མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཇིའི་དཔལ་འབྱོར་བློན་ཆེན་རྒྱ་གར་ནང་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༤/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དབྱིན་ཡུལ་གྱི་དཔལ་འབྱོར་བློན་ཆེན་རྒྱ་གར་ནང་སྐོར་སྐྱོད་བྱས་ཏེ་ཚོང་དོན་དང་དམག་དོན་སོགས་ཀྱི་སྐོར་ལ་གྲོས་མཐུན་བཞག་ཡོད་འདུག

དེ་རིང་ནས་བཟུང་ཉིན་གཉིས་རིང་དབྱིན་ཡུལ་གྱི་དཔལ་འབྱོར་བློན་ཆེན་ཨོ་སེ་བྷོར་ནཱེ་ (George Osborne) མཆོག་དང་ཕྱི་སྲིད་དྲུང་ཆེ་ཧེ་གྷོ་ (William Hague) ལགས་རྣམ་གཉིས་ཀྱིས་སྣེ་འཁྲིད་པའི་ཚོང་དོན་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་ནང་སྐོར་སྐྱོད་མགོ་འཛུགས་བྱས་ཡོད་ཅིང་། རྒྱ་གར་གྱི་དཔལ་འབྱོར་དང་བདེ་སྲུང་བློན་ཆེན་གཅིག་ལྕོགས་སྐུ་ཞབས་ཨཱ་རོན་ཇིད་ཌི་ལི་ (Arun Jaitley )ལ་ཐུག་འཕྲད་གནང་སྟེ། དབྱིན་ཡུལ་ནང་རྒྱ་གར་གྱི་རླངས་འཁོར་བཟོ་གྲྭ་མཱ་ཧེན་དྷ་ར་ ( Mahindra) དང་སྨན་རྫས་བཟོ་གྲྭ་སེབ་ལཱ་ ( Cipla) གསར་འཛུགས་བཅས་ཀྱི་ཚོང་འབྲེལ་དང་། དབྱིན་ཡུལ་གྱིས་རོགས་རམ་འོག་རྒྱ་གར་མཱ་ཧ་ར་ཤི་ཌ་མངའ་སྡེའི་གྲོང་ཁྱེར་བྷོམ་བྷེ་ནས་བྷེང་ལོར་བར་གྱི་ཀི་ལི་མི་ཌར་ ༡༠༠༠ ཙམ་ནང་གྲོང་ཁྱེར་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་ཕྱོགས། རྒྱ་གར་གྱི་སློབ་ཕྲུག་ལ་སློབ་ཡོན་མང་དུ་གཏོང་ཐབས། དེ་བཞིན་རྒྱ་གར་གཞུང་གིས་དབྱིན་ཡུལ་གྱི་མཁའ་དམག་གནམ་གྲུ་( Eurofighter Jet 126) ཞེས་པ་ཉོ་ཕྱོགས་དང་། དབྱིན་ཡུལ་གྱི་བརྡ་འཕྲིན་ཚན་རྩལ་ཁེ་ལས་ཝོ་ཌ་ཧྥོན་ ( Vodafone) དང་རྒྱ་གར་གཞུང་བར་གྱི་དཔྱ་ཁྲལ་གནད་དོན། ཁོར་ཡུག་སྲུང་སྐྱོབ་སོགས་ཚོང་དོན་དང་དམག་དོན་སྐོར་ལ་གྲོས་མཐུན་བཞག་ཡོད་འདུག

དབྱིན་ཡུལ་གྱི་དཔལ་འབྱོར་བློན་ཆེན་ཨོ་སེ་བྷོར་ནཱེ་མཆོག་གིས་ “ དབྱིན་ཡུལ་དང་རྒྱ་གར་བར་འབྲེལ་ལམ་ཡག་པོ་བྱུང་ན་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་སྟབས། མ་འོངས་པར་སྔར་ལྷག་གོམ་གང་མདུན་སྤོས་ཀྱི་འབྲེལ་ལམ་འཛུགས་ཐུབ་པ་བྱས་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་བྱ་དགོས།” ཞེས་བརྗོད་འདུག རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་ཨཱ་རོན་ཇིད་ཌི་ལི་མཆོག་གིས། “སྐུ་ཞབས་ནཱ་རེན་ཌ་མུ་དྷེ་མཆོག་གིས་རྒྱ་གར་ནང་རྒྱལ་ཁབ་གཞན་གྱི་མ་འཇོག་བྱེད་མཁན་གང་མང་ཡོང་ཐབས་བྱེད་བཞིན་ཡོད་པ་ལྟར། ངས་ཀྱང་དབྱིན་ཡུལ་གཞུང་གིས་དབྱིན་ཡུལ་གྱི་ཁེ་ལས་ཚོར་རྒྱབ་སྐྱོར་བྱས་ཏེ། རྒྱ་གར་ནང་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་རེ་བ་རྒྱག་གི་ཡོད།” ཅེས་སོགས་བརྗོད་འདུག

དབྱིན་ཡུལ་རྒྱལ་སྤྱིའི་ཐོག་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་ ༦ དང་། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་གཞན་དང་བསྡུར་ན་དཔལ་འབྱོར་འཕེལ་ཚད་མགྱོགས་ཤོས་གྲས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་ཀྱང་། ཉེ་ལམ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་ཕྱིན་ཏེ། མང་ཚོགས་ཀྱིས་གཞུང་ལ་བུ་ལོན་སྤྲོད་འཇལ་མ་ཐུབ་པའི་གནས་སྟངས་འབྱུང་བཞིན་ཡོད་སྟབས། དབྱིན་ཡུལ་གྱི་སྲིད་བློན་ཌ་ཝུ་ཌི་ཁེམ་རོན་མཆོག་གིས་རྒྱ་གར་གཙོས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་དང་ཚོང་དོན་འབྲེལ་ལམ་བཙུགས་ཏེ། རྒྱལ་ཁབ་འཕེལ་རྒྱས་གཏོང་ཐབས་བྱ་དགོས་སྐོར་བརྗོད་ཡོད་འདུག

༢༠༠༤ ལོར་རྒྱ་གར་དང་དབྱིན་ཡུལ་བར་ཐབས་ཇུས་རང་བཞིན་གྱི་འབྲེལ་ལམ་གསར་འཛུགས་ཀྱིས་ལོ་རེར་རྒྱལ་ཁབ་གཉིས་ཀྱི་སྲིད་བློན་དང་ཕྱི་འབྲེལ་བློན་ཆེན་བར་གྲོས་མོལ་བྱ་རྒྱུ་གཏན་འབེབས་དང་། ༢༠༡༠ དང་ ༢༠༡༣ ལོར་དབྱིན་ཡུལ་གྱི་སྲིད་བློན་ཌ་ཝུ་ཌི་ཁེམ་རོན་མཆོག་རྒྱ་གར་དང་། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་དབྱིན་ཡུལ་ནང་སྐོར་སྐྱོད་བྱས་ཏེ། ཕྱོགས་གཉིས་བར་བརྡ་འཕྲིན་ཚན་རྩལ་དང་ཚོང་དོན། དམག་དོན། རྒྱལ་སྤྱིའི་གནད་དོན་ཁག་ལ་མཉམ་ལས་བྱ་རྒྱུ་གྲོས་མོལ་བྱུང་བ་ལྟར། རྒྱལ་ཁབ་གཉིས་བར་ ༢༠༡༠ ནས་ ༢༠༡༡ ལོ་བར་ཨ་སྒོར་ཐེར་འབུམ་ ༡༢།༥ དང་། ༢༠༡༡ ནས་ ༢༠༡༢ ལོ་བར་ཨ་སྒོར་ཐེར་འབུམ་ ༡༥།༧༢༤། ༢༠༡༢ ནས་ ༢༠༡༣ བར་ཨ་སྒོར་ཐེར་འབུམ་ ༢༨།༧། ༢༠༡༣ ནས་ ༢༠༡༤ ལོའི་ཟླ་ ༢ བར་ཨ་སྒོར་ཐེར་འབུམ་ ༢༠།༧༥༩ བཅས་བྱས་ཡོད་འདུག

ད་ལྟ་དབྱིན་ཡུལ་ནི་སིང་གྷ་པུར་དང་མོ་རི་ཤི་ཡ་རྒྱལ་ཁབ་ཕུད་དེ་རྒྱ་གར་ནང་མ་འཇོག་བྱེད་མཁན་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་གསུམ་པ་ཆགས་ཡོད་པ་མ་ཟད། ད་བར་རྒྱ་གར་ནང་དབྱིན་ཡུལ་གྱི་ཁེ་ལས་ ༡༠༠༠ ལྷག་གསར་འཛུགས་བྱས་ཏེ། རྒྱ་གར་གྱི་ཡུལ་མི་ ༥༠༠༠༠ ལྷག་ལ་ལས་ཀ་སྤྲོད་བཞིན་ཡོད་པ་དང་། དབྱིན་ཡུལ་ནང་རྒྱ་གར་གྱི་ཁེ་ལས་ ༧༠༠ ཙམ་བཙུགས་བཙུགས་ཏེ་དབྱིན་ཡུལ་གྱི་མི་ ༡༢༠༠༠ ལྷག་ལ་ལས་ཀ་སྤྲོད་བཞིན་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། དབྱིན་ཡུལ་དང་རྒྱ་གར་ནི་འཛམ་གླིང་ཐོག་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་གཉིས་ཆགས་ ཡོད་པར་བརྟེན། དཔལ་འབྱོར་དང་ཆབ་སྲིད་ཐོག་འབྲེལ་ལམ་གོང་མཐོར་གཏོང་རྒྱུ་ནི་གལ་འགངས་ཆེ་ཤོས་ཤིག་ཆགས་ཡོད་སྟབས། ད་རེབ་འབྲེལ་ལམ་འདི་བརྒྱུད་རྒྱལ་ཁབ་གཉིས་ཀྱི་སྔར་བྱས་རྒྱབ་བསྐྱུར་དང་ཕྱིན་ཆད་རྩོད་ལེན་གྱི་སྲིད་ཇུས་ཤིག་བཟུང་ཐུབ་པ་བྱ་དགོས་ཞེས་བརྗོད་འདུག

སྐུ་ཞབས་ནཱ་རེན་ཌ་མུ་དྷེ་མཆོག་གིས་རྒྱ་གར་གཞུང་བཟུང་བ་ནས་བཟུང་། རྒྱ་གར་ནང་ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་ལཱོ་རན་ཌི་ (Laurent Fabius) དང་། ཨུ་རུ་སུའི་སྲིད་བློན་གཞོན་པ་རོ་གྷོ་ཛིན་ (Dmitry Rogozin)། རྒྱ་ནག་གི་ཕྱི་སྲིད་ཝང་ཡི་སོགས་སྐོར་སྐྱོད་ཀྱིས་ཚོང་དོན་དང་དམག་དོན་གྲོས་མཐུན་བཞག་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese