མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོ་ཞབས་ཞུ་བསྒྲུབ་ཐབས་མེད་པར་དགོངས་སེལ་ཞུ།

བོད་ཀྱི་དུས་བབ།
༢༠༡༤/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ད་ལོའི་ལ་དྭགས་དུས་འཁོར་དབང་ཆེན་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྔ་ཕྱི་ཐེངས་འགར་འབྲེལ་ཡོད་སོ་སོར་འབྲེལ་བ་བྱས་ཏེ། དུས་དབང་སྐབས་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་བསྒྲུབ་འཆར་ཡོད་པའི་སྙན་གསེང་ཞུས་མཐར། དུས་དབང་སྐབས་ཀྱི་སྤྱི་ཚོགས་ཞབས་ཞུའི་ཞུ་སྒོ་མཐའ་དག་ལ་དྭགས་ས་གནས་ཀྱི་ཚོགས་སྡེ་ཁག་གིས་ཞུ་རྒྱུའི་ཐག་གཅོད་བྱུང་ཡོད་པའི་བརྡ་ལན་འབྱོར་ཡོད་སྟབས། ད་རེབ་དུས་དབང་སྐབས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལས་དོན་དེ་དག་གནང་ཐབས་མ་བྱུང་སྐོར་འཁོད་འདུག

གཞོན་ལྷན་ཀྱི་གསལ་བསྒྲགས་ནང་འཁོད་དོན། སྤྱི་ལོ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པ་ནས་བཟུང་སྤྱི་ནོར་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤྱི་ཚོགས་ཞབས་ཞུའི་ཞུ་སྒོ་ཁག་འགན་འཁུར་འཐུས་གཙང་ཞུ་བཞིན་ཡོད་པ་ལྟར། འདི་ལོའི་སྤྱི་ཟླ་ ༧ ནང་བསྩལ་རྒྱུའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་སྔར་རྒྱུན་བཞིན་ལྷག་བསམ་ཆེར་སྐྱེད་ཀྱིས་ ༡༽ ༧གོང་ས་མཆོག་གི་སྐུ་ཕྱའི་སྲུང་སྐྱོབ་དང་། ༢ ༽ ལུས་བཤེར། ༣ ༽ གསུང་རའི་ནང་གཙང་བཟོ། ༤༽ གསལ་བསྒྲགས་ཁང་། ༥ ༽ འབབ་ཚུགས་ཁག་ཏུ་སྣེ་ལེན། ༦ ༽ ནད་པར་རོགས་རམ། ༧ ཚེ་འདས་རིགས་བྱུང་ཚེ་སྐུ་ཕུང་མེར་སྲེག་བཅས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་འཐུས་སྒྲུབ་རྒྱུར་འདི་ག་གཞོན་ལྷན་དབུས་རྒྱུན་ནས་ཐག་གཅོད་བྱུང་བ་ལྟར་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་ཚགས་ཚུད་ཡོང་སླད་འབྲེལ་ཡོད་༧དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་དབུས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལྷན་ཁང་དང་། བདེ་སྲུང་ལྷན་ཁང་། དེ་བཞིན་དུས་དབང་སྦྱིན་བདག་གམ་གོ་སྒྲིག་པ་ལ་དྭགས་ནང་པའི་ཚོགས་པ་དང་། དགོན་པའི་ཚོགས་པ། ཀོང་པོ་གཞིས་བྱེས་དུས་དབང་གོ་སྒྲིག་ཚོགས་པ། ཇོ་ནང་དུས་དབང་གོ་སྒྲིག་ཚོགས་པ་ཁག་སོ་སོར་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཞུ་སྒོ་ཁག་དང་འབྲེལ་བའི་སྙན་ཞུ་ཞིག་འབུལ་ལམ་ཞུས་པ་དང་།

ལྷག་པར་དུ་དུས་དབང་སྐབས་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་འཐུས་ཚང་དང་ལེགས་གྲུབ་ཡོང་སླད་འདི་ག་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་དང་ཟུང་དྲུང་། སྤྱི་ཚོགས་ཞབས་ཞུའི་འགན་འཛིན་བཅས་སྤྱི་ལོ་ ༢༠༡༣ ཟླ་བ་ ༡༠ ནང་དངོས་སུ་ལ་དྭགས་ལ་ཆེད་སྐྱོད་ཀྱིས་དུས་དབང་གོ་སྒྲིག་པ་གཙོ་བོ་ལ་དྭགས་ནང་པའི་ཚོགས་འདུ་དང་། ལ་དྭགས་དགོན་པའི་ཚོགས་འདུ་གཉིས་ཀྱི་ཚོགས་གཙོར་མཇལ་བཅར་གྱིས་གཞོན་ལྷན་ནས་ཞུ་འོས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་འབྲེལ་བརྗོད་ལྷུག་པོར་ཞུས་པ་མ་ཟད། གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་ནས་དུས་དབང་སྦྱིན་བདག་ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོ་མཆོག་དང་ཐེངས་གཉིས་ལྡི་ལིར་མཇལ་བཅར་གྱིས་དེ་དོན་ལ་བཀའ་མོལ་ཞུས་ཡོད་ཀྱང་དུས་ཡུན་རིང་པོར་གོ་སྒྲིག་ཚོགས་ཆུང་ནས་ཁ་གསལ་གྱི་ཡིག་ལན་གཅིག་ཀྱང་གནང་སོན་མ་བྱུང་བ་ལགས་ན།

སྤྱི་ལོ་ ༢༠༡༤ ཟླ་བ་ ༥ ཚེས་ ༢ ཉིན་སླར་ཡང་དུས་དབང་གོ་སྒྲིག་པ་སྦྱིན་བདག་ཁག་སོ་སོར་དེ་དོན་གྱི་ཞུ་སྙན་ཞིག་འབུལ་ལམ་ཞུས་ནས་ཡིག་ལན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་དང་ཆབས་གཅིག གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་ཚོགས་གཞོན། ཟུང་དྲུང་བཅས་སླར་ཡང་ལ་དྭགས་ལ་ཆེད་སྐྱོད་ཀྱིས་དུས་དབང་གོ་སྒྲིག་ཚོགས་པ་དང་འབྲེལ་ཡོད་ཁག་ལ་མཇལ་འཕྲད་ཞུས་ཏེ་གཞོན་ལྷན་ནས་ཞུ་འཆར་གྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་གི་ཐོག་གྲོས་མོལ་ཞུས་ནས་རྒྱབ་སྐྱོར་ཡོང་ཐབས་བྱས་ཀྱང་། དུས་དབང་སྐབས་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་ཁག་ཡོངས་རྫོགས་ལ་དྭགས་ས་གནས་ཀྱི་ཚོགས་སྡེ་ཁག་ནས་གནང་རྒྱུའི་ཐག་གཅོད་གནང་ཟིན་པར་སོང་། འདི་ག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༣ པ་ལ་དྭགས་ལ་སྩོལ་སྐབས་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་སྒྲུབ་ཐབས་མེད་པར་དགོངས་སེལ་ཞུ་བ་དང་ཆབས་གཅིག འདི་ལོའི་༧དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་ཞུ་སྒོ་ཐ་དག་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། མ་འོངས་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ནམ་བསྩལ་ལ་འདི་ག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་སྔར་རྒྱུན་བཞིན་ལྷག་བསམ་ཆེན་པོས་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་འཐུས་ཚང་སྒྲུབ་རྒྱུ་ལགས་ན་དེ་དོན་མཁྱེན་རྟོགས་ཡོང་བ་ཞུ། ཞེས་སོགས་འཁོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese