མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏ་ལི་བྷན་གྱིས་འཇིགས་སྐུལ་བྱས།

བོད་ཀྱི་དུས་བབ།
༢༠༡༤/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས་ཨབ་གྷན་རྒྱལ་སྤྱིའི་གནམ་ཐང་ལ་མེ་ཤུགས་འཕུར་མདེལ་འཕངས་ཏེ་ཨབ་གྷན་གྱི་ཐད་འཕུར་གནམ་གྲུ་གསུམ་གཏོར་རྒོལ་བཏང་ཡོད་འདུག

ཁ་སང་ཏ་ལི་བྷན་འཇིགས་སྐུལ་རིང་ལུགས་པས་ཨབ་གྷན་རྒྱལ་ས་ཀཱ་བྷུལ་གྱི་རྒྱལ་སྤྱིའི་གནམ་ཐང་གི་དམག་སྒར་དུ་མེ་ཤུགས་འཕུར་མདེལ་གཉིས་འཕངས་ཏེ། སྲིད་འཛིན་ཨ་མེ་ཌི་ཁར་ཛེ་འགྲུལ་བཞུད་བྱེད་སའི་ཐད་འཕུར་གནམ་གྲུ་གཏོར་བཤིག་དང་གནམ་གྲུ་གཞན་གསུམ་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་འདུག དེ་ནི་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས་ཨབ་གྷན་དམག་མའི་ས་ཚིགས་ལ་གཏོར་རྒོལ་བཏང་བ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

འདིའི་ཐད་ཨབ་གྷན་དམག་སྤྱི་ཨཱ་མན་ (Afzal Aman) ལགས་ཀྱིས་ཐེངས་འདིའི་བྱ་སྤྱོད་དེར་ང་ཚོས་རྒྱལ་ཕམ་ཐག་གཅོད་ཀྱི་དམག་འཐབ་ཅིག་བྱ་རྒྱུ་ཡིན་ཞེས་བརྗོད་འདུག ཏ་ལི་བྷན་ཤོག་ཁག་གིས། “ ང་ཚོས་ཨབ་གྷན་རྒྱལ་སྤྱིའི་གནམ་ཐང་དུ་གཏོར་རྒོལ་གཏོང་དགོས་དོན་ནི། རྒྱལ་སྤྱིའི་སྤྱི་ཚོགས་ལ་ང་ཚོའི་སྟོབས་ཤུགས་ཉམ་དམས་སུ་ཕྱིན་མེད་པ་ཤེས་རྟོགས་བྱེད་དུ་འཇུག་ཆེད་ཡིན” ཞེས་བརྗོད་འདུག

ཟླ་སྔོན་མའི་ནང་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས་ཨ་རིའི་དམག་མི་ཨབ་གྷན་ནས་ཕྱིར་ལེན་མ་བྱས་གོང་། ཨབ་གྷན་དང་ཨ་རིའི་དམག་སྒར་ཁག་ཏུ་གཏོར་རྒོལ་གཏོང་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཅིང་། ཨབ་གྷན་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་སྐབས་ཉེས་མེད་མི་སེར་མང་པོ་བཙན་ཁྲིད་དང་ཨབ་གྷན་ལྷོ་ཤར་ས་ཁུལ་གྱི་འོས་བསྡུའི་ས་ཚིགས་མང་པོ་ཞིག་བཀག་སྡོམ་བྱས་ཤིང་། གང་བྱུང་མེ་མདའ་བརྒྱབ་སྟེ་མི་སེར་ ༨༠ ལྷག་དམར་གསོད་བཏང་ཡོད།

ཟླ་འདིའི་ཚེས་ ༢ ཉིན་ཨབ་གྷན་རྒྱལ་ས་ཀཱ་བྷུལ་ནང་སྐོར་སྐྱོད་བྱེད་མཁན་གྱི་དམག་མིའི་སྤྱི་སྤྱོད་རླངས་འཁོར་ཞིག་ལ་གས་གཏོར་བྱས་ཏེ། རླངས་འཁོར་ནང་ཡོད་པའི་དམག་མི་བརྒྱད་བསད་ཡོད་འདུག ད་བར་འབར་གས་དོན་རྐྱེན་ ༤༥ ཙམ་བཟོས་ཡོད་འདུག

༢༠༠༡ ལོར་ཨ་རི་དང་ནེ་ཌོ་ ( NATO) དམག་མིས་ཨབ་གྷན་ནང་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་དང་དམག་འཐབ་བྱས་ཏེ་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་ཕམ་ཉེས་བཏང་ཡོད་ཅིང་། ཨབ་གྷན་ནང་གཞུང་གསར་པ་བཙུགས་ཏེ་རྒྱལ་ཡོངས་འོས་བསྡུ་བརྒྱུད་སྲིད་འཛིན་འོས་འདེམས་བྱ་རྒྱུའི་ལམ་ལུགས་བཟོས་ཏེ་ཨ་མེ་ཌི་ཁར་ཛེ་སྲིད་འཛིན་དུ་བསྐོ་བཞག་བྱས་ཡོད་ཀྱང་། ༢༠༡༣ ལོའི་ལོ་མཇུག་ཏུ་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨ་རིའི་དམག་མི་ཨབ་གྷན་ནང་མི་མཐུད་སྡོད་ཆོག་པའི་དུས་ཡུན་ཕར་འགྱངས་ལ་མིང་རྟགས་འགོད་རྒྱུར་འབོད་སྐུལ་ཐེངས་མང་བྱས་ཀྱང་། ཨབ་གྷན་གྱི་སྲིད་འཛིན་ཨ་མེ་ཌི་ཁར་ཛེ་ཡིས་ཁས་ལེན་བྱས་མེད་སྟབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད།

ཨབ་གྷན་གྱི་སྲིད་འཛིན་གྱིས་ཨ་རི་དང་ཨབ་གྷན་བར་གྱི་དམག་དོན་གྲོས་མཐུན་ལ་མིང་རྟགས་མ་བཀོད་ཚེ། ལོ་འདིའི་ལོ་མཇུག་ཏུ་ནེ་ཌོ་དམག་དཔུང་ཨབ་གྷན་ནས་ཕྱིར་འཐེན་བྱ་དགོས་པ་དང་། འཆར་ལོར་ཨ་རིའི་དམག་མི་ཡོངས་རྫོགས་ཨ་རིར་ཕྱིར་ལོག་བྱ་དགོས་ཐུག་གི་ཡོད་འདུག ཆབ་སྲིད་དབྱེ་ཞིབ་པ་ཚོས། ཨ་རིའི་དམག་མི་ཨབ་གྷན་ནས་ཕྱིར་འཐེན་བྱས་ཚེ། མ་འོངས་པར་ཌ་ལི་བྷན་ཤོག་ཁག་གི་སྟོབས་ཤུགས་ཆེ་རུ་ཕྱིན་ཏེ་ཨབ་གྷན་གཞུང་མགོ་རྟིང་སློག་རྒྱུའི་ཉེན་ཁ་ཡོད་པའི་དཔག་བྱེད་བཞིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

སྐར་མ ༡༦ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

༢༠༢༦/༠༩/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese