མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱབས་བཅོལ་པ་ས་ཡ་ ༥༡།༢ ལྷག་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཁང་གིས་འཛམ་གླིང་སྐྱབས་བཅོལ་བའི་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་བོད་མི་སྐྱབས་བཅོལ་བ་ཚོར་རོཊ་སྐྱོར་བྱ་རྒྱུ་འཁོད་འདུག

ཁ་སང་ཕྱི་ཚེས་ ༢༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཁང་གིས་ཐེངས་ ༡༤ པའི་འཛམ་གླིང་གི་སྐྱབས་བཅོལ་ཉིན་མོ་སྲུང་གཙི་དང་བསྟུན་ཏེ་ ༢༠༡༣ ལོའི་སྐྱབས་བཅོལ་པའི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། སེ་རི་ཡ་དང་ཨབ་གྷན། སོ་མ་ལི་ཡ་ (Somalia)། སུ་ཌན་(Sudan)། ཀོན་གྷོ་ (Congo)། འབར་མ། ཨི་རག ཨེ་རི་ཊི་ཡ་ (Eritrea) བཅས་གཙོས་རྒྱལ་ཁབ་ཁག་ནང་ཆབ་སྲིད་དང་ཆོས་ལུགས། མི་རིགས་བཅས་ཀྱི་གནད་དོན་ཐོག་ནས་ཟིང་འཁྲུག་བྱུང་སྟེ། ༢༠༡༣ ལོའི་ནང་འཛམ་གླིང་ནང་གི་སྐྱབས་བཅོལ་པའི་གྲངས་འབོར་ས་ཡ་ ༥༡།༢ ལྷག་ལ་འཕར་ཡོད་པ་དང་། ལྷག་པར་དུ་སེ་རི་ཡའི་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། རྒྱལ་སྤྱིའི་ཚོགས་པ་ཁག་གིས་འགྲོ་བ་མིའི་བདེ་རྩའི་ངོ་བོའི་ཐོག་ནས་རོགས་སྐྱོར་ཡོང་བར་འབོད་སྐུལ་ཞུས་ཡོད་འདུག

རྒྱལ་ཚོགས་ཆེས་མཐོའི་སྐྱབས་བཅོལ་རྟོགས་ཞིབ་ཚོགས་པ(The UN High Commissioner for Refugees)ཞེས་པས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ་བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་དུ་སྐྱབས་བཅོལ་ཡོང་མཁན་བོད་མི་རྣམས་བལ་ཡུལ་དུ་སྡོད་རིང་ཟས་གོས་སོགས་གང་སྤྱིའི་མཐུན་རྐྱེན་སྦྱར་རྒྱུ་མ་ཟད། རྒྱ་གར་དུ་བདེ་འབྱོར་ཐུབ་རྒྱུར་རོགས་རམ་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད་འདུག གསར་འགོད་གསལ་བསྒྲགས་ནང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་རྟོགས་ཞིབ་ཚོགས་པས་ བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་དུ་རང་གི་རྩ་བའི་བླ་མ་མཇལ་ཆེད་བྲོས་བྱོལ་དུ་ ཕེབས་མཁན་བོད་མི་རྣམས་རྒྱ་གར་དུ་བདེ་ཐང་ངང་འབྱོར་ཐུབ་རྒྱུར་མཐུན་འགྱུར་ རོགས་རམ་གནང་དང་གནང་བཞིན་པ་མ་ཟད། བོད་མི་སྐྱབས་བཅོལ་བ་ཁོང་རྣམས་བལ་ཡུལ་དུ་སྡོད་རིང་ཆེས་མཐོའི་སྐྱབས་བཅོལ་རྟོགས་ཞིབ་ཚོགས་པས་སྨན་བཅོས་སོགས་ཀྱི་མཐུན་འགྱུར་ཡང་གནང་བཞིན་ཡོད། ཅེས་སོགས་འཁོད་འདུག

མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཁང་གི་འགན་འཛིན་སྐུ་ཞབས་གྷོ་ཊིར་རེ་སི་ (Antonio Guterres)ཡིས་བྷེ་བྷེ་སེའི་གསར་འགོད་པར། དེང་སང་འཛམ་གླིང་ནང་རྙོག་འཛིང་མང་པོ་བྱུང་ནས་སྐྱབས་བཅོལ་པའི་གྲངས་འབོར་འཕེལ་ཏེ་དཀའ་ངལ་སྣ་མང་འཕྲད་ཀྱི་ཡོད་པ་དེ་དག་སུས་ཀྱང་སེལ་ཐུབ་ཀྱི་མེད་པ་མ་ཟད། རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱང་བེད་མེད་ལྟ་བུར་ཆགས་ཡོད་སྟབས། རྒྱལ་ཁབ་ཚང་མས་བསམ་ཤེས་དང་མཉམ་འབྲེལ་ཐོག་ནས་གདོང་ལེན་བྱེད་དགོས་ཀྱི་འདུག་ཅེས་བརྗོད་འདུག

འདས་པའི་ལོ་ངོ་གསུམ་ལྷག་རིང་སེ་རི་ཡའི་ནང་ཟིང་འཁྲུག་བྱུང་སྟེ་ཁྱོན་ས་ཡ་ ༢ ལྷག་ཁྱིམ་མཚེས་རྒྱལ་ཁབ་ཨི་རག་དང་ལེ་བྷེ་ནོན་ (Lebanon)། ཇོར་ཌན་ (Jordan)། ཏུར་ཀི་ (Turkey) བཅས་ནང་སྐྱབས་བཅོལ་དུ་ཕྱིན་ཡོད་ཅིང་། ད་སྔ་སེ་རི་ཡའི་ནང་མི་མང་བརྒྱ་ཆ་ ༡༠།༨ ཙམ་ལ་འཐུང་ཆུ་དང་ཟ་མ། འཕྲོད་བསྟེན། སྡོད་གནས་སོགས་ཀྱི་དཀའ་ངལ་ཛ་དྲག་ཆགས་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཁ་ཡོད་ལག་ཡོད་ཀྱི་རོགས་སྐྱོར་ཡོང་བར་འབོད་སྐུལ་བྱས་ཡོད།

འཛམ་གླིང་གི་སྐྱབས་བཅོལ་ཉིན་མོ་འདི་ནི། ༢༠༠༠ ལོའི་ཟླ་ ༡༢ པའི་ཚེས་ ༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱས་ཤིང་། ༢༠༠༡ ལོའི་ཟླ་ ༦ ཚེས་ ༢༠ ཉིན་ནས་བཟུང་ལོ་ལྟར་ཉིན་མོ་འདི་སྲུང་གཙི་གནང་གི་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

སྐར་མ ༤༠ སྔོན་ལ།
tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༡༨ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༢༠ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩

མཆན། 4

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    མི་གྲངས་འདི་ཡི་ནང་ལ། བོད་རིགས་བཙན་བྱོལ་བ། མི་གྲངས་༼༢༠༠ ༠༠༠༽འབུམ་གཉིས་ཙམ་ཡོད་པ་དེ་ཡང་ནམ་ཡང་བརྗེད་མི་ཉན།

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༄༅།།སེ་རི་ཡ་སོགས་ནང་འཁྲུག་གི་དཀའ་ངལ་དང་རྒུད་ཆག་ལ་ལྟོས་དང་ང་ཚོའི་དེ་དག་ལས་སླབ་བྱ་བླངས་ཏེ་ནང་ཁུལ་མཐུན་ལམ་ནུས་པ་སྤྱི་སྤུངས་བྱེད་དགོས་པར་གལ་ཆེན་དོན ཆེན་རེད་མི་འདུག་གམ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་ འཛམ་གླིང་གི་སྐྱབས་བཅོལ་ཉིན་མོ་འདི་ནི། ༢༠༠༠ ལོའི་ཟླ་ ༡༢ པའི་ཚེས་ ༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱས་ཤིང་། ༢༠༠༡ ལོའི་ཟླ་ ༦ ཚེས་ ༢༠ ཉིན་ནས་བཟུང་ལོ་ལྟར་ཉིན་མོ་འདི་སྲུང་གཙི་གནང་གི་ཡོད་འདུག

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་ ཟིང་འཁྲུག་བྱུང་སྟེ། ༢༠༡༣ ལོའི་ནང་འཛམ་གླིང་ནང་གི་སྐྱབས་བཅོལ་པའི་གྲངས་འབོར་ས་ཡ་ ༥༡།༢ ལྷག་ལ་འཕར་ཡོད་པ་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese