མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ཚོར་གང་བྱུང་ལག་པ་མ་འཆིང་ཨཱ།

བོད་ཀྱི་དུས་བབ།
༢༠༡༤/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

བུད་མེད་ཅིག་ལ་མཚོན་ན་རང་ཉིད་ཀྱི་གཟུགས་པོར་སྲུང་སྐྱོབ་བྱ་རྒྱུ་དེ་ལས་འགན་གལ་ཆེ་ཤོས་ཤིག་ཡིན་སྟབས། མི་སུ་ཡིན་གྱིས་གང་བྱུང་ལག་པ་འཆང་ཡོང་སྐབས་དེ་ལ་མཇུག་འབྲས་ངན་པ་མི་འབྱུང་ཆེད། ཁ་ཐུག་ལ་ལུས་ངག་གི་རྣམ་འགྱུར་བསྟན་ཏེ་གདོང་ལེན་བྱེད་རྒྱུ་གལ་ཆེན་པོ་ཡིན་ཟེར།

 ཟླ་འདིའི་ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་མདུན་ལམ་སློབ་སྟོན་བསྟི་གནས་ཁང་གི་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་བྷིང་ལོར་སོགས་སུ་སྐྲ་བཟོ་དང་གློག་ཀླད་ཆེད་སྦྱོང་བྱས་པའི་སློབ་ཐོན་པ་བུ་མོ་ ༡༨ དང་བུ་ ༦ ལ་༼ལས་ཀའི་ཁྲོད་བུད་མེད་ལ་བརྙས་བཅོས་འགོག་ཐབས་ཆེད་ནུས་ཤུགས་གོང་སྤེལ་གཏོང་བ།༽ཞེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་ཞིག་སྤྲད་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་སྐབས་གཞན་གྱིས་བརྙས་བཅོས་གཏོང་སྐབས་འཕྲལ་དུ་འཇིཊ་སྣང་མེད་པར་ཞུ་གཏུག་དགོས་པ་དང་། རང་ཉིད་ཀྱི་ལུས་ངག་གི་ཐོག་ནས་ཕ་རོལ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པ་སོགས་ལམ་སྟོན་གནང་ཡོད་འདུག

གསར་འགོད་པས་དེ་སྔོན་གཞིས་ཆགས་ཁག་ ༨ ཙམ་ལ་ཆེད་སྐྱོད་ཀྱིས་རང་ལོ་ ༡༨ ཡན་གྱི་བུད་མེད་ ༢༠༠༠ ལྷག་ལ་བཅར་འདྲི་བྱས་ཏེ། བུད་མེད་ཀྱི་གནས་བབ་ཉམས་ཞིབ་གནང་མཁན་དང་། ཐེངས་འདིའི་ཟབ་ཁྲིད་པ་བསྟན་འཛིན་ཚེ་དབྱངས་ལགས་སུ་ཟབ་སྦྱོང་གི་བརྗོད་གཞི་དང་འབྲེལ་བའི་སྐོར་ལ་གླེང་མོལ་བྱས་བར། བསྟན་འཛིན་ཚེ་དབྱངས་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་ཐོག་བུད་མེད་ཚོར་གལ་སྲིད་བཙན་གཡེམ་བརྙས་བཅོས་རིགས་བྱུང་སྐབས་སོ་སོའི་ལུས་ངག་ཐོག་ནས་ཕ་རོལ་པོར་གདོང་ལེན་ཇི་ལྟར་བྱེད་དགོས་པའི་ཐད་ལ། བུད་མེད་ཅིག་ལ་མཚོན་ན་སོ་སོའི་གཟུགས་པར་སྲུང་སྐྱོབ་བྱ་རྒྱུ་དེ་ལས་འགན་གལ་ཆེ་ཤོས་ཤིག་ཆགས་ཡོད། ང་ཚོའི་སྤྱི་ཚོགས་ནང་ནམ་རྒྱུན་འཚོ་བའི་ཁྲོད་ནས་སྐྱེས་པ་གཞན་གྱིས་སོ་སོའི་གཟུགས་པོར་གང་བྱུང་ལག་པ་འཆིང་བ་སོགས་བྱེད་སྐབས། བུ་མོ་མང་ཆེ་བས་དེ་ནི་གྲོགས་པོ་བློ་ཐག་ཉེ་བོ་ཞིག་གི་བྱེད་སྟངས་ཡིན་ཤག་གིས་ལམ་སང་གདོང་ལེན་མ་གནང་བར་ཡ་མེད་གཏོང་གི་ཡོད་པ་རེད། དེ་རིགས་ལ་དོ་སྣང་སྤྲོད་དགོས་པ་རེད། ད་རེབ་ཀྱི་ཟབ་སྦྱོང་སྐབས་གཙོ་ཆེ་ཤོས་བརྙས་བཅོས་རིགས་བྱུང་སྐབས་ཀུན་སློང་ག་རེ་ཡིན་མིན་ལ་བསམ་བློ་མ་བཏང་བར། གཙོ་བོ་བྱེད་སྟངས་དེས་ཁྱེད་རང་མ་བདེ་བ་དང་སུན་པོ་བཟོ་ཡི་ཡོད་མེད། དེ་བཞིན། བྱ་བ་དེར་མཇུག་འབྲས་ག་རེ་ཡོང་ས་རེད། དེ་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་མ་གཏོགས། ཕ་རོལ་པོའི་ཀུན་སློང་བཟང་ངན་གང་ཡིན་གལ་ཆེན་པོ་མ་རེད། སོ་སོར་བདེ་བོ་མེད་པ་དང་གནོད་པའི་རིགས་བྱུང་ཚེ་ཐད་ཀར་ལབ་དགོས་པ་དང་། ལབ་ཀྱང་མི་ཉན་ན། འཇིགས་སྣང་མེད་པའི་ཐོག་ནས་འབྲེལ་ཡོད་ལ་ཞུ་གཏུག་བྱེད་དགོས་པའི་སྐོར་སོགས་ལམ་སྟོན་ཞུས་ཡོད་ཟེར།

 ཁོ་མོའི་ཉམས་ཞིབ་ཀྱི་བརྒྱུད་རིམ་ཁྲོད་བོད་པའི་སྤྱི་ཚོགས་ནང་བུད་མེད་ཀྱི་དཀའ་ངལ་ཆེ་ཤོས་དང་བརྙས་བཅོས་རིགས་ཐེབས་པ་མང་ཤོས་ག་རེ་ཆགས་འདུག་དྲིས་པར། “ཉམས་ཞིབ་ཀྱི་བརྒྱུད་རིམ་ནང་དམིགས་བསལ་གྱིས་བཙན་གཡེམ་གྱི་གནད་དོན་རིགས་ཐོན་མ་སོང་། གང་ཡིན་ཟེར་ན། བརྙས་བཅོས་དེ་རིགས་བྱུང་ན་ང་ཚོའི་སྤྱི་ཚོགས་ནང་འབྲེལ་ཡོད་ལ་ཞུ་གཏུག་དང་། ཉེན་རྟོག་པར་རྩིས་སྤྲོད་མི་བྱེད་པའི་ལུགས་སྲོལ་མང་པོ་ཡོད་པ་རེད། གལ་སྲིད་གནད་དོན་དེ་འདྲ་ཞིག་ཞུ་གཏུག་བྱས་ན་དཀྲོག་གཏམ་དང་སྤྱི་ཚོགས་ལ་བརྡབ་གསིག་བཟོས་པ་ཞིག་ཏུ་ངོས་འཛིན་བྱས་ཏེ། ཁུ་སིམ་སིམ་འཇོག་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་། ང་ཚོས་གཞིས་ཆགས་ཁག་ཏུ་ཉམས་ཞིབ་བྱེད་སྐབས། ཁྱོ་གས་སྐྱེས་སྨན་ལ་བརྡུང་བ་དང་མགོ་སྐོར་བཏང་བ། དེ་བཞིན་ཕྱི་ནས་བཟའ་ཟླ་གཞན་བཙལ་བ་དང་། ཁྱིམ་གྱི་རྒྱུ་དངོས་ཁྱོ་གས་བདག་བཟུང་བྱས་ཏེ་སྐྱེས་སྨན་ལ་རྒྱུ་དངོས་ལོངས་སྤྱོད་ཀྱི་ཐོབ་ཐང་མ་སྤྲད་པ་སོགས་མང་པོ་འདུག དམིགས་བསལ་གྱིས་བོད་མིའི་གཞིས་ཆགས་ཁག་ནང་བཟའ་ཚང་བར་གྱི་རྙོག་དྲ་དེ་ཤུགས་ཆེ་རུ་འགྲོ་བཞིན་འདུག ཡང་བཟའ་ཚང་ཁ་ཁ་བྱེད་ཀྱི་ཡོད་ན་ཁྲིམས་ཐོག་ནས་ཁ་ཁ་བྱེད་མ་ཐུབ་པའི་བུད་མེད་ཧ་ཅང་མང་པོ་འདུག ཁྲིམས་ཐོག་ནས་ཁ་ཁ་བྱེད་མ་ཐུབ་ཚེ། ཕྲུ་གུ་དང་རྒྱུ་དངོས་བདག་དབང་སོགས་ཀྱི་ཐོག་ནས་བུད་མེད་ལ་གྱོང་ཆེན་པོ་རག་གི་འདུག”ཅེས་བརྗོད་སོང་།

ཡང་ཁོང་མོས་བཙན་གཡེམ་བརྙས་བཅོས་རིགས་བྱུང་སྐབས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལ་ཞུ་གཏུག་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་དོན། “ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ནག་ཉེས་དེ་རིགས་ལ་ལག་པ་འཆིང་ཆོག་ གི་ཡོད་པ་མ་རེད། བཙན་གཡེམ་བརྙས་བཅོས་རིགས་ཚང་མ་ནག་ཉེས་ནང་ཚུད་ཀྱི་ཡོད་སྟབས། གནས་ཡུལ་རྒྱ་གར་གཞུང་གི་ཁྲིམས་ལྟར་ཐག་གཅོད་དགོས་སྟབས། ཡུལ་ཁྲིམས་ལ་ཞུ་གཏུག་བྱེད་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཕྱི་ལོ་ ༢༠༡༣ ལོར་རྒྱ་གར་གཞུང་གིས་ལས་ཀ་བྱེད་ཡུལ་ཀྱི་ཁོར་ཡུག་ནང་བཙན་གཡེམ་བརྙས་བཅོས་རིགས་བྱུང་བ་ཡིན་ན་གདོང་ལེན་ཇི་ལྟར་བྱེད་དགོས་པ་དང་དེ་འགོག་ཐབས་ག་རེ་ཡོད་མེད། ལས་ཀ་སྤྲོད་མཁན་ལ་འགན་ཅི་ཡོད་སོགས་ཀྱི་སྐོར་ལ་ཁྲིམས་ཞིག་གཏན་འབེབས་བྱས་ཡོད་སྟབས། ལས་ཀ་བྱེད་མཁན་བུད་མེད་ཅིག་ལ་བཙན་གཡེམ་བརྙས་བཅོས་རིགས་ཀྱི་གནས་ཚུལ་བྱུང་སྐབས། ལས་ཀ་སྤྲོད་མཁན་སྦྱིན་བདག་ལ་ཞུ་གཏུག་བྱས་ཀྱང་ཁ་ཡ་མ་བྱས་པ་ཡིན་ན། ཁྲིམས་ཐོག་ནས་ལས་ཀ་སྤྲོད་མཁན་དེར་ཧིན་སྒོར་ཁྲི་ ༥ ཡི་ཉེས་པ་ཕོག་གི་ཡོད་པ་རེད། ཁོས་མུ་མཐུད་དུ་ཡ་མེད་བཏང་ན་ཉེས་ཆད་ལྡབ་ནས་ལྡབ་འཕར་འགྲོ་བཞིན་ཡོད་པ་རེད། དེ་ཚོའི་རིགས་ང་ཚོས་ཤེས་དགོས་པ་གལ་ཆེན་པོ་རེད་ལ། ཁྲིམས་དེ་གཞིར་བཟུང་འགྲོ་ཐུབ་པ་ཡིན་ན་དཀའ་ངལ་ཉུང་དུ་འགྲོ་ངེས་རེད་བསམ་གྱི་འདུག ལས་ཀ་སྤྲོད་མཁན་ཟེར་དུས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། སློབ་གྲྭ སྨན་ཁང་། དེ་བཞིན་ཚོང་ལས་གཉེར་མཁན་དང་། ཐ་ན་ཁྱིམ་ཚང་ཞིག་གི་ནང་ཡིན་ནའང་ཁྲིམས་དེས་ཁྱབ་ཀྱི་ཡོད་པ་རེད”ཅེས་བརྗོད་བྱུང་།

བཙན་གཡེམ་གྱི་གནད་དོན་རིགས་ཞུ་གཏུག་བྱེད་པར་ཆ་རྐྱེན་དང་བདེན་དཔང་ག་རེ་དགོས་མིན་དྲིས་པར་ཁོང་མོས། “གནས་ཚུལ་དེ་རིགས་གློ་བུར་དུ་བྱུང་བ་ཡིན་ན་རང་ངོས་ནས་ང་ལ་འདི་འདྲ་བྱས་སོང་ཟེར་ནས་བཤད་རྒྱུ་མ་གཏོགས་བདེན་དཔང་སྟོན་རྒྱུ་ཁག་པོ་རེད། ཡིན་ནའང་། གློག་འཕྲིན་དང་ཁ་པར་ནང་འཕྲིན་ཐུང་བཏང་སྟེ་བསྙད་བཀོལ་མཁན་རིགས་བྱུང་ན། ཡི་གེ་དེ་ཚོ་མ་གསུབ་པར་བདེན་དཔང་དུ་ཉར་རྒྱུ་གལ་ཆེན་རེད། ཁ་པར་བཏང་ནས་བསྙད་བཀོལ་བ་ཡིན་ན། སྒྲ་དང་ཟླ་ཚེས་སོགས་ཉར་རྒྱུ་གལ་ཆེན་པོ་རེད། དེ་བཞིན། ལས་རོགས་སོགས་ཀྱིས་གནས་ཚུལ་དེ་འདྲ་བྱུང་སོང་ཟེར་ནས་བདེན་དཔང་བྱེད་དགོས། བཙན་གཡེམ་བརྙས་བཅོས་རིགས་བྱུང་སྐབས་སོ་སོའི་ཉེ་འཁོར་གྱི་མི་ལ་བཤད་པ་དང་ཡི་གེར་འགོད་རྒྱུ་སོགས་དཔེ་གལ་ཆེན་པོ་རེད། ”ཅེས་བརྗོད་བྱུང་།

 ང་ཚོ་བོད་པའི་སྤྱི་ཚོགས་བུད་མེད་ལ་བཙན་གཡེམ་བརྙས་བཅོས་རིགས་བྱུང་སྐབས། གང་ཐུབ་ཀྱིས་སྦ་གསང་བྱེད་པའི་ལུགས་སྲོལ་དེར་ལྟ་ཚུལ་གང་འདྲ་ཡོད་མེད་དྲིས་པར། “ང་ཚོའི་སྤྱི་ཚོགས་འདི་གུ་ཡངས་པོ་དང་ལྷུག་པོ་བཟོ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ང་ཚོ་ནང་པའི་རྗེས་འཇུག་པ་ཡིན། བྱམས་སྙིང་རྗེ་ཅན་གྱི་སྤྱི་ཚོགས་ཤིག་ཡིན་ཟེར་ནས་ང་ཚོས་སོ་སོ་ཚད་མཐོན་པོ་ཞེ་དྲག་ཅིག་ལ་བཞག་སྟེ། གཞན་གྱི་སྤྱི་ཚོགས་ཚད་དམའ་བོ་ཞེ་དྲག་ཅིག་ལ་རྩིས་བསྡད་ན་འགྲིག་གི་མི་འདུག ང་ཚོ་ཡང་འགྲོ་བ་མི་གཞན་དང་འདྲ་བར་སྐྱོན་ཡོད་མཁན་ཞིག་ཡིན་པ་ང་ཚོས་ཧ་གོ་དགོས་པ་གལ་ཆེན་པོ་རེད། མི་རིགས་གཞན་ཚོས་ང་ཚོར་སྐྱོན་འཛུགས་བྱེད་སྐབས་བོད་མི་ཚོ་བཅོས་མ་ཞེ་དྲག་འདུག་ལབ་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། ང་ཚོས་ང་ཚོའི་ཁྲིམས་འདི་འདྲ་ཡིན། གཤིས་ཀ་འདི་འདྲ་ཡིན་ཟེར་ནས་སོ་སོ་ཚད་མཐོ་བོ་ཞིག་ཏུ་བཞག་ཡོད་ཀྱང་། དངོས་སུ་ལག་བསྟར་བྱེད་ཡོང་སྐབས་ཁྱད་མཚར་བོ་དེ་འདྲ་བྱུང་སྐབས། ཕྱིའི་མི་རིགས་དེ་ཚོ་ཧོན་འདྲ་བོ་འཐོར་འགྲོ་གི་འདུག་གཱ། སྤྱིར་བཏང་མིའི་རིན་ཐང་དེ་ཚོ་འཛིན་དགོས་པ་གལ་ཆེན་པོ་ཡིན་ཡང་། དེ་བཟུང་བ་ལྟར་ལག་བསྟར་བྱེད་ཐུབ་པ་ཞིག་བཟོ་དགོས་རྒྱུ་དང་། བཀའ་མོལ་ག་རེ་གནང་བ་ཡིན་ནའང་གནང་བདེ་བོ་དང་གུ་ཡངས་པོ་ཞིག་བཟོ་དགོས་རྒྱུ་གལ་ཆེན་པོ་རེད་འདུག ” ཅེས་བརྗོད་བྱུང་།

མ་འོངས་པར་ཟབ་སྦྱོང་དེ་རིགས་རྒྱ་སྐྱེད་གཏོང་བའི་འཆར་གཞི་ཡོད་མེད་དྲིས་པར་ཁོང་མོས། ༢༠༠༦ ཙམ་ནས་བཟུང་ཟབ་སྦྱོང་འདི་མགོ་བཙུགས་ཏེ། གཞིས་ཆགས་ཁག་དང་གཏན་སློབ་ཁག་མང་པོའི་ནང་སྤྲད་པ་རེད། སྔོན་མ་བརྗོད་གཞི་འདིའི་རིགས་ཀྱི་ཐོག་ཟབ་སྦྱོང་སྤྲོད་སྐབས། ང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་འདི་འདྲ་བྱུང་གི་ཡོད་པ་མ་རེད་ཟེར་བ་འདྲ་བོ་དང་འདོད་པ་མེད་པའི་རྣམ་འགྱུར་སྟོན་མཁན་འདུག བུད་མེད་ལ་ལ་ཞིག་གིས་ཁུ་སིམ་སིམ་གནས་ཚུལ་དེ་འདྲ་བྱུང་ཡོད་པ་ཤོད་ཀྱི་འདུག བསྟན་འཛིན་སྒང་གཞིས་ཆགས་དང་མོན་གྷོར་གཞིས་ཆགས། གྷོ་པལ་པུར་བོད་ཁྱིམ་བཅས་སུ་གནས་ཚུལ་འདི་རིགས་རིམ་པར་བྱུང་སྟེ། ད་ལྟ་གནད་དོན་འདི་ལ་ལག་པ་འཆིང་ས་ཡོད་པ་ཞིག་ཆགས་ཡོང་དུས། ང་ཚོ་ངར་ཤུགས་ཀྱི་ཐོག་ནས་ཕྱི་ལ་ཐོན་ཏེ་སྔར་ལས་གནད་དོན་འདིའི་ཐོག་ལས་ཀ་མང་པོ་བྱེད་དགོས་ངེས་རེད་བསམ་གྱི་འདུག ”ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༥ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 3

  1. གནས་ཚང་། says:
    ལོ་ 12 སྔོན།

    ཟབ་སྦྱོང་འདིའི་རིགས་སྤྲོད་སྐབས། ཞི་དྲག་གཉིས་ཀའི་ཐབས་ལམ་སྟོན་གལ་ཤིན་ཏུ་ཆེ། ད་རེས་ཀྱི་ཐབས་ལམ་མང་ཆེ་བ་ལྟོས་ས་ལྟོས་འཇོག་གིས་དྲག་པོར་གཏོགས་པའམ། ཞི་བ་མ་ཡིན་པའི་གྲས་རེད། གུས་པས་དོན་དག་འདི་འདྲ་ཞིག་ཀློག་མྱོང་།

    ཕྱི་གླིང་གི་ཆང་ཁང་ནང་དུ་ཆང་མ་ཚོར་ང་རང་ཁྱོད་ལ་དགའ་པོ་ཞེ་དྲག་འདུག་ལབ་མཁན་གང་མང་བྱུང་གི་ཡོད་པས། ཆང་མ་ཚོས་ཐབས་མཁས་པོས་གདོང་ལེན་བྱེད་སྟངས་ནི་སོ་སོའི་ལག་པ་གཡོན་པ་ཕར་བསྲིངས་ནས་ལག་པའི་སྒང་འོ་བྱེད་དུ་འཇུག་གི་ཡོད་ཅིང་། དེ་ནི་ཕ་རོལ་བོའི་བསམ་བློར་ཕོག་ཐུག་མ་སོང་བ་ཞིག་དང་། སོ་སོའང་སྲུང་སྐྱོབ་བྱས་ཟིན་པའི་གཉིས་ཕན་མཉམ་རྒྱལ་གྱི་ཐབས་ལམ་ཞིག་རེད། འདི་ནི་དབུ་མའི་ལམ་ངོ་མ་དེའང་རེད་འདོད།

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༄༅།།བཙན་བྱོལ་བོད་མི་ཚོའི་སྐྱིད་པོ་རྒྱག་པོ་བསམ་པ་ལས་མི་རིགས་འགན་ཁུར་མི་བྱེད་པ་འམ་ཡང་ན་མི་ཚེ་ཅིག་གི་འཚོ་བ་སྐྱེལ་རྒྱུར་ཞེད་ཐག་ཆོད་ནས་ཕྲུ་གུ་གསོ་སྐྱོང་བྱེད་རྒྱུ་ཞེད་ཐག་ཆོད་ནས་ཕྲུ་གུ་གཅིག་སྐྱེ་བཅུག་ན་ཨང་གུ་དང་པོ་རེད་ཕྲུ་གུ་གཅིག་ལ་ཆ་མཚོན་ན་སྤུན་མེད་མཁན་ཁོ་ལ་ཨ་ལྕག་མེད་ཁོ་ལ་ཅོ་ཅོ་མེད་འོག་མ་མེད་སྒང་མ་མེད་ཁོ་རང་ཅིག་པུ་བཟོ་མཁན་དེ་ཕ་མ་གཉིས་རེད་ཕ་མ་གཉིས་ལ་ཆ་མཚོན་ཕྲུ་ག་ུགཅིག་པུ་དེ་ཤི་ཆད་སོགས་ཡག་པོ་མ་བྱུང་ན་ཚར་རེད་རབས་ཆགས་གྱུར་ཚར་པ་རེད

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༄༅།།བོད་པའི་བུད་མེད་མང་པོ་ཞིག་གྲྭ་བ་ཚོར་དགའ་པོ་ཨུ་ཙམ་འདུག་ཡིན་ན་འང་བོད་རང་གི་སྐད་ཡིག་གནས་ལ་དོ་སྣང་ཁྱོན་ནས་བྱེད་ཀྱི་མི་འདུག་པར་སུའི་བཙན་གཡེམ་བྱེད་ན་བྱེད་།
    ི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese