གདན་ས་སྟག་ཚང་ལྷ་མོ་ཀིརྟིའི་དགོན་དུ་ཚོགས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་ལྡི་ལིར་བསླེབས་པ་དང་བོད་མིས་ངོ་རྒོལ་བྱས་ཏེ་ལས་འགུལ་བ་ ༧ འཛིན་བཟུང་བྱས། ༢༠༢༥།༠༨།༡༨
Mobile App

ཝང་ཡེས་ལ་ངོ་རྒོལ་བྱས་ཏེ་ལས་འགུལ་བ་ ༧ འཛིན་བཟུང་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Free Tibet leads campaign against China's 'Mega-Embassy' plans in London (Photo X/@freetibetorg)
Mobile App

ལོན་ཌོན་གྱི་ལྟེ་བར་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་བྱེད་པར་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༨/༡༧
༸གོང་ས་མཆོག གསར་འགྱུར།

རྒྱ་གར་ནང་མི་རིགས་ཕན་ཚུན་འཆམ་མཐུན་ཧ་ཅང་ཡག་པོ་རེད་དེ་ལྟ་བུའི་མིག་ལྟོས་བཟང་པོ་ཡོད་པ་མུ་མཐུད་ཡར་རྒྱས་གཏོང་དགོས་ཞེས་གསུངས།

༢༠༢༥/༠༨/༡༦
Mobile App

ལུ་དྷི་ཡ་ནར་༧སྐུའི་གོ་སྟོན་སྲུང་གཙི་གནང་སྐབས་རྒྱ་གར་རང་གི་ཐོན་རྫས་ཚོང་འགྲེམས་གནང་ཐུབ་པར་སྐུལ་འདེད་གནང་།

༢༠༢༥/༠༨/༡༥
CTA celebrated the 79th Indian Independence day with a note of gratitude and good wishes. Photo; tibetimes 2025/8/15
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་ཆེ་ཞུས་སོང་།

༢༠༢༥/༠༨/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese