ལོ་འགའི་གོང་ནས་རྒྱ་ནག་གི་གཏེར་འདོན་ཚན་པ་ཞིག་གིས་ཡུན་ནན་བདེ་ཆེན་རྫོང་ཡ་མ་ཡུལ་ཚོའི་དམར་སྟག་གྲོང་པའི་གནས་རི་ཞིག་ཏུ་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་པ་དང་། ཉེ་ལམ་གྲོང་པའི་རྒྱབ་རིའི་ངོས་ནས་གཏེར་འདོན་ས་ཚིགས་བར་ལམ་ཁ་ཆེ་རུ་བཏང་ཞིང་གཏེར་འདོན་ལས་གཞི་རྒྱ་སྐྱེད་གཏོང་གི་ཡོད་སྟབས། ས་གནས་མི་མང་གིས་ལས་གཞི་དེ་མཚམས་འཇོག་དགོས་པའི་རེ་འདུན་བཏོན་པར། ཁ་སང་རྒྱ་གཞུང་གི་ཉེན་རྟོག་པ་དང་དྲག་ཆས་དམག་མི་མང་པོ་འབྱོར་ཏེ་མི་མང་ལ་དྲག་རྡུང་བྱས་ཤིང་མི་མང་པོར་རྨས་སྐྱོན་བཟོས་ཏེ་ཁག་ཅིག་སྨན་ཁང་དུ་བསྐྱལ་ཡོད་པ་མ་ཟད། མི་ ༧ ཙམ་འཛིན་བཟུང་བྱས་ཡོད་པ་དང་། ད་དུང་འདུག་ཚོད་མ་ཟིན་ཚེ་ས་གནས་དེ་གའི་སྐྱེས་པ་ཚང་མ་འཛིན་བཟུང་བྱེད་སྲིད་སྐོར་ཡང་འཇིགས་སྐུལ་བྱས་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
༈བདེ་ཆེན་ས་ཁུལ་