མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་བ་ ༡༣ བསད་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ཁུལ་ཁི་ཧྲི་ས་ཁུལ་ཡེ་ཁྲིན་རྫོང་གི་ཉེན་རྟོག་པས་མེ་མདས་བརྒྱབ་ཏེ་ཡུ་གུར་བའི་མི་ ༡༣ དམར་གསོད་བཏང་ཡོད་འདུག

བྷེ་བྷེ་སེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོར་ཤིན་ཅང་ཉེན་རྟོག་པས། ཁི་ཧྲི་ས་ཁུལ་དུ་ཡུ་གུར་བའི་མི་ཁག་ཅིག་གིས་རླངས་འཁོར་བསྐོར་ཡོང་སྟེ་ཡེ་ཁྲིན་རྫོང་ཉེན་རྟོག་རུ་ཁག་གི་ལས་ཁུངས་ལ་རྡུང་ཡོད་པར་མ་ཟད། རླངས་འཁོར་ནང་འགད་རྫས་རིགས་བཅུག་ཏེ་གཏོར་རྒོལ་བྱེད་འཆར་བྱས་ཡོད་ཚུལ་བཤད་དེ་ཡུ་གུར་བའི་མི་ ༡༣ དམར་གསོད་བཏང་ཡོད་འདུག

ཐེངས་འདིའི་དོན་རྐྱེན་ཁྲོད་ཉེན་རྟོག་པ་ ༣ རྨས་སྐྱོན་བཟོས་ཡོད་པ་ལས། ས་གནས་མི་མང་ལ་རྨས་སྐྱོན་གྱི་གནས་ཚུལ་བྱུང་མེད་ཀྱང་། གནས་ཚུལ་བྱུང་རྗེས་ཉེན་རྟོག་པ་དང་དམག་མིས་ས་གནས་ལ་དམ་དྲག་དང་རྟོག་ཞིབ་བྱེད་ཀྱི་ཡོད་འདུག

གནས་ཚུལ་ཤེས་གསལ་ལྟར་ན། བདུན་ཕྲག་གཉིས་གྱི་རྗེས་སུ་ཤིན་ཅང་ཝུ་རུ་མུའུ་ཆིར་ ༧།༥ དྲག་རྡུང་ཟིང་འཁྲུག་གི་དོན་རྐྱེན་བྱུང་སྟེ་ལོ་ལྔ་འཁོར་བའི་དུས་ཚོད་ལ་བསླེབ་ཀྱི་ཡོད་འདུག་ལ།  ལོ་ལྔའི་ཡར་སྔོན་དུ་བྱུང་བའི་ཤིན་ཅང་གི་དྲག་རྡུང་ཟིག་འཁྲུག་དོན་རྐྱེན་དེའི་ཁྲོད་མི་ ༢༠༠ འདས་གྲོངས་དང་། མི་ ༡༧༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག རྒྱ་ནག་གཞུང་གིས་སྐབས་དེའི་དོན་རྐྱེན་དེ་ཕྱི་ཕྱོགས་ཀྱི་ཡུ་གུར་ཁ་བྲལ་བས་སྐུལ་སློང་བྱས་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

ཉེ་ལམ་རྒྱ་ནག་གཞུང་གིས་ཤིན་ཅང་དུ་ལོ་གཅིག་རིང་དྲག་རྡུང་ལས་འགུལ་མགོ་འཛུཊ་གནང་ཡོད་ཚུལ་བསྒྲགས་ཏེ། ཟླ་འདིའི་ཚེས་ ༡༦ ཉིན་ཤིན་ཅང་ཨ་ཁུ་སུའུ་དང་ཐུའུ་ལུའུ་ཧྥན། ཧོ་ཐན་བཅས་ས་གནས་ཁག་གསུམ་གྱི་འབྲིང་རིམ་ཁྲིམས་ཁང་གིས་ཡུ་གུར་བའི་མི་ ༡༣ ལ་དྲག་སྤྱོད་ལས་འགུལ་ཇུས་འགོད་བྱེད་མཁན་གྱི་ཉེས་མིང་འོག་སྲོག་ཁྲིམས་བཅད་ཡོད་པར་མ་ཟད། ཉིན་དེར་ཝུའུ་རུའུ་མུའུ་ཆི་འབྲིང་རིམ་ཁྲིམས་ཁང་གིས་སྔར་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་རླངས་འཁོར་བརྡབ་སྐྱོན་གྱི་ལམ་ནས་གཏོར་རྒོལ་བྱེད་རྒྱུའི་ཇུས་འགོད་བྱས་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་ཡུའུ་ཧྲན་ཅང་ཝུའུ་ཞི་ཨར་གཙོས་པའི་མི་གསུམ་ལ་སྲོག་ཁྲིམས་དང་། གྷི་རི་ནོ་ཨར་ཐོ་ཧུའུ་ཐེར་ཞེས་པར་ཚེ་བཙོན། གཞན་མི་ ༤ ལ་ལོ་ ༥ ནས་ ༢༠ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཉེ་བའི་ལོ་འགའི་རིང་རྒྱ་ནག་གཞུང་གིས་ཤིན་ཅང་དུ་དམག་མི་མང་པོ་འགྲེམས་འཇོག་གིས་ཁ་བྲལ་ལ་ངོ་རྒོལ་ཞེས་པའི་ལས་འགུལ་འོག་དྲག་གནོན་རབས་དང་རིམ་པ་བྱས་ཡོད་ཀྱང་། ཤིན་ཅང་གི་དྲག་སྤྱོད་ལས་འགུལ་མཚམས་འཇོག་བྱས་མེད་པར་མ་ཟད། ཤིན་ཅང་ན་བྱུང་བཞིན་པའི་དྲག་སྤྱོད་ཀྱི་ལས་འགུལ་སྔར་ལས་འཆར་གཞི་ལྡན་པ་དང་བློ་ཁོག་ཆེ་རུ་ཕྱིན་ཏེ། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་ཝུའུ་རུའུ་མུའུ་ཆི་མེ་འཁོར་ས་ཚིགས་ལྷོ་ཕྱོགས་སུ་འགད་རྫས་གས་གཏོར་གྱི་དོན་རྐྱེན་བྱུང་སྟེ། མི་ ༣ རྐྱེན་ལམ་དུ་བཏང་བ་དང་། མི་ ༧༩ ལ་རྨས་སྐྱོན་བཟོས་ཡོད། གནས་ཚུལ་དེ་བྱུང་བའི་ཉིན་གཅིག་གི་སྔོན་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཤིན་ཅང་གི་བསྐོར་སྐྱོད་མཇུག་སྒྲིལ་ཏེ་ཕྱིར་པེ་ཅིན་ལོག་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༢ ཉིན་ཤིན་ཅང་ཝུའུ་རུའུ་མུའུ་ཆི་རུ་ཡང་བསྐྱར་འགད་རྫས་གས་གཏོར་གྱི་དོན་རྐྱེན་བྱུང་སྟེ། མི་ ༣༡ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། མི་ ༩༠ ལ་རྨས་སྐྱོན་བཟོས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese