མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡུ་སྒོར་ཁྲི་ ༨ ཀྱི་ཉེས་ཆད་གཅོད་འཆར།

བོད་ཀྱི་དུས་བབ།
༢༠༡༤/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སའི་ནང་༧གོང་ས་མཆོག་དང་ཅེག་སྲིད་འཛིན་རྣམ་གཉིས་ཀྱི་སྐུ་པར་བཤམས་པར་ཡུ་སྒོར་ཁྲི་ ༨ ཀྱི་ཉེས་ཆད་གཅོད་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག

ཨ་ནུ་ཐང་བསོད་ནམས་ལགས་ཀྱིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༩ ཉིན་ཡུ་རོབ་ནང་གི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕ་རལ་གྷོ་(Prague)གྱི་དཔལ་འབྱོར་དང་ཤེས་རིག ཆབ་སྲིད་ཀྱི་ལྟེ་གནས་ཁང་རྩེག་ཅིག་གི་ངོས་སུ། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་བློན་ཆེན་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་མཱར་ཅིན་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས།༸གོང་ས་མཆོག་དང་ཅེག་སྲིད་འཛིན་ཧ་ཝལ་རྣམ་གཉིས་ཀྱི་སྐུ་པར་རིང་པོ་ཞིག་བཤམས་ཡོད་པ་མ་ཟད། སྐུ་ཞབས་སྲིད་བློན་ལགས། ཁྱེད་ཀྱིས་ནོར་འདུག ཅེག་གིས་བོད་ལ་རོགས་སྐྱོར་བྱེད། ཅེས་བྲིས་ཏེ་འབོད་སྐུལ་གྱི་ལས་འགུལ་སྤེལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་གནའ་མཁར་སྲུང་སྐྱོབ་ལས་ཁུངས་ཀྱིས་ལས་འགུལ་དེ་གནའ་མཁར་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་དང་འགལ་ཚུལ་བརྗོད་དེ། ཉིན་ ༢༠ ཙམ་གྱི་ནང་མར་བླངས་ཚེ། ཡུ་སྒོར་ཁྲི་ ༨ ཀྱི་ཉེས་ཆད་གཅོད་རྒྱུ་ཡིན་ལུགས་བརྗོད་ཡོད་སྟབས། ཁ་སང་ཕྱི་ཚེས་ ༢༩ ཉིན་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སྐུ་པར་མར་བླངས་ཏེ། ཆུ་ཚོད་ ༡།༣༠ ཙམ་གྱི་རིང་གོམ་བགྲོད་བྱས་ཏེ་ཧ་ཝལ་ལགས་ཀྱི་སྤུན་མཆེད་ཅིག་གི་ཁང་པའི་རྒྱབ་ཏུ་སྤོས་ཡོད་པ་དང་། ས་གནས་དེ་སྔར་ལས་མི་མང་འདུ་འཛོམས་དང་སྤྲོ་འཆམ་པ་ཡོང་སའི་ལྟེ་གནས་ཤིག་ཡིན་པས། ཡང་བསྐྱར་ཆོག་མཆན་རེག་རྒྱུར་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས། བོད་དོན་རྒྱབ་སྐྱོར་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་ཅེག་སྲིད་གཞུང་གི་ངོས་ནས་རྒྱ་ནག་གཞུང་ལ་བསྟུན་ཐབས་བྱས་ཏེ། བོད་ཀྱི་རང་དབང་དང་ཐོབ་ཐང་བློས་བཏང་བྱས་པ་ནི་དྲང་བདེན་མིན་པའི་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། བོད་མི་དང་བོད་ཀྱི་གྲོགས་པོ་རྣམས་འདུ་འཛོམས་ཀྱིས་ངོ་རྒོལ་དང་མཛད་སྒོ་མཉམ་དུ་སྤེལ་འཆར་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད་པ། ༢༠༢༣།༠༥།༣༠ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད།

ཆུ་ཚོད་ ༢ སྔོན་ལ།
ཡུན་ནན་ཐོང་ཧེ་རྫོང་ཁོངས་ཀྱི་ཁ་ཆེའི་ལྷ་ཁང་རྙིང་ཤོས་ནཱ་ཇཱ་ཡེན། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཁ་ཆེའི་ལྷ་ཁང་རྙིང་ཤོས་ཤིག་གཏོར་རྩིས་བྱས་ཏེ་གདོང་ཐུག་ཆེན་པོ་བྱུང་འདུག 

ཆུ་ཚོད་ ༢ སྔོན་ལ།
བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༢༤ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

༢༠༢༣/༠༥/༢༩
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

༢༠༢༣/༠༥/༢༩
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 9 སྔོན།

    རྒྱལ་ཁབ་དང་མི་སྒེར་སུ་ཡིན་རུང་ཁེ་ཕན་གཙོ་བོར་ལོས་ཡིན་འོན་ཀྱང་འདི་ལྟ་བུ་ཞེད་སྣང་ཆེན་པོ་དང་སྐུ་པར་བཤམས་མཁན་ལ་དེ་འདྲ་འཇིག་སྐུལ་བྱེད་དགོས་དོན་ཅི་ཡིན་དེ་འདྲ་ཡིན་ན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་དབང་ཡོངས་རྫོགས་རྒྱ་ནག་ལ་ཕུལ་བཞག་ན་ཡག་ཤོས་རེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist