མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱོཊ་འགལ་ཚོགས་པའི་མགོ་ཁྲིད་མེད་པའི་གྲོས་ཚོགས།

བོད་ཀྱི་དུས་བབ།
༢༠༡༤/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྲོས་ཚོགས་འོག་མའི་ནང་བརྒྱ་ཆ་ལོན་མཁན་གྱི་ཚོགས་པ་བྱུང་མེད་སྟབས་ད་སྔ་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་བསྐོ་བཞག་བྱེད་ཐུབ་མེད་པ་གསལ་བསྒྲགས་སྤེལ་འདུག

 དེ་རིང་རྒྱ་གར་གྱི་སྐབས་ ༡༦ པའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སུ་མི་ཌེ་ར་མཱ་ཧཱ་ཇན་ (Sumitra Mahajan)ལགས་ཀྱིས་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་བྷེ་ཇེ་པི་ཚོགས་པར་རྒྱལ་ཁ་ཐོབ་སྟེ་གཞུང་འཛིན་ཚོགས་པ་ཆགས་ཡོད་ཀྱང་། ཆབ་སྲིད་ཚོགས་པ་སུ་གང་ལའང་གྲོས་ཚོགས་ཀྱི་ཁ་གཏད་ཚོགས་པའི་མགོ་ཁྲིད་བྱ་རྒྱུའི་བརྒྱ་ཆ་ལོན་མེད་སྟབས། རྩ་ཁྲིམས་ནང་གསལ་ལྟར་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

རྩ་ཁྲིམས་ནང་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་བསྐོ་བཞག་བྱ་རྒྱུར། ཆབ་སྲིད་ཚོགས་པ་གང་རུང་ལ་གྲོས་ཚོགས་ནང་འཐུས་མི་ ༥༥ དང་བརྒྱ་ཆར་བཀུག་ན་བརྒྱ་ཆ་ ༡༠ ལོན་དགོས་ཀྱང་། རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཆེ་ཤོས་གྲས་ར་ཧུལ་གྷན་དྷི་ཡིས་སྣེ་འཁྲིད་པའི་ཀོང་རེ་སེ་ཚོགས་པར་འཐུས་མི་ ༤༤ དང་། ཇེ་ཇཱ་ཡ་ལ་ལི་དྷ་ (J Jayalalithaa) ཡིས་སྣེ་འཁྲིད་པའི་ཨལ་ཨ་ཡེ་ཌི་ཨེམ་ཁེ་ (AIADMK) ལ་འཐུས་མི་ ༣༧ བཅས་ལས་ཐོབ་མེད་སྟབས། ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་བྱེད་ཐབས་མེད་པ་ཆགས་ཡོད་འདུག

འདིའི་ཐད་གྲོས་ཚོགས་ཀྱི་བློན་ཆེན་ཨེམ་ཝན་ཁཱེ་ནེ་དྷུ་ (M Venkaiah Naidu) ལགས་ཀྱིས། “ ད་རེབ་གཞུང་འབྲེལ་ཚོགས་པའི་གྲོས་ཚོགས་ཀྱི་ཁ་གཏད་ཚོགས་པ་ཀོང་རེ་སེ་ཆགས་ཡོད་ཀྱང་། ཁ་གཏད་ཚོགས་པའི་མགོ་ཁྲིད་བསྐོ་བཞག་བྱ་མིན་ནི་གྲོས་ཚོགས་ཀྱི་ཚོགས་གཙོས་ཐག་གཅོད་བྱ་དགོས་པ་ཞིག་ཆགས་ཡོད།” ཅེས་དང་། ད་དུང་ཁོང་གིས་ཇོ་ཧར་ལ་ནེ་རུ་དང་ཨིན་དྷར་གྷན་དྷི། ར་ཇིབ་གྷན་དྷི་བཅས་ཀྱིས་རྒྱ་གར་གཞུང་འཛིན་སྐབས་གྲོས་ཚོགས་འོག་མའི་ནང་ཁ་གཏད་ཚོགས་པའི་མགོ་ཁྲིད་བསྐོ་བཞག་ཐུབ་མེད་སྐོར་སོགས་བརྗོད་འདུག

རྒྱ་གར་གྲོས་ཚོགས་འོག་མའི་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་ནི། རྒྱ་གར་དབུས་གཞུང་གི་ལྐོག་ཟ་རུལ་སུངས་རྟོག་ཞིབ་ཚོགས་ཆུང་དང་སྨྲ་བརྗོད་རང་དབང་བཀོལ་སྤྱོད་ཚོགས་ཆུང་གི་འགན་འཛིན་སོགས་བསྐོ་བཞག་བྱེད་མཁན་ཡིན་སྟབས། གལ་ཏེ་གྲོས་ཚོགས་འོག་མའི་ནང་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་བསྐོ་བཞག་མ་ཐུབ་པ་ཡིན་ན། ཚོགས་པ་འདི་གཉིས་ཀྱི་འགན་འཛིན་བསྐོ་བཞག་བྱ་རྒྱུར་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས། གཞུང་འཛིན་ཚོགས་པའི་ནང་ཁུལ་དུ་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་ཀྱི་མགོ་ཁྲིད་བསྐོ་མིན་ཐད་བསམ་ཚུལ་མི་མཐུན་པ་འཐོན་བཞིན་ཡོད་འདུག གཞུང་འཛིན་ཚོགས་པའི་མགོ་ཁྲིད་འགས་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་ཀྱི་མགོ་ཁྲིད་བསྐོ་བཞག་མ་ཐུབ་ཚེ། ཚོགས་ཆུང་གཉིས་ཀྱི་འགན་འཛིན་གྱི་ས་མིག་ཁ་སྐོང་བྱ་དགོས་དོན་མེད་སྐོར་དང་། གཞན་ཁག་ཅིག་གིས་གྲོས་ཚོགས་གོང་མའི་ཀོང་རེ་སེའི་མགོ་ཁྲིད་གྷོ་ལམ་ (Ghulam Nabi Azad) ལགས་ལས་བྱེད་བཀོད་སྒྲིག་ཚོགས་ཆུང་གི་ཚོགས་མིར་བསྐོ་བཞག་བྱ་རྒྱུའི་ཁྲིམས་སྒྲིག་གསར་བཟོ་བརྒྱུད་ཐག་གཅོད་ཐུབ་ཐབས་བྱ་དགོས་སྐོར་སོགས་རྗོད་བཞིན་ཡོད་འདུག

༡༩༦༩ ལོར་གྲོས་ཚོགས་ཀྱི་ཁྲིམས་སྒྲིག་གཞིར་བཟུང་རམ་སིན་ (Ram Subhag Singh) ལགས་གྲོས་ཚོགས་འོག་མའི་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་ལ་བསྐོ་བཞག་བྱས་པ་ནས་བཟུང་། དེ་རྗེས་རིམ་པས་ཅཱ་ཝན་ (YB Chavan)། ཇག་ཇི་ཝན་རམ་(Jagjivan Ram)། ར་ཇིབ་གྷན་དྷི་ (Rajiv Gandhi)། ཨད་ཌི་བཱ་ནེ་(L K Advani)། བཱ་ཇི་བྷ་ཡེ་ (Atal Bihari Vajpayee)། པི་ལྦེ་ན་ར་སེམ་མ་རོའོ་ (PV Narasimha Rao)། སོ་ནེ་གྷན་དྷི་ (Sonia Gandhi)། སོ་ཞི་མཱ་སོ་ཝ་ར་ཇི་ (Sushma Swaraj) བཅས་བསྐོ་བཞག་བྱས་ཡོད་ཀྱང་། ༡༩༧༩ ནས་ ༡༩༨༩ བར་གྱི་གྲོས་ཚོགས་སྐབས་ ༧ དང་ ༨ པར་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་བསྐོ་བཞག་ཐུབ་མེད་པ་ལྟར་ཐེངས་འདིར་ཡང་གནས་ཚུལ་དེ་ལྷག་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། རྒྱ་གར་གྲོས་ཚོགས་འོག་མའི་ནང་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་བསྐོ་བཞག་མ་ཐུབ་ཚེ། མ་འོངས་པར་གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པའི་བར་ལྗིད་སྙོམས་སྟངས་འཛིན་ ( Check and balance) ཡོང་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese