ཟླ་འདིའི་ཕྱི་ཚེས་ ༧ ཉིན་སི་ཁྲོན་མཛོད་དགེ་རྫོང་བན་ཡུལ་སྡེ་བའི་བོད་མི་བཅུ་གྲངས་ཤིག་ལ་ཉེན་རྟོག་པས་གཅར་རྡུང་བཏང་སྟེ་རྨས་སྐྱོན་ཕོག་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༧ ཉིན་སི་ཁྲོན་མཛོད་དགེ་རྫོང་བན་ཡུལ་སྡེ་བའི་གཞུང་ལམ་ཁྲལ་བསྡུ་ས་ཚིགས་ཀྱི་ལས་བྱེད་པས། མཆོད་རྟེན་བསྐྱར་བཞེངས་ཀྱི་རྒྱུ་ཆ་འདྲུད་པའི་སྐྱེལ་འདྲེན་རླངས་འཁོར་ཞིག་བཀག་འགོག་བྱས་ཡོད་སྟབས། སྡེ་བའི་མགོ་ཁྲིད་དང་ཡུལ་མི་རྒན་པ་ཚོས་གཞུང་གི་ཆོག་མཆན་དཔང་ཡིག་སོགས་བསྟན་ཏེ། རླངས་འཁོར་དེ་འགྲོ་རུ་འཇུག་དགོས་པའི་རེ་སྐུལ་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པ་མང་པོ་བསླེབས་ནས་མི་མང་ལ་གང་བྱུང་གཅར་རྡུང་བྱས་ཏེ། མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཕོག་ནས་མཛོད་དགེ་རྫོང་སྨན་ཁང་དུ་བསྐྱལ་ཡོད་པ་མ་ཟད། བོད་མི་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ཁྲིན་ཏུའུར་མྱུར་སྐྱོབ་བྱེད་དུ་ཕྱིན་ཡོད་ཀྱང་། ད་ལྟའི་ཆར་ཁོང་ཤི་གསོན་གང་ཡིན་ཤེས་རྟོགས་ཐུབ་མི་འདུག
Â
གསར་འགོད་པ། པདྨ་མཚོ།
༈སི་ཁྲོན་དང་ཡོ་ནན་སོགས་ནི་བོད་མིང་མནན་ཏེ་རྒྱ་མིང་བཏགས་པ་ལས་བོད་ཀྱི་མིང་མ་རེད་ང་ཚོའ་ལབ་དགོས་པ་དང་བྲི་དགོས་པ་ནི་དཔེར་ན་དཀར་མཛེས་ས་ཁུལ་མཛོད་དགེ་རྫོང་ལྟ་བུ་བྲི་རོགས་གནང།